༧གོང་ས་མཆོག་གིས་རྒྱ་གར་ཀེ་ར་ལཱའི་ཆུ་ལོག་གི་གནོད་འཚེ་ཐེབས་པའི་མི་མང་ལ་ཐུགས་གསོའི་གསུང་འཕྲིན་གནང་།

 འདས་པའི་ཉིན་འགའི་རིང་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་ར་ལཱ་(Kerala) རུ་དྲག་ཆར་ཚད་མེད་བབས་ནས་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་བྱུང་བའི་ནང་། མ་མཐར་ཡང་མི་མང་༢༢ ཀྱི་ཚེ་སྲོག་ཤོར་བར་བརྟེན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་རང་བྱུང་གི་གནོད་འཚེ་ཐེབས་པའི་མི་མང་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་ཀྱི་གསུང་འཕྲིན་བསྩལ་འདུག 

དེ་རིང་ཀེ་ར་ལཱའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པི་ནཱ་ར་ཡི་ཝི་ཇེ་ཡན་(Shri Pinarayi Vijayan) ལ་བསྩལ་བའི་གསུང་འཕྲིན་ནང་། ༧རིན་པོ་ཆེ་མཆོག་གིས་“ངོས་ཀྱིས་སྐུ་ཉིད་དང་། ཆུ་ལོག་གི་གོད་ཆག་འོག་འདས་གྲོངས་སུ་གྱུར་བའི་ཤུལ་ལུས་ནང་མི་སྤུན་མཆེད་དང་། ཆུ་ལོག་གི་གོད་ཆག་ཐེབས་པ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་”ཞེས་གསུངས་འདུག 

གཞན་ཡང་། གསུང་འཕྲིན་ནང་༧རིན་པོ་ཆེ་མཆོག་གིས་མངའ་སྡེའི་གཞུང་དང་འབྲེལ་ཡོད་དཔོན་རིགས་ཁག་ནས་དཀའ་ངལ་འཕྲད་པའི་ཉམ་ཐག་རྣམས་ལ་རོགས་རམ་གང་ཐུབ་ཅི་ནུས་བྱེད་ཀྱི་ཡོད་པ་མཁྱེན་གྱི་ཡོད་པ་དང་། ཁོང་ནས་“གདུང་སེམས་མཉམ་སྐྱེད་”མཚོན་བྱེད་དུ་ཏཱ་ལའི་བླ་མ་དགེ་རྩ་ཚོགས་པ་བརྒྱུད་དེ་ཞལ་འདེབས་གནང་རྒྱུ་ཡིན་སྐོར་ཡང་གསུངས་འདུག 

༡༩༥༩ ལོར་རྒྱ་ནག་གིས་བོད་ས་ཡོངས་རྫོགས་མངོན་སུམ་འཛེམ་མེད་ཀྱིས་བཙན་འོག་ཏུ་བསྡུས་པའི་རྗེས། ༧གོང་ས་མཆོག་བོད་ནས་རྒྱ་གར་ལ་བཙན་བྱོལ་ལ་ཕེབས་པ་དང་། འདས་པའི་ལོ་ངོ་༦༠ ལྷག་གི་རིང་ལ་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་(Himachal Pradesh) མངའ་སྡེའི་རི་གྲོང་དྷ་སར་བཞུགས་ནས་ཡོད་ཅིང་། ༢༠༡༡ ལོར་ཁོང་གིས་ཆབ་སྲིད་ཀྱི་ལས་འགན་ཡོངས་སུ་འོས་བསྡུའི་ལམ་ནས་འདེམས་ཐོན་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བ་ནས་བཟུང་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་འཆམ་འཐུན། གནའ་བོའི་རྒྱ་གར་གྱི་རིག་གནས་བསྐྱར་གསོ་ལ་སོགས་པའི་མཛད་འཕྲིན་རླབས་ཆེན་རྣམས་བསྐྱངས་དང་སྐྱོང་མུས་སུ་བཞུགས་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།