༧གོང་ས་མཆོག་གིས་རྒྱ་གར་གྱི་མི་སྣ་གལ་ཆེན་གསུམ་ལ་གཟིམ་ཆུང་མཇལ་ཁ་གནང་བ། 

དེ་རིང་སྔ་དྲོར་༧གོང་ས་མཆོག་གིས་རྒྱ་གར་གྱི་ཚོགས་པ་ཆེ་ཤོས་ཏེ། རྒྱ་གར་རྒྱལ་ཡོངས་དང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་(RSS) ཚོགས་གཙོ་མོ་ཧན་བྷག་ཝ་ཊི་(Mohan Bhagwat) དང་། འགོ་འཁྲིད་རྒན་གྲས་ཨིན་དྷི་རེ་ཤི་ཀོ་མར་(Indresh Kumar) དེ་བཞིན་ཚོགས་པའི་བྱང་ཕྱོགས་སྤྱི་ཁྱབ་པ་བཅས་ལ་དམིགས་བསལ་གཟིམ་ཆུང་མཇལ་ཁ་དང་བཀའ་སློབ་བཅས་བསྩལ་གནང་འདུག

དེ་རིང་སྔ་དྲོར་༧གོང་ས་མཆོག་གིས་རྒྱ་གར་གྱི་ཚོགས་པ་ཆེ་ཤོས་ཏེ། རྒྱ་གར་རྒྱལ་ཡོངས་དང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་(RSS) ཚོགས་གཙོ་མོ་ཧན་བྷག་ཝ་ཊི་(Mohan Bhagwat) དང་། འགོ་འཁྲིད་རྒན་གྲས་ཨིན་དྷི་རེ་ཤི་ཀོ་མར་(Indresh Kumar) དེ་བཞིན་ཚོགས་པའི་བྱང་ཕྱོགས་སྤྱི་ཁྱབ་པ་བཅས་ལ་དམིགས་བསལ་གཟིམ་ཆུང་མཇལ་ཁ་དང་བཀའ་སློབ་བཅས་བསྩལ་གནང་འདུག

གཟིམ་ཆུང་མཇལ་ཁ་གྲོལ་རྗེས། གསར་འགོད་པས་སྐུ་ཞབས་ཨིན་དྷི་རེ་ཤི་ཀོ་མར་ལ་མཇལ་ཁའི་བཀའ་སློབ་ཅི་བསྩལ་སྐོར་འདྲི་པར། ཁོང་གིས་༧གོང་ས་མཆོག་གིས་རྒྱ་གར་ནི་འཛམ་གླིང་ཡོངས་ཀྱི་ཆོས་ལུགས་མཐུན་སྒྲིལ་གྱི་མིག་དཔེ་ལྟ་བུ་ཞིག་ཆགས་ཡོད་པ་ལྟར། རྒྱ་གར་གཞུང་མང་གཉིས་ཀྱིས་རང་ཉིད་ཀྱི་དམིགས་བསལ་གྱི་ཁྱད་ཆོས་དེ་ཉིད་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་བསྩལ་ཡོད་སྐོར་གསུངས་བྱུང་བ་དང་།  མཇལ་ཁའི་སྐབས་སུ་སྐུ་ཞབས་ཨིན་དྷི་རེ་ཤི་ཀོ་མར་མཆོག་གིས་ཀྱང་༧གོང་ས་མཆོག་ལ་རྒྱ་གར་གྱིས་མུ་མཐུད་བོད་མི་རྣམས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་སྙན་གསེང་ཞུས་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་དེ་རིང་གི་དམིགས་བསལ་མཇལ་ཁ་དེ་རྒྱ་གར་མི་མང་གི་བདེ་དོན་དང་འབྲེལ་བ་ཆགས་ཡོད་པས། ཁོང་དངོས་སུ་མཇལ་ཁར་བཅར་མེད་ན་ཡང་། “ནང་དོན་གཙོ་བོ་དེ། འགྲོ་བ་མི་ལ་ཕན་པ་དེ་འདྲའི་སྐོར་ལ་མ་གཏོགས་གཞན་པའི་བཀའ་མོལ་གནང་ཡོད་རྒྱུ་མ་རེད། འཛམ་བུ་གླིང་སྤྱི་ལ་ཕན་པའི་བཀའ་མོལ་དེ་འདྲ་བོ་གནང་ཡོད་རྒྱུ་རེད་བསམ་གྱི་འདུག་”ཅེས་གསུངས་བྱུང་། 

ཟླ་འདིའི་ཚེས་༡༩ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་བསྟན་འཕེལ་གཉིས་ཀྱིས་རྒྱ་གར་འགོ་ཁྲིད་ཁོང་རྣམ་པ་གསུམ་ལ་མཇལ་འཕྲད་གནང་བ་དང་། དེའི་སྐབས་ལ་སྲིད་སྐྱོང་གིས་བོད་མིའི་ཚབ་ཞུས་ནས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་ཆེ་ཞུས་པའི་ཐོག རྒྱ་གར་གྱི་འགོ་ཁྲིད་ཁོང་གསུམ་ལ་རྒྱ་ནག་གི་བཙན་འཛུལ་གོང་དུ་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་དངོས་ཡོད་ལ་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུས་ཡིན་སྐོར་སྲིད་སྐྱོང་གིས་གསར་འགོད་པར་འགྲེལ་བརྗོད་གནང་འདུག དེ་བཞིན་མཇལ་འཕྲད་དེའི་སྐབས་ཁོང་ཚོས་དེ་སྔ་བོད་རང་བཙན་གྱི་གནས་བབ་ལ་རྒྱབ་སྐྱོར་ཡོད་སྐོར་གསུངས་འདུག་པ་དང་། སྲིད་སྐྱོང་གིས་འཕགས་བོད་གཉིས་ཀྱི་འབྲེལ་བ། རྒྱ་གར་ནི་བོད་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པའི་སྐོར་ཞུས་སྐབས་ཁོང་གིས་བོད་མི་ཚོས་ལངས་ཕྱོགས་ག་རེ་བཟུང་བ་ཡིན་ནའང་དེར་རྒྱབ་སྐྱོར་ཡོད་སྐོར་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།