༧གོང་ས་མཆོག་གི་གསུང་རྩོམ་དེབ་གྲངས་༡༡༣ མཱེ་སོར་གཙུག་ལག་ཁང་གི་དཔེ་མཛོད་དུ་བཞག་འདུག

ཟླ་འདིའི་ཚེས་༢༩ ཉིན་༧གོང་ས་མཆོག་གི་གསུང་རྩོམ་སློབ་སྦྱོང་བྱ་རྒྱུའི་ཁོར་ཡུག་བསྐྲུན་ཆེད་དུ་༧གོང་ས་མཆོག་གི་གསུང་རྩོམ་དེབ་གྲངས་༡༡༣ མཱེ་སོར་གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོན་དུ་བཞག་འདུག

ཟླ་འདིའི་ཚེས་༢༩ ཉིན་༧གོང་ས་མཆོག་གི་གསུང་རྩོམ་སློབ་སྦྱོང་བྱ་རྒྱུའི་ཁོར་ཡུག་བསྐྲུན་ཆེད་དུ་༧གོང་ས་མཆོག་གི་གསུང་རྩོམ་དེབ་གྲངས་༡༡༣ མཱེ་སོར་གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོན་དུ་བཞག་འདུག

མཱེ་སོར་གཙུག་ལག་སློབ་གཉེར་ཁང་དུ་༧གོང་ས་མཆོག་གི་གསུང་རྩོམ་སློབ་སྦྱོང་བྱ་རྒྱུའི་ཁོར་ཡུག་བསྐྲུན་རྒྱུའི་ཆེད་དུ་གཞན་ཕན་ཐེབས་རྩའི་ཚོགས་གཙོ་དབུས་པའི་ཚོགས་མི་ཡོངས་དང་མཱེ་སོར་བོད་ཁང་གི་ལས་བྱེད་རྣམས་ཀྱིས་ལོ་ངོ་ཧྲིལ་བོ་གཅིག་ལྷག་གི་རིང་འབད་བརྩོན་ཧུར་ཐག་བྱས་པའི་གྲུབ་འབྲས་སུ། ཟླ་འདིའི་ཚེས་༢༩ ཉིན་དབྱིན་ཡིག་ནང་དུ་ཡོད་པའི་༧གོང་ས་མཆོག་གི་གསུང་རྩོམ་དེབ་གྲངས་༡༡༣ མཱེ་སོར་གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོད་དུ་དངོས་སུ་འཇོག་པའི་མཛད་སྒོ་ཚོགས་ཡོད་འདུག

སྐབས་དེའི་མཛད་སྒོ་ཡི་ཐོག་ཏུ་སྐུ་མགྲོན་གཙོ་བོར་ནང་སྲིད་བཀའ་ཟུར་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་དང་། མཱེ་སོར་གཙུག་ལག་སློབ་ཁང་གི་འཛིན་སྐྱོང་འགན་འཛིན། སེར་བྱེས་བྱ་བྲལ་སྤྱི་རྒན་ཆེན་མོ་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་སྨན་ལྷ། དེ་བཞིན་གཞན་ཕན་ཐེབས་རྩའི་ཚོགས་གཙོ་བསོད་ནམས་ཕུན་ཚོགས་དང་། གཞན་ཕན་ཐེབས་རྩའི་ལས་འཆར་འགན་འཛིན་ཐུབ་བསྟན་རྒྱལ་མཚན། དྲུང་ཡིག་དཀོན་མཆོག་སྒྲོལ་མ་དང་། མཱེ་སོར་བོད་ཁང་གི་འགན་འཛིན་བློ་བཟང་ཚེ་དཔག་གཙོས་ལས་བྱེད་རྣམས་དང་། མཱེ་སོར་གཙུག་ལག་སློབ་ཁང་གི་དཔེ་མཛོད་འགན་འཛིན་གཙོས་པའི་ལས་བྱེད་རྣམས། གཞན་ཡང་སློབ་ཕྲུག་བཅས་མཉམ་འཛོམས་བྱས་ཡོད་འདུག

གཞན་ཡང་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་ཟུར་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས་ཀར་ན་ཊ་ཀ་མངའ་སྡེ་ནི་བོད་མི་རྣམས་བཙན་བྱོལ་དུ་ཡོང་ནས་བཟུང་བོད་མི་མང་པོའི་གནས་སྡོད་བྱེད་ས་ཞིག་ཡིན་པས་མངའ་སྡེ་གཞུང་དང་མི་མང་རྣམས་ནི་བོད་མི་ཚོ་ལ་བཀའ་དྲིན་ཆེན་མོ་ཡིན་པའི་སྐོར་དང་། ལྷག་པར་དུ་མཱེ་སོར་གཙུག་ལག་སློབ་གཉེར་ཁང་གིས་༧གོང་ས་མཆོག་གི་གསུང་རྩོམ་སློབ་གཉེར་བྱེད་རྒྱུའི་གོ་སྐབས་བསྐྲུན་པ་དེ་ཧ་ཅང་གི་དགའ་འོས་པ་དང་བཀའ་དྲིན་ཆེན་མོ་ཡིན་རབས་དང་། གཞན་ཡང་གཙུག་ལག་སློབ་གཉེར་ཁང་གིས་ཉེ་ཆར་སེར་བྱེས་མཁས་སྙན་གྲྭ་ཚང་གི་སློབ་གཉེར་བ་ཚོར་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པ། སེམས་ཁམས་རིག་པ་བཅས་བསླབ་གཞི་གསུམ་གྱི་སློབ་ཚན་ཐོག་ལ་རྒྱལ་སྤྱིར་ངོས་འཛིན་ཡོད་པའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡོན་གནས་ཀྱི་ངོས་འཛིན་ཕྱག་འཁྱེར་འབུལ་རྒྱུའི་གན་རྒྱ་བཞག་ཡོད་པ་སོགས་མྰེ་སོར་གཙུག་ལག་སློབ་གཉེར་ཁང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ཤེས་ཡོན་གྱི་སྡེ་ཚན་ཁག་ལ་རྒྱབ་སྐྱོར་གནང་བ་དེ་བཀའ་དྲིན་ཆེན་མོ་ཡིན་སྐོར་གྱི་བཀའ་སློབ་གནང་ཡོད་འདུག

མཱེ་སོར་གཙུག་ལག་སློབ་གཉེར་ཁང་ནི་རྒྱ་གར་ལྷོ་ཕྱོགས་མཱེ་སོར་ལ་ཡོད་པ་དང་། གཙུག་ལག་སློབ་གཉེར་ཁང་དེ་བཙུགས་ནས་ད་བར་ལོ་ངོ་༡༠༦ ཕྱིན་ཡོད་པ་མ་ཟད་རྒྱ་གར་གྱི་ནང་དུ་གཙུག་ལག་སློབ་གཉེར་ཁང་ཆེ་ཤོས་དང་རྙིང་ཤོས་གྲས་ཤིག་ཀྱང་རེད་འདུག གཙུག་ལག་སློབ་གཉེར་ཁང་དེའི་ནང་རྒྱལ་ཁབ་འདྲ་མིན་༥༢ ལྷག་ནས་ཕེབས་པའི་སློབ་གཉེར་བ་ཡོད་པས་གཙུག་ལག་སློབ་གཉེར་ཁང་དེ་ཡང་རྒྱལ་སྤྱིའི་རང་བཞིན་ལྡན་པ་ཞིག་རེད་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།