༧གོང་ས་མཆོག་གིས་རང་བཙན་རྩོད་ཀྱི་མེད་པ་བསྐྱར་ནན་གནང་འདུག

༧གོང་ས་མཆོག་གིས་བོད་ཀྱི་རང་བཙན་རྩོད་ཀྱི་མེད་ཀྱང་། རྒྱ་ནག་གཞུང་གིས་མུ་མཐུད་ནས་ཁོང་ལ་ཁ་བྲལ་རིང་ལུགས་པར་བརྩི་ཡི་ཡོད་སྐོར་དང་། དེ་བཞིན་ནིའུ་ཛེ་ལན་ཌའི་སྲིད་བློན་གྱིས་ཉེ་ཆར་རྒྱལ་ཁབ་དེའི་ནང་འཇིགས་སྐུལ་རིང་ལུགས་པའི་དྲག་རྒོལ་གྱི་གནད་དོན་བྱུང་སྐབས། བྱམས་སྙིང་རྗེའི་ཐབས་ལམ་བསྟེན་པར་བསྔགས་བརྗོད་གནང་འདུག

༧གོང་ས་མཆོག་གིས་བོད་ཀྱི་རང་བཙན་རྩོད་ཀྱི་མེད་ཀྱང་། རྒྱ་ནག་གཞུང་གིས་མུ་མཐུད་ནས་ཁོང་ལ་ཁ་བྲལ་རིང་ལུགས་པར་བརྩི་ཡི་ཡོད་སྐོར་དང་། དེ་བཞིན་ནིའུ་ཛེ་ལན་ཌའི་སྲིད་བློན་གྱིས་ཉེ་ཆར་རྒྱལ་ཁབ་དེའི་ནང་འཇིགས་སྐུལ་རིང་ལུགས་པའི་དྲག་རྒོལ་གྱི་གནད་དོན་བྱུང་སྐབས། བྱམས་སྙིང་རྗེའི་ཐབས་ལམ་བསྟེན་པར་བསྔགས་བརྗོད་གནང་འདུག

རྒྱལ་སྤྱི་དང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་༣ པའི་ཚེས་༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་སུ། ༧གོང་ས་མཆོག་གིས་“ཕྱི་ལོ་༡༩༧༤ ལོར་ང་ཚོས་རང་བཙན་མི་རྩོད་རྒྱུ་ཐག་བཅད་ནས། ཕྱོགས་གཉིས་བར་མོས་མཐུན་བྱེད་ཐུབ་རྒྱུ་ཡོད་པའི་ཐབས་ལམ་བསྟེན་རྒྱུ་བྱས་པ་རེད། ཕྱི་ལོ་༡༩༧༩ ལོར་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བྱས་པ་རེད། དེར་བརྟེན་ང་ཚོའི་ངོས་ནས་ག་དུས་ཡིན་ཡང་གྲ་སྒྲིག་ཡིན་”ཞེས་གསུངས་ནས། ཕྱོགས་གཉིས་བར་མོས་མཐུན་ཡོང་བའི་ཆ་རྐྱེན་འོག་བོད་དེ་རྒྱ་ནག་གི་ནང་དུ་གནས་རྒྱུར་འདོད་པ་ཡོད་སྐོར་གསུངས་འདུག

དེ་བཞིན་༧གོང་ས་མཆོག་གིས་ཁོང་ནི་ཁ་བྲལ་རིང་ལུགས་པ་ཞིག་མིན་ཡང་། རྒྱ་ནག་གཞུང་གིས་དེ་ལྟར་བརྩི་ཡི་ཡོད་པས། རྒྱ་ནག་གཞུང་གིས་ཁོང་བོད་ཀྱི་རང་བཙན་རྩོད་དགོས་པ་འདོད་ཀྱི་ཡོད་པ་རེད་ཅེས་ཀུ་རེའི་ཐོག་ནས་གསུངས་འདུག

དེ་བཞིན་༧གོང་ས་མཆོག་གིས་ཉེ་བའི་ཆར་ནིའུ་ཛེ་ལན་ཌ་ནང་དུ་མི་རིགས་དཀར་པོའི་རིང་ལུགས་ལྟ་མཁྲེགས་འཛིན་མཁན་འཇིགས་སྐུལ་དྲ་སྤྱོད་པ་ཞིག་གིས། ཁ་ཆེའི་ལྷ་ཁང་གཉིས་ནང་མེ་མདའི་དྲག་སྤྱོད་སྤེལ་ཏེ་མི་༥༠ བསད་པའི་གནད་དོན་དང་འབྲེལ་ནས་གསུང་དོན་དུ། གནད་དོན་དེ་ལྷག་རྗེས་རྒྱལ་ཁབ་དེའི་སྲིད་བློན་གྱིས་བྱམས་སྙིང་རྗེའི་ཐབས་ལམ་ལ་བརྟེན་ནས་ལས་དོན་སྤེལ་བར་བསྔགས་བརྗོད་གནང་འདུག ཁོང་གིས་“སྲིད་བློན་ཁོང་གིས་དཀའ་ངལ་དེ་འཚེ་བ་མེད་པ་དང་བྱམས་སྙིང་རྗེ། དེ་བཞིན་ཕྱོགས་ཕན་ཚུན་བར་གུས་བརྩི་ཐོག་ནས་སེལ་ཐབས་བྱས་ཡོད་པས། ངོས་ཀྱིས་ཁོང་ལ་རྗེས་སུ་ཡི་རངས་ཞུ་ཡི་ཡོད། དེ་ནི་མིག་ངོས་སུ་ཡོད་པའི་མིག་དཔེ་བཟང་པོ་ཞིག་རེད་”ཅེས་གསུངས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Leave a Reply

Your email address will not be published. Required fields are marked *