༸རྒྱལ་བའི་ཡང་སྲིད་ཐག་གཅོད་བྱེད་རྒྱུའི་བདག་དབང་བོད་མི་ཁོ་ནར་ཡོད།

ཟླ་འདིའི་ཚེས་༢༧ ཉིན་གྱི་ཕྱི་དྲོ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སཱམ་བྷི་རོན་བྷེ་གི་(Sam Brownback) དང་། འབྲེལ་ཡོད་ལས་བྱེད་༥ བཅས་དྷ་སར་འཚམས་གཟིགས་སུ་ཕེབས་འབྱོར་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་དང་། དྲུང་འཕར་འཆི་མེད་ཚེ་དབྱངས། ལས་བྱེད་བཀྲ་ཤིས་དོན་གྲུབ་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་པ་རེད།

ཟླ་འདིའི་ཚེས་༢༧ ཉིན་གྱི་ཕྱི་དྲོ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སཱམ་བྷི་རོན་བྷེ་གི་(Sam Brownback) དང་། འབྲེལ་ཡོད་ལས་བྱེད་༥ བཅས་དྷ་སར་འཚམས་གཟིགས་སུ་ཕེབས་འབྱོར་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་དང་། དྲུང་འཕར་འཆི་མེད་ཚེ་དབྱངས། ལས་བྱེད་བཀྲ་ཤིས་དོན་གྲུབ་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་པ་རེད།

ཉིན་དེར་དྷ་སྟེང་བོད་ཁྱིམ་ཉེ་འགྲམ་དུ་ཡོད་པའི་(Hotel Fortune Moksha) ཞེས་པའི་གསོལ་མགྲོན་ཁང་དུ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སཱམ་བྷི་རོན་བྷེ་གིས་བོད་མི་ཆབ་སྲིད་བཙོན་ཟུར་དང་། བོད་ནས་གསར་དུ་འབྱོར་བ་ཁག་གཅིག་དང་ལྷན་དུ་གཞིས་ལུས་བོད་མིའི་གནས་སྟངས་དང་། རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་སོགས་ཀྱི་སྐོར་གླེང་སློང་གནང་བ་དང་སྦྲགས་སྐུ་ཞབས་ཁོང་གིས་གསུང་དོན། ངས་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་ཐད་ཡར་རྒྱས་ཇེ་ཆེར་གཏོང་རྒྱུ་འབད་བརྩོན་བྱེད་རྒྱུ་ཡིན། འཛམ་གླིང་ཡོངས་ནས་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ལྟ་བཞིན་ཡོད། ཁྱེད་རྣམས་ཀྱིས་ཕྲན་དང་ལྷན་དུ་གོ་བསྡུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།

དེ་རྗེས་ཁོང་གིས་གསར་འགོད་པར་གསུང་དོན། ཕྲན་རང་འདིར་སླེབས་དགོས་དོན་ནི། འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུ་རྒྱུ་དང་། དེ་སྔ་མགོན་པོ་གང་ཉིད་དང་ལྷན་དུ་ལས་དོན་ཁག་གཅིག་མཉམ་རུབ་ཀྱི་ཐོག་ནས་སྤེལ་རྒྱུའི་གོ་སྐབས་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༸རྒྱལ་བའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་གནད་དོན་དེ་ནི། བོད་མི་སྤྱི་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་རྣམ་པར་ཐོབ་ཐང་ཡོད་པ་ཨ་རིའི་གཞུང་གིས་ངོས་འཛིན་དང་རྒྱབ་སྐྱོར་ཞུ་བཞིན་ཡོད། རྒྱལ་ཁབ་གང་འདྲ་ཞིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་རྒྱུའི་བདག་དབང་མེད། ཡང་སྲིད་ངོས་འཛིན་བྱ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་ཤིག་ཡིན་པར་བརྟེན་རྒྱལ་ཁབ་སུ་འདྲ་ཞིག་ཀྱང་དེའི་ཐོག་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་མེད། ཨ་རིའི་གཞུང་གིས་ཆོས་དད་རང་དབང་སྲུང་སྐྱོབ་ཐད་རྒྱབ་སྐྱོར་ཡོད། ས་ཕྱོགས་གང་འདྲ་ཞིག་ཡིན་རུང་ཆོས་དད་རང་དབང་ལོངས་སུ་སྤྱོད་རྒྱུ་མི་ཚང་མར་ཐོབ་ཐང་ཡོད་པར་ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཞུ་བཞིན་ཡོད། བློ་ཕམ་པ་ཞིག་ལ་བོད་མི་རྣམས་ལ་ཆོས་དད་རང་དབང་གི་ཐོབ་ཐང་མེད་པར་བརྟེན་རྒྱ་གར་ནང་བཙན་བྱོལ་དུ་སླེབས་དགོས་བྱུང་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནང་ཆོས་དད་རང་དབང་གི་སྐོར་འཁོད་ཡོད་པ་ལྟར་རྒྱལ་ཁབ་མང་པོ་ཞིག་གིས་རྒྱབ་སྐྱོར་མཚོན་བྱེད་ཆོས་དད་རང་དབང་གི་གནད་དོན་ཐོག་མཚན་རྟགས་བསྐྱོན་ཡོད་ཅེས་གསུངས་འདུག །

དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་དང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་ཐུག་འཕྲད་གནང་ཡོད་པ་རེད།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།