༧གོང་ས་མཆོག་གིས་ལོ་རྒྱུས་ཐོག་ནས་བོད་རང་བཙན་གང་འདྲ་བསྒྲུབ་དགོས་མིན་ཐོག་སློབ་གཉེར་དགོས་སྐོར་གསུངས།

ཟླ་འདིའི་ཚེས་༡༩ ཉིན་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༧ པ་གྲོལ་ནས་ཉིན་གཉིས་ཀྱི་རྗེས། ༧གོང་ས་མཆོག་གིས་དྷ་སའི་ཕོ་བྲང་དུ་ཚོགས་ཞུགས་པ་ཚོར་མཇལ་ཁ་གནང་ཡོད་པ་དང་། ཚོགས་ཞུགས་པ་ཁག་ཅིག་ས་གནས་སུ་ལོག་ཟིན་ཡོད་ནའང་། སྐབས་དེར་ཚོགས་ཞུགས་པ་དགུ་བཅུ་ཙམ་བཅར་ཐུབ་ཡོད་པ་རེད།

ཟླ་འདིའི་ཚེས་༡༩ ཉིན་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༧ པ་གྲོལ་ནས་ཉིན་གཉིས་ཀྱི་རྗེས། ༧གོང་ས་མཆོག་གིས་དྷ་སའི་ཕོ་བྲང་དུ་ཚོགས་ཞུགས་པ་ཚོར་མཇལ་ཁ་གནང་ཡོད་པ་དང་། ཚོགས་ཞུགས་པ་ཁག་ཅིག་ས་གནས་སུ་ལོག་ཟིན་ཡོད་ནའང་། སྐབས་དེར་ཚོགས་ཞུགས་པ་དགུ་བཅུ་ཙམ་བཅར་ཐུབ་ཡོད་པ་རེད།

མཇལ་ཁའི་སྐབས་བཀའ་སློབ་གནང་རྗེས། གཞོན་ལྷན་ཚོགས་གཙོ་གསར་པ་མགོན་པོ་དོན་འགྲུབ་ཀྱིས། མཇལ་ཁའི་སྐབས་བཀའ་སློབ་གང་གནང་སྐོར་གསར་འགོད་པར་ལན་འདེབས་གནང་དོན། “དེ་རིང་༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་བཀའ་སློབ་གནང་བ་དེར་དགའ་ཚོར་ཆེན་པོ་བྱུང་ལ། ཆུ་ཚོད་གཅིག་དང་སྐར་མ་ཉི་ཤུ་ཙམ་ལ་བཀའ་སློབ་ལམ་སྟོན་གནང་སོང་། ༧གོང་ས་མཆོག་གི་བཀའ་སློབ་ནང་དོན་གཙོ་བོ་བོད་ནང་ནས་མི་ཐོག་བརྗེ་འགྲོ་ཡི་ཡོད་རེད་ལ། ཁོ་རང་ཚོས་ལྷག་བསམ་ཞུམ་པ་མེད་པའི་ཐོག་ནས་དཀའ་ལས་རྒྱག་གི་ཡོད་པས། དེ་བཞིན་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོས་དཀའ་ལས་བརྒྱབ་ནས་འཐབ་རྩོད་བྱེད་དགོས་པ་རེད། ཆོས་དང་རིག་གཞུང་ཐོག་ང་ཚོས་སྤོབས་པ་བྱེད་དགོས་པ་དང་། ལྷག་པར་དུ་བོད་ཀྱི་ནང་ཆོས་དེར་འཛམ་གླིང་ཐོག་ནས་སྤོབས་པ་བྱས་ཡོང་དུས། དེ་གཅེས་སྐྱོང་དགོས་པའི་བཀའ་སློབ་ལམ་སྟོན་གནང་སོང་ལ། དེ་བཞིན་༧གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་བཞིའི་ཐོག་བཀའ་སློབ་གནང་བ་དང་། ང་རང་ཚོ་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་རྒྱལ་ཁབ་ག་འདྲ་བསྒྲུབ་ཐུབ་དང་དེ་ཡང་རྒྱ་ནག་གི་ཁོ་རང་ཚོས་བཤད་བཞག་པའི་རྒྱལ་རབས་ལ་གཞི་བཅོལ་ནས་སྦྱང་བཤད་དགོས་པའི་ལམ་སྟོན་གནང་སོང་།

ཁོང་གིས་མ་འོངས་པར་གཞོན་ལྷན་གྱི་ལས་དོན་སྤེལ་ཕྱོགས་སྐོར་ལ་གསུང་དོན། ༧གོང་ས་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་གོང་དུ་བཀུར་བའི་ཐོག་ནས་ལས་དོན་བྱེད་རྒྱུ་དང་། ༧གོང་ས་མཆོག་གི་དགོངས་གཞི་བཞི་དང་རྒྱལ་རབས་ཐོག་བོད་རང་བཙན་ཡིན་པའི་ཐོག་སློབ་སྦྱོང་དང་མི་མང་གསལ་དགོས་རེད་ཅེས་བཀའ་སློབ་ལམ་སྟོན་གནང་བས། དེའི་ཐོག་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་གསུངས་སོང་།

ཚོགས་མི་ཁག་ཅིག་གིས་གསར་འགོད་པར། ༧གོང་ས་མཆོག་གིས་ཆོས་དང་རིག་གཞུང་དང་། བོད་ལོ་རྒྱུས་ཐོག་ནས་རང་བཙན་ཡིན་པའི་སྐོར་སློབ་སྦྱོང་དགོས་པ་དང་། ཁྱེད་རང་ཚོ་ཁོང་གི་འཐབ་གྲོགས་ཡིན་པའི་བཀའ་སློབ་ལམ་སྟོན་གནང་བར་དགའ་ཚོར་ཆེན་པོ་བྱུང་ལ། གཞོན་ལྷན་སྒྲིག་འཛུགས་ནང་འཛུལ་བ་དེ་གོབ་ཆོད་འདུག་བསམ་གྱི་ཡོད་སྐོར་ལན་འདེབས་གནང་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།