༢༠༢༢ ལོའི་ཧྥ་རན་སིའི་སྲིད་འཛིན་འོས་བསྡུ་ཆེན་མོ།
ཟླ་འདིའི་ཚེས་༡༠ ཉིན་ཧྥ་རན་སིའི་སྲིད་འཛིན་གྱི་སྔོན་འགྲོའི་འོས་བསྡུ་བྱས་ཡོད་པ་མ་ཟད། ཐེངས་འདིའི་འོས་བསྡུའི་སྐབས་ཧྥ་རན་སིའི་སྲིད་འཛིན་ལས་ཐོག་མེཀ་རོན་བརྩིས་པའི་འོས་མི་གྲངས་༡༢ ཡོད་པ་དང་། འོས་མི་རྣམས་ལ་འོས་གྲངས་གསུམ་ཆ་གཉིས་ལས་ཉུང་བ་ཡོད་ཚེ། འོས་གྲངས་མཐོ་ཤོས་ཐོབ་མཁན་འོས་མི་གཉིས་ལ་ཕྱི་ཟླ་༤ པའི་ཚེས་༢༤ ཉིན་ལ་དངོས་གཞིའི་འོས་བསྡུ་བྱེད་རྒྱུ་ཡིན་འདུག

སྔོན་འགྲོའི་འོས་བསྡུའི་སྐབས། འོས་གྲངས་མཐོ་ཤོས་ཐོབ་མཁན་ད་ལྟའི་སྲིད་འཛིན་ལས་ཐོག་མེཀ་རོན་ལ་འོས་གྲངས་བརྒྱ་ཆ་ ༢༧་༣༢ དང་། འོས་གྲངས་མཐོ་ཤོས་གཉིས་པ་ཐོབ་མཁན་ཧྥ་རན་སིའི་གྲོས་ཚོགས་མཐུན་མི་ལྕམ་(Marine Le Pen) ལ་འོས་གྲངས་བརྒྱ་ཆ་༢༣་༩༧ དང་། དེ་བཞིན་འོས་གྲངས་མཐོ་ཤོས་གསུམ་པ་ཐོབ་མཁན་སྲིད་དོན་པ་སྐུ་ཞབས་(Jean-Luc Mélenchon) ལ་འོས་གྲངས་བརྒྱ་ཆ་༢༡་༧ ཐོབ་ཡོད་པ་སྦི་སྦི་གསར་ཁང་གིས་གནས་ཚུལ་སྤེལ་འདུག
ད་ལྟ་ཨུ་རུ་སུ་དང་ཡུ་ཀེ་རེན་གྱི་དམག་འཁྲུག་གི་དུས་སྐབས་དེར། རྒྱལ་སྤྱིའི་སྤྱི་ཚོགས་དང་ཡུ་རོབ་རྒྱལ་ཁབ་ཁག་ལ་མཚོན་ན། ཧྥ་རན་སིའི་སྲིད་འཛིན་གྱི་འོས་བསྡུ་དེ་ནི་གནད་དགག་ཆེན་པོ་ཞིག་ཆགས་བཞིན་ཡོད་པ་མ་ཟད། སྲིད་འཛིན་མེཀ་རོན་ལ་མཚོན་ན་ཡུ་རོབ་མཐུན་ཚོགས་དང་བྱང་ཆིངས་སྒྲིག་འཛུགས་(NATO) ཀྱི་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་གྱི་ཉེས་ཆད་བཅད་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཡིན་པར་བརྟེན། ཁ་གཏད་སྲིད་འཛིན་འོས་མི་ལྕམ་(Marine Le Pen) གྱིས་ལས་ཐོག་སྲིད་འཛིན་གྱི་ཐག་ཆོད་དེས་ཧྥ་རན་སིའི་མི་མང་རྣམས་ཀྱི་འཚོ་སྡོད་ལ་ཤུགས་རྐྱེན་ཡོང་སྲིད་པའི་བློ་འཚབ་བྱེད་བཞིན་ཡོད་འདུག
ད་རེས་སྲིད་འཛིན་གྱི་དངོས་གཞིའི་འོས་མི་སྲིད་འཛིན་མེཀ་རོན་དང་། གྲོས་ཚོགས་མཐུན་མི་ལྕམ་(Marine Le Pen) གཉིས་ཀྱི་བར་ལ་འོས་གྲངས་ཁྱད་པར་ཆེན་པོ་ཤོར་མེད་པ་དང་། ཐེངས་འདིའི་སྲིད་འཛིན་ལས་ཐོག་མེཀ་རེན་ལ་མཚོན་ན་སྔོན་འགྲོ་འོས་བསྡུའི་སྐབས་འོས་གྲངས་མཐོ་ཤོས་ཐོབ་མཁན་གྱི་འོས་མི་ཞིག་ཆག་ཡོད་པ་མ་ཟད། གལ་སྲིད་ཁོང་ལ་དངོས་གཞིའི་འོས་བསྡུ་སྐབས་རྒྱལ་ཁ་ཐོབ་ཚེ། ཧྥན་རན་སིའི་ལོ་ངོ་༢༠ ནང་ལ་སྲིད་འཛིན་གྱི་དུས་ཡུན་ཐེངས་གཉིས་པ་ཐོབ་མཁན་ཐོག་མ་དེ་ཆག་གི་ཡོད་འདུག ཁོང་གི་ཁ་གཏད་འོས་མི་ལྕམ་(Marine Le Pen) ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཚེ་ཧྥ་རན་སིའི་ལོ་རྒྱུས་ནང་གི་བུད་མེད་སྲིད་འཛིན་ཐོག་མ་དེ་ཆགས་ཀྱི་ཡོད་འདུག
གསར་འགོད་པ་བསྟན་འཛིན་ཆོས་གྲགས།