ཁ་མཆུ་ཨང་༢༠ པའི་གྱོད་གཞིའི་ཞིབ་གཅོད་སྐབས་ཁུངས་སྐྱེལ་རྩོད་ལན།

ཟླ་འདིའི་ཚེས་༡༠ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་༢༠ པ་གྱོད་གཞི་མ་ཉེས་ཁག་གཡོགས་ཀྱི་ཞིབ་གཅོད་ཉན་ཞིབ་དང་པོ་དེ་འཚོགས་ཡོད་པ་དང་། ཁྲིམས་རར་ཁྲིམས་ཞིབ་པ་གསུམ་དབུ་བཞུགས་ཐོག ཞུ་སྦྱོར་བ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་དང་། ཁ་གཏད་རྩོད་ལེན་པ་བཀའ་ཤག་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་དང་། རྩོད་ལེན་པའི་ངོ་ཚབ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས། ངོ་ཚབ་བཀའ་དྲུང་ཟུར་པ་སྟོབས་རྒྱལ་ཚེ་རིང་། ངོ་ཚབ་བཀའ་ཤག་གི་དྲུང་ལས་བསྟན་འཛིན་ཕུན་ཚོགས་བཅས་བཅས་བཅར་ཡོད་པ་རེད།

ཟླ་འདིའི་ཚེས་༡༠ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་༢༠ པ་གྱོད་གཞི་མ་ཉེས་ཁག་གཡོགས་ཀྱི་ཞིབ་གཅོད་ཉན་ཞིབ་དང་པོ་དེ་འཚོགས་ཡོད་པ་དང་། ཁྲིམས་རར་ཁྲིམས་ཞིབ་པ་གསུམ་དབུ་བཞུགས་ཐོག ཞུ་སྦྱོར་བ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་དང་། ཁ་གཏད་རྩོད་ལན་པ་བཀའ་ཤག་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་དང་། རྩོད་ལེན་པའི་ངོ་ཚབ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས། ངོ་ཚབ་བཀའ་དྲུང་ཟུར་པ་སྟོབས་རྒྱལ་ཚེ་རིང་། ངོ་ཚབ་བཀའ་ཤག་གི་དྲུང་ལས་བསྟན་འཛིན་ཕུན་ཚོགས་བཅས་བཅས་བཅར་ཡོད་པ་རེད།

ཁྲིམས་རར་བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་བཏང་རྗེས་གསལ་བཤད་དོན་ཚན་བཅུ་བསྒྲགས་ཡོད་པ་དང་། དོན་གཅོད་ལ་ལས་དོན་བྱེད་ཕྱོགས་བཀའ་ཤག་གི་ལམ་སྟོན་ཡོད་མེད་དང་། དོན་གཅོད་ནས་སྐབས་དང་དུས་ལ་ལས་དོན་བཀའ་ཤག་ལ་སྙན་སེང་ཞུས་ཡོད་མེད། ཞུ་དགོས་མིན་སྐོར་རྩོད་གླེང་བྱས་ཡོད་པ་རེད། དེ་བཞིན་བཀའ་ཤག་གི་གསལ་བཤད་དོན་ཚན་ཁག་ཅིག་བསམ་སྟངས་དྲན་སྐྱེལ་གྱིས་ཞུ་སྦྱོར་བར་སྐྱོན་འཛུགས་ཡིན་སྐོར་ཁུངས་སྐྱེལ་དང་། རྩོད་ལེན་པའི་ངོས་ནས་བསམ་སྟངས་དྲན་སྐྱེལ་ཞིག་མིན་སྐོར་དང་། ལས་དོན་བསྒྲུབས་ཡོད་མེད་དང་འགྲུབ་ཡོད་མེད་ཁུངས་སྐྱེལ་རྩོད་གླེང་བྱས་ཡོད་པ་རེད།

ཐེངས་འདིར་ཨ་རིའི་སྲིད་ཀྱི་དམ་འབུལ་སྐབས་དང་། ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་སྐབས་ཀྱི་གནས་ཚུལ་བཀའ་ཤག་ལ་སྙན་སེང་ཞུས་མིན་དང་། དེ་ཞུ་དགོས་མིན་གྱི་གནས་སྟངས་སྐོར་ལ་ཡང་གླེང་རྩོད་བྱས་སོང་། ཁྲིམས་ར་རྗེས་མ་འཚོག་དུས་གཏན་འབེབས་བྱས་མེད་ན་ཡང་། ཞིབ་གཅོད་ཉན་ཞིབ་མུ་མཐུད་འཚོག་དགོས་ཀྱི་ཡོད་པ་རེད།

ཨ་རིའི་དོན་གཅོད་ཀྱི་དངུལ་ཁང་རྩིས་འགོའི་དཀའ་ངལ་སྐོར་དང་། རོགས་དངུལ་ལ་དོན་གཅོད་ཀྱི་འགན་ཁུར་ཡོད་མེད། ཨ་རིའི་དཔོན་རིགས་ཐུག་འཕྲད་ཀྱི་ལས་དོན་བྱེད་ཕྱོགས། བཀའ་བློན་འོས་མི་ཞིག་ལ་སྲིད་སྐྱོང་ལ་ངན་ལབ་བྱས་མིན་སྐོར་རྩོད་ལེན་བྱེད་དགོས་ཀྱི་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།