༧གོང་ས་མཆོག་བཙན་བྱོལ་ལ་ཕེབས་སྐབས་ས་མཚམས་ནས་བསུ་མཁན་གྱི་རྒྱ་གར་སྐུ་སྲུང་དམག་མི་མཐའ་མ་དེ་སྐུ་གྲོངས་ཡོད་འདུག

ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་སྐབས། བོད་དང་རྒྱ་གར་གྱི་ས་མཚམས་ནས་ཕེབས་བསུ་དང་། སྐུ་སྲུང་ཞུ་མཁན་གྱི་རྒྱ་གར་དམག་མི་ལྔ་བྱུང་བའི་ཁྲོད་ཀྱི་མཐའ་མ་སྟེ། ཨ་སམ་གྱི་དམག་མི་ནཱ་རིན་ཅན་ཌིར་ཌཱ་སི་ལགས་(Naren Chandra Das) འདས་གྲོངས་སུ་གྱུར་ཡོད་འདུག

ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་སྐབས། བོད་དང་རྒྱ་གར་གྱི་ས་མཚམས་ནས་ཕེབས་བསུ་དང་། སྐུ་སྲུང་ཞུ་མཁན་གྱི་རྒྱ་གར་དམག་མི་ལྔ་བྱུང་བའི་ཁྲོད་ཀྱི་མཐའ་མ་སྟེ། ཨ་སམ་གྱི་དམག་མི་ནཱ་རིན་ཅན་ཌིར་ཌཱ་སི་ལགས་(Naren Chandra Das) འདས་གྲོངས་སུ་གྱུར་ཡོད་འདུག

ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ པའི་ནང་ལྷ་སར་དྲག་གནོན་བྱས་ཏེ་བོད་ས་ཡོངས་རྫོགས་དྲག་པོའི་བཙན་འོག་ཏུ་བསྡུས་པར་བརྟེན།  ༧རྒྱལ་བ་རིན་པོ་ཆེ་སོ་སོའི་རྒྱལ་ཁབ་དང་མི་མང་རྒྱབ་ཏུ་བསྐྱུར་ནས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཡོད་པ་དང་། སྐབས་དེར་རྒྱ་བོད་ཀྱི་ས་མཚམས་ནས་ཕེབས་བསུ་སྐུ་སྲུང་ཞུ་མཁན་གྱི་ཨ་སམ་དམག་མི་༥ བྱུང་བའི་ཁྲོད་ནས་མཐའ་མ་ཁོང་ཡང་དེ་རིང་ཞོགས་པར་སྐུ་གྲོངས་པའི་གནས་ཚུལ་ཐོན་ཡོད་འདུག་ཅིང་། ཁོང་སྐུ་གྲོངས་པའི་སྐབས་སུ་དགུང་གྲངས་༩༢ ལ་ཕེབས་ཡོད་འདུག

དེ་ནས་བརྩིས་པའི་ལོ་ངོ་༥༨ ཀྱི་རྗེས་ཏེ། ཕྱི་ལོ་༢༠༡༧ ལོར་༧གོང་ས་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་དུ་ཕེབས་སྐབས། ནཱ་རིན་ཅན་ཌིར་ཌཱ་སི་ལགས་(Naren Chandra Das) ལ་ཐུགས་དགྱེས་ཚོར་ཆེན་པོས་མཇལ་ཁ་དང་གནང་བ་མ་ཟད། ཁོང་གིས་ལོ་ངོ་༥༨ ཀྱི་ཡར་སྔོན་དུ་ངོས་ལ་ཉེན་སྲུང་དང་བསུ་མ་གནང་མཁན་གྱི་ཨ་སམ་ཉེན་སྲུང་དམག་མི་འདི་འདྲའི་རྒན་པ་ཞིག་ལ་མཇལ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་བོ་བྱུང་ཞེས་གསུངས་ཡོད།

དེ་བཞིན། སྐབས་དེར་སྐུ་སྲུང་དམག་མི་ཁོང་གིས་ཀྱང་གསར་འགོད་པ་ཚོར་ལོ་ངོ་ཧ་ཅང་མང་པོའི་རྗེས་སུ་༧གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་སྐོར་བརྗོད་པ་དང་འབྲེལ། ཕྱི་ལོ་༡༩༥༩ ལོར་ཁོང་ཨ་རུ་ནཱ་ཅལ་གྱི་གྲོང་སྡེ་ལུམ་ལཱ་(Lumla ) རུ་བཞུགས་ཡོད་པ་དང་། ཉིན་ཞིག་གི་མཚན་མོའི་ཆུ་ཚོད་༣ པ་ཡས་མས་སུ། དམག་དཔོན་གྱིས་གློ་བུར་དུ་ཁོང་ཚོ་གཉིད་ལས་བསླངས་ཏེ། མགྱོགས་པོར་ཞོགས་ཟས་ཟ་དགོས་པ་དང་། ཉིན་གུང་གི་ཟ་མ་ཐུམ་བུར་རྒྱག་དགོས་པའི་བཀའ་བཏང་བ་དང་། དེ་ནས་དམག་སྡེའི་བཀོད་འདོམས་པ་ནག་ཌེ་བྷ་སིན་གུ་རུང་(Naik Debu Singh Gurung) ལགས་ཀྱིས་སྣེ་འཁྲིད་དེ། ཁོང་ཚོ་ཉེན་སྲུང་དམག་མི་དྲུག་གིས་མེ་མདའ་འཁུར་ཏེ་ཤཱག་ཊི་(Shakti ) རུ་ལམ་ལ་ཆས་ཤིང་། ལམ་བར་དུ་འགྲོ་ལམ་དང་འཕྲུལ་འཁོར་རིགས་མེད་ལ། ཐ་ན་སྒྲ་སྡུད་ཀྱི་བརྡ་རྟགས་ཀྱང་མེད་པ་དང་། ཤཱག་ཊི་རུ་རྐང་པ་བརྒྱབ་སྟེ་ཕྱིན་ནས་ཉིན་གཉིས་འགོར་གྱི་ཡོད་ཀྱང་ཁོང་ཚོ་ཉིན་གཅིག་གི་ནང་ཤཱག་ཊི་རུ་བདེ་འབྱོར་བྱུང་ཞིང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་གྱི་ཐོ་རངས་ཆུ་ཚོད་ ༦ པ་ཡས་མས་སུ། ༧གོང་ས་མཆོག་དང་ཁོང་གི་སྐུ་སྲུང་བ་ ༢༠ ལ་སྲུང་བྱ་ཕེབས་བསུ་ཞུས་ཏེ་ཕྱིར་ལོག་ཡོད་པ་དང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༤ པ་ཙམ་ལ་ལུམ་ལཱ་རུ་བདེ་འབྱོར་བྱུང་། སྐབས་དེར་ཁོང་ཚོ་ལོ་ན་གཞོན་པས་ལམ་བར་ཧྲིལ་པོར་རྒྱུགས་འདུར་གྱིས་༧གོང་ས་མཆོག་གི་ཆིབས་རྟའི་རྗེས་ཆོད་ཐུབ་པ་ཞུས་ཡོད་སྐོར་སོགས་བརྗོད་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།