“ཁ་ཆེའི་རྒྱལ་ཁབ”་ཀྱི་ཚོགས་མི་ལྡབ་གསུམ་གྱི་མང་དུ་ཕྱིན་པ།

ཨི་རག་དང་སི་རི་ཡའི་ནང་ཡོད་པའི་ཁ་ཆེའི་དྲག་སྤྱོད་དམག་དཔུང་གི་ཚོགས་མི་གྲངས་༢༠༠༠༠ནས་༣༡༥༠༠བར་སྤར་ཡོད་འདུག

ཨི་རག་དང་སི་རི་ཡའི་ནང་ཡོད་པའི་ཁ་ཆེའི་དྲག་སྤྱོད་དམག་དཔུང་གི་ཚོགས་མི་གྲངས་༢༠༠༠༠ནས་༣༡༥༠༠བར་སྤར་ཡོད་འདུག

10668739_830867316953220_1183455318_nདེ་ཡང་ཕྱི་ཟླ་༩ཚེས་༡༢ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བལྟར་ན།དེ་སྔོན་ཨི་རག་ནང་དུ་ཡོད་པའི་ཁ་ཆེའི་དྲག་སྤྱོད་ཤོག་ཁག་(ISIS) དང་སན་ནི་ (Sunni) ཁ་ཆེའི་དམག་མིའི་གྲངས་རོབ་རྩིས་བྱས་པ་ལྟར་ན། གྲངས་༡༠༠༠༠ཙམ་ལས་མེད་ཀྱང་། ད་ཆ་ལྡབ་གསུམ་གྱི་མང་དུ་ཕྱིན་ཡོད་པ་དང་།དེའི་རྒྱུ་རྐྱེན་གཙོ་བོ་ད་ལོའི་ཕྱི་ཟླ་༦པ་ནས་ཁོང་ཚོས་དམག་མི་བསྡུ་རུབ་རྒྱ་ཆེ་རུ་གཏོང་པ་དང་།ཐེངས་མང་རིང་དམག་འཐབ་ལ་རྒྱལ་ཁ་ཐོབ་པ།ནུབ་ཕྱོགས་རྒྱལ་ཁབ་ལ་དམག་འཐབ་ཀྱི་བསྒྲགས་གཏམ་སྤེལ་བ།འཇིགས་སྐུལ་ཚོགས་པ་དེ་དག་གི་ནང་དུ་མིའི་ཤེས་ཚད་ཀྱི་སྤུས་ཀ་ཡག་ཏུ་ཕྱིན་པ།དམག་སའི་ལས་འགུལ་ཆེ་རུ་སོང་བ་སོགས་ཀྱི་རྐྱེན་ཡིན་སྐོར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བརྗོད་འདུག

གནས་ཚུལ་དེ་ཨ་རིའི་གསར་འགོད་པ་གཉིས་ཁ་ཆེའི་དྲག་སྤྱོད་པས་(ISIS) སྐེ་གཅོད་ནས་བསད་པ་དང་། ཨ་རིའི་སྲིད་འཛིན་ཨོ་བྷ་མས་(Barack Obama) འཁོན་ལན་སློག་ཆེད་ཁ་ཆེའི་འཇིགས་སྐུལ་ཚོགས་པ་དེ་མཁའ་དམག་བརྒྱུད་ཁ་འཐོར་དུ་བཏང་སྟེ་རྩ་མེད་བཟོ་རྒྱུའི་ལས་འཆར་ཡོད་སྐོར་ཕྱིར་བསྒྲགས་བྱས་པའི་རྗེས་གསང་བའི་གནས་ཚུལ་དེ་ཐོན་ཡོད་པ་རེད།

ཁ་ཆེའི་དྲག་སྤྱོད་དམག་མི་མང་ཤོས་ཨི་རག་རང་ནས་མ་ཡིན་པར་རྒྱལ་ཁབ་མི་འདྲ་བ་༨༠ ཙམ་ནས་བསྡུ་རུབ་བྱས་ཡོད་འདུག ཕྱིའི་རྒྱལ་ཁབ་ནས་ཡོང་བའི་དམག་མི་༡༥༠༠༠ ཙམ་ཡོད་པའི་ཁྲོད་ཀྱི། མི་༢༠༠༠ ཙམ་ནུབ་ཕྱོགས་རྒྱལ་ཁབ་ནས་ཡིན་སྐོར་འཁོད་འདུག

དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀྱི་ཧེ་ཊར་བྷ་ཌི་མངའ་སྡེའི་ (Hyderabad) བུ་མོ་གཅིག་ཚུད་པའི་གཞོན་སྐྱེས་༡༥ ཁ་ཆེའི་དྲག་སྤྱོད་ཤོག་ཁག་(ISIS) དམག་གི་ནང་ཞུགས་ཐབ་བྱས་ཀྱང་ཕྱི་ཚེས་༡༡ ཉིན་སྐོར་སྲུང་ཀྱི་འཇུ་བཟུང་བྱས་ཡོད་འདུག

ད་ལྟའི་ཆར་ཨ་རི་ནས་གསང་ཞིབ་མྱུལ་ལྟའི་གནམ་གྲུ་༦༠ དང་དམག་གི་འཐབ་གྲུ་མི་འདྲ་བ་ཁ་ཤས་ཨི་རག་དང་སི་རི་ཡའི་ནང་བཏང་ཡོད་འདུག

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།