༧གོང་ས་མཆོག་གི་རི་མོའི་བྱིས་སྒྲུང་ཞིག་དཔར་སྐྲུན་བྱེད་འཆར།
ཟླ་འདིའི་ཚེས་༢༤ ཉིན་ཨ་རིའི་བདུན་རེའི་དཔར་སྐྲུན་གསར་འགྱུར་ཁང་(Publisher Weekly) གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་ནང་སྙན་གྲགས་ཆེ་བའི་Penguin དཔར་སྐྲུན་ཁང་གི་ཡན་ལག་བྱིས་སྒྲུང་སྡེ་ཚན་Kokila(ལོ་སྔོན་མར་གསར་དུ་བཙུགས་པ་ཞིག་ཡིན།)ཡིས་༧གོང་ས་མཆོག་གི་རི་མོའི་བྱིས་སྒྲུང་ཐོག་མ་<<བྱམས་བརྩེའི་ས་བོན>>ཞེས་པ་ཞིག་ལོ་རྗེས་མའི་ཟླ་༣ ཚེས་༢༤ ཉིན་དངོས་སུ་དཔར་སྐྲུན་འགྲེམས་སྤེལ་བྱེད་གཏན་འཁེལ་ཡོད་འདུག
ཟླ་འདིའི་ཚེས་༢༤ ཉིན་ཨ་རིའི་བདུན་རེའི་དཔར་སྐྲུན་གསར་འགྱུར་ཁང་(Publisher Weekly) གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་ནང་སྙན་གྲགས་ཆེ་བའི་Penguin དཔར་སྐྲུན་ཁང་གི་ཡན་ལག་བྱིས་སྒྲུང་སྡེ་ཚན་Kokila(ལོ་སྔོན་མར་གསར་དུ་བཙུགས་པ་ཞིག་ཡིན།)ཡིས་༧གོང་ས་མཆོག་གི་རི་མོའི་བྱིས་སྒྲུང་ཐོག་མ་<<བྱམས་བརྩེའི་ས་བོན>>ཞེས་པ་ཞིག་ལོ་རྗེས་མའི་ཟླ་༣ ཚེས་༢༤ ཉིན་དངོས་སུ་དཔར་སྐྲུན་འགྲེམས་སྤེལ་བྱེད་གཏན་འཁེལ་ཡོད་འདུག
དེབ་དེའི་ནང་༧རྒྱལ་བ་རིན་པོ་ཆེའི་སྐུ་ན་ཕྲ་བའི་སྐབས་ཀྱི་སྐུའི་མྱོང་བ་རྣམས་དང་། དེ་ནས་ནང་པའི་དགེ་སློང་དུ་གྱུར་ཏེ་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་སྐྲུན་པ་ལ་ཉེ་བར་མཁོ་བའི་ཡོན་ཏན་དག་སྟེ། བྱམས་སྙིང་རྗེ་དང་། འཚེ་མེད་ཞི་བ་སོགས་ལ་ཐོས་བསམ་སྒོམ་གསུམ་མཛད་པའི་སྐོར་འཁོད་ཡོད་འདུག
དེ་ཡང་༧གོང་ས་མཆོག་ལ་ཐོག་མར་བྱིས་སྒྲུང་དེ་ལྟ་བུ་ཞིག་རྩོམ་དགོས་པའི་བསམ་ཚུལ་ཞུ་མཁན་ནི། Kokila བྱིས་སྒྲུང་སྡེ་ཚན་གྱི་དཔར་སྐྲུན་འགན་འཛིན་Namrata Tripathi ཡིན་འདུག་སྟེ། ཁོང་གིས་༧རྒྱལ་བ་རིན་པ་ཆེ་ལ་ཞུ་འཕྲིན་ཞིག་ཕུལ་ནས་བྱིས་པ་ཚོའི་བཟང་པོའི་ཡོན་ཏན་རྣམས་སྐྱེད་སྲིང་བྱེད་པ་ལ་རབ་ཏུ་མཁོ་ཞིང་ཕན་པའི་དེབ་ཅིག་ལྗགས་རྩོམ་གནང་བའི་འབོད་སྐུལ་ཞུས་པ་ལྟར། ༧རྒྱལ་བ་རིན་པ་ཆེས་ཀྱང་<<བྱམས་བརྩེའི་ས་བོན>>ཞེས་པའི་བྱིས་སྒྲུང་དེ་བརྩམས་ཡོད་འདུག་ཅིང་། དཔར་སྐྲུན་འགན་འཛིན་Namrata Tripathi ཡིས་ཕྱི་ལོ་༢༠༠༣ ལོར་ཐོག་མར་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་སྐབས། ཁོང་གི་དགོངས་པ་དང་ཐུགས་བརྩེ་ཟབ་མོས་མོ་ལ་བཟང་པོའི་ཤུགས་རྐྱེན་ཐེབས་པ་ལྟར། དེབ་དེས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་སེམས་ཤུགས་སྐྱེད་པའི་རེ་བ་བྱེད་ཀྱི་ཡོད་འདུག
དཔར་སྐྲུན་འགན་འཛིན་ཁོང་གིས་དེབ་དེའི་དགོས་དམིགས་དང་ཤུགས་རྐྱེན་དང་འབྲེལ་བའི་ཐོག་ལ་བརྗོད་དོན། “༧རྒྱལ་བ་རིན་པོ་ཆེ་ལ་དངོས་སུ་མཇལ་ཁ་ཞུ་བའི་སྐད་ཅིག་མ་དེས་ང་ལ་བག་ཆགས་ཧ་ཅང་ཟབ་མོ་ཞིག་བཞག་སོང་། དེས་ང་ལ་རང་ཉིད་མི་སྒེར་ཞིག་གི་ངོས་ནས་འཛམ་གླིང་ལ་བཟང་པོའི་འགྱུར་བ་གཏོང་བའི་ནུས་པ་ཞིག་ཡོད་པའི་ཐད་ལ་སླར་ཡང་བསམ་བློ་གཏོང་དུ་བཅུག་བྱུང་། རྒྱུ་མཚན་ནི་ཁོང་གིས་ང་ལ་ནུས་པ་དེ་ཡོད་པའི་ཡིད་ཆེས་གནང་གི་ཡོད། <<བྱམས་བརྩེའི་ས་བོན>>བཀླགས་པར་བརྟེན་ནས་རྒྱ་ཆེའི་ན་གཞོན་ཀློག་པ་པོ་ཚང་མ་ལ་དེ་ལྟ་བུའི་མྱོང་ཚོར་ཟབ་བོ་ཞིག་སྐྱེ་བ་དེ་ངའི་རེ་བ་ཡིན། ཨ་ཅང་ཅང་། མི་ཚང་མས་བཟང་པོའི་འགྱུར་བ་གཏོང་ཐུབ་པ་དེ་བདེན་ཡང་། བསླབ་བྱ་དེ་༧ཏཱ་ལའི་བླ་མ་མཆོག་གི་གསུང་ལ་བྱུང་དུས། དམིགས་བསལ་གྱི་ཕན་ནུས་ཡོང་གི་འདུག”
བྱམས་བརྩེ་ནི་ཆོས་ལུགས་དང་། མི་རིགས། རིག་གཞུང་སོགས་ཀྱི་རྒྱབ་ལྗོངས་ལས་བརྒལ་བའི་འགྲོ་བ་མིའི་ཡོན་ཏོན་ཞིག་ཡིན་པ་བརྗོད་བྱར་བཟུང་བའི<<བྱམས་བརྩེའི་ས་བོན>>ཞེས་པའི་བྱིས་སྒྲུང་གསར་པ་འདིའི་རི་མོ་འབྲི་མཁན་ནི་ཨ་རིའི་གྲོང་ཁྱེར་Houston དུ་འཚོ་སྡོད་བྱེད་པའི་ཝི་ཏྲི་ནམ་གྱི་སྒྱུ་རྩལ་བ་Bao Luu ཡིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།