ཁ་ཆེའི་དྲག་སྤྱོད་པའི་ལག་དམར་བ་ངོས་ཟིན།
གདོང་རས་ནག་པོ་དཀྲིས་པའི་ཁ་ཆེའི་དྲག་སྤྱོད་པའི་ཚོགས་མི་ཡོངས་གྲགས་སུ་རྗི་ཧ་ཌི་རྗོན་ཞེས་འབོད་པའི་ནུབ་ཕྱོགས་ཀྱི་མི་གཏའ་རྣམས་བརྙན་འཕྲིན་ནང་སྐེ་བཅད་དེ་གསོད་མཁན་གྱི་ལག་དམར་བ་དེ། དབྱིན་ཡུལ་རྒྱལ་ཁབ་ཀྱི་རྒྱལ་ས་ལོན་ཌོན་དུ་གནས་སྡོད་པ་མཱོ་ཧམ་ཨེམ་ཝ་ཙི་ཡིན་པའི་ངོས་འཛིན་བྱས་འདུག
གདོང་རས་ནག་པོ་དཀྲིས་པའི་ཁ་ཆེའི་དྲག་སྤྱོད་པའི་ཚོགས་མི་ཡོངས་གྲགས་སུ་རྗི་ཧ་ཌི་རྗོན་ཞེས་འབོད་པའི་ནུབ་ཕྱོགས་ཀྱི་མི་གཏའ་རྣམས་བརྙན་འཕྲིན་ནང་སྐེ་བཅད་དེ་གསོད་མཁན་གྱི་ལག་དམར་བ་དེ། དབྱིན་ཡུལ་རྒྱལ་ཁབ་ཀྱི་རྒྱལ་ས་ལོན་ཌོན་དུ་གནས་སྡོད་པ་མཱོ་ཧམ་ཨེམ་ཝ་ཙི་ཡིན་པའི་ངོས་འཛིན་བྱས་འདུག
དེའང་ཟླ་འདིའི་ཚེས་༢༦ གྱི་ཉིན་ཝ་ཤིང་ཌོན་ཉིན་རིའི་ཚགས་པར་དང། བྷེ་བྷེ་སི་དབྱིན་ཇིའི་རླུང་ འཕྲིན་ཁང་གཉིས་ཀྱིས་གནས་ཚུལ་གྱི་ཡོང་ཁུངས་ཁ་གསལ་མ་འདོན་པར། ཁ་ཆེའི་དྲག་སྤྱོད་ཚོགས་པའི་ལག་དམར་བ་དེའི་མིང་ལ་ཨེམ་ཝ་ཙི་(Mohammed Emwazi) འབོད་པ་དང་། ཕྱི་ལོ་༡༩༨༨ ལོར་ཁུ་ཝེ་ཋི་(Kuwait) རུ་སྐྱེས་པ་ལས་ཕྱིས་སུ་དབྱིན་ཡུལ་དུ་གནས་སྤོས་བྱས་ཏེ། དབྱིན་ཇི་མི་སེར་དུ་གྱུར། ཕྱི་ལོ་༢༠༠༩ ལོར་དབྱིན་ཡུལ་གྱི་མཐོ་སློབ་ཞིག་ནས་གློག་ཀླད་ཆེད་སྦྱོང་གི་སློབ་ཐོན་པ་ཞིག་ཡིན་པའི་གསར་འགྱུར་སྤེལ་འདུག
དབྱིན་ཡུལ་གཞུང་འབྲེལ་གྱི་ཁ་ཆེའི་དྲག་སྤྱོད་ཚོགས་པའི་ཐོག་ཉམས་ཞིབ་མཁན་མཁས་པ་མང་པོ་ཞིག་གིས་གནས་ཚུལ་དེར་ངོས་ལེན་བྱས་པ་དང། བདེ་སྲུང་ཚན་པ་ཁ་ཤས་ཤིག་གིས་གནས་ཚུལ་དེ་དག་འདས་ལོའི་ཕྱི་ཟླ་༨ ནས་ཤེས་རྟོགས་བྱུང་ཡོད་ནའང་། ཞིབ་འཇུག་གཏིང་ཟབ་ཡོང་བའི་ཕྱིར་བསྒྲགས་བྱས་མེད་སྐོར་ཡང་བརྗོད་འདུག
དེ་བཞིན་ཝ་ཤིན་ཌོན་ཉིན་རིའི་ཚགས་པར་གྱིས་ཨེམ་ཝ་ཙི་དང་ལྷན་དུ་བཤིབ་མྱོངས་བའི་ཉེ་འབྲེལ་ཁ་ཤས་ཞིག་ལ་བཅར་འདྲི་བྱས་སྐབས། མང་པོ་ཞིག་གིས་ཁོང་རྗི་ཧ་ཌི་རྗོན (ihadi John)ཡིན་པའི་ངོས་འཛིན་བྱས་འདུག
ཡིན་ནའང་རྒྱལ་ས་ལོན་ཌན་གྱི་ཉེན་རྟོག་པ་ཚོས་གནས་ཚུལ་དེ་དག་ཚོད་དཔག་ཞིག་ཡིན་པས། ངོ་ཐག་གསལ་པོ་མ་ཆོད་བར་ངོས་ལེན་བྱ་རྒྱུ་མིན་པའི་འགྲེལ་བརྗོད་བྱས་འདུག
དེའང་ཐོག་མར་ཕྱི་ལོ་༢༠༡༤ ཟླ་བ་༨ པའི་བརྙན་ཐུང་ཞིག་གི་ནང། ཁོང་གིས་ཨ་རིའི་གསར་འགོད་པ་རྗེམ་སི་ཧྤོལ་རཱེ (James Flory) ཡི་སྐེ་བཅད་དེ་གསོད་སྐབས་ལག་དམར་བ་ཁོང་ཐོག་མར་ཐོན་པ་དང་། དེ་རྗེས་ཁོང་གིས་ཨ་རིའི་མི་གཉིས་དང་། དབྱིན་ཇིའི་མི་གཉིས། ཉི་ཧོང་གི་མི་གཉིས་བཅས་ཁྱོན་མི་དྲུག་དམར་གསོད་གཏོང་སྐབས་མི་དེ་བརྙན་ཐུང་ནང་ཐོན་ཡོད་པ་རེད།
དབྱིན་ཡུལ་གྱི་སྲིད་བློན་ཁེམ་རོན་གྱིས་ལག་དམར་བ་དེ་འཇུ་བཟུང་ཐུབ་ལ་ཉེ་བ་དང། གསོན་པོར་འཛིན་བཟུང་བྱས་ཏེ་ནག་ཉེས་དེ་དག་ལ་ཁྲིམས་ཆད་ནན་པོ་གཏོང་འཆར་ཡོད་སྐོར་བརྗོད་འདུག དེ་བཞིན་ཨ་རིའི་གཞུང་ཕྱོགས་ནས་ལག་དམར་བ་འཇུ་བཟུང་ཐུབ་པའི་ཆེད། འབྲེལ་ཡོད་སུས་ཁོང་གི་སྐོར་བརྡ་ལན་སྤྲོད་ནའང་། མི་དེར་བྱ་དགའ་ཨ་སྒོར་ས་ཡ་བཅུ་སྤྲོད་རྒྱུའི་གསལ་བསྒྲགས་སྤེལ་འདུག
གསར་འགོད་པ་བསྟན་འཛིན་ཟླ་བ།