ཁ་མཆུ་ཨང་༢༠ མ་ཉེས་ཁག་གཡོགས་ཀྱི་གྱོད་གཞིའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་འཚོགས་སོང་།

ཟླ་འདིའི་ཚེས་༡༥ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་༢༠ པ་གྱོད་གཞི་མ་ཉེས་ཁག་གཡོགས་ཀྱི་གནད་དོན་གཏན་འབེབས་ཉན་ཞིབ་འཚོགས་ཡོད་པ་དང་། ཐེངས་དང་པོའི་ཉན་ཞིབ་སྐབས་རྩོད་ལེན་པས་ཁྲིམས་ར་ཚོགས་རྒྱུར་དུས་འགྱངས་ཀྱི་སྙན་ཞུ་ཕུལ་ཡོད་ནའང་། ཁྲིམས་ཞིབ་ཁང་གིས་ངོས་ལེན་བྱས་མེད་པ་རེད།

ཟླ་འདིའི་ཚེས་༡༥ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་༢༠ པ་གྱོད་གཞི་མ་ཉེས་ཁག་གཡོགས་ཀྱི་གནད་དོན་གཏན་འབེབས་ཉན་ཞིབ་འཚོགས་ཡོད་པ་དང་། ཐེངས་དང་པོའི་ཉན་ཞིབ་སྐབས་རྩོད་ལེན་པས་ཁྲིམས་ར་ཚོགས་རྒྱུར་དུས་འགྱངས་ཀྱི་སྙན་ཞུ་ཕུལ་ཡོད་ནའང་། ཁྲིམས་ཞིབ་ཁང་གིས་ངོས་ལེན་བྱས་མེད་པ་རེད།

ཁྲིམས་རར་ཁྲིམས་ཞིབ་པ་གསུམ་དབུ་བཞུགས་ཐོག ཞུ་སྦྱོར་བ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་དང་། ཁོང་གི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད། ཁ་གཏད་རྩོད་ལེན་པ་བཀའ་ཤག་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་དང་། རྩོད་ལེན་པ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག བཀའ་དྲུང་ཚེ་རྒྱལ། བཀའ་དྲུང་ཟུར་པ་སྟོབས་རྒྱལ་ཚེ་རིང་། བཀའ་ཤག་གི་དྲུང་ལས་བསྟན་འཛིན་ཕུན་ཚོགས་བཅས་བཅས་བཅར་ཡོད་པ་རེད།

༢༠༡༩ ལོའི་ཟླ་༦ ཚེས་༥ ཉིན་ཁྲིམས་རར་ཉན་ཞིབ་དང་པོ་དེ་བྱས་ཡོད་པ་དང་། སྐབས་དེར་རྩོད་ལེན་པ་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པས། ཞིབ་ཚགས་ལན་འདེབས་ཆེད་སྤྱི་མང་གཏུག་བཤེར་གྱི་ཁྲིམས་ཡིག་ནང་དོན་ལྟར། དུས་ཚོད་ཕར་འགྱངས་དགོས་པའི་སྙན་ཞུ་ཁྲིམས་ཞིབ་ཁང་ལ་ཕུལ་ཡོད་པ་དང་། ཞུ་སྦྱོར་བ་སྤེན་པ་ཚེ་རིང་དང་ཁོང་གི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་གཉིས་ཀྱིས་དུས་ཚོད་ཕར་འགྱངས་མི་དགོས་པ་བྱེད་དགོས་སྐོར་སྙན་སེང་ཞུས་སོང་།

དུས་འགྱངས་ཀྱི་སྙན་ཞུ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངོས་ལེན་བྱས་མེད་པ་དང་། རྒྱུ་མཚན་ “ཞུ་ལན་ལ་སྣོན་འཕྲིའི་བཀའ་འཁྲོལ་སྙན་ཞུ་ཕུལ་བ་དེར་བདག་སྤྲོད་བྱ་རྒྱུའི་གཞི་རྩ་གང་ཡང་མ་མཐོང་། མདོར་ན། དོན་ཚན་འདི་དྲང་བདེན་གྱི་ཁེ་ཕན་དམིགས་ཡུལ་དུ་བཟུང་སྟེ། གྱོད་གཞིའི་གནད་དོན་ངོ་མ་ཐག་གཅོད་ལ་ཕན་ མིན་ཚད་གཞིར་བཟུང་ཐོག ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུའི་ཁྲིམས་ཡིག་གི་ཆ་རྐྱེན་ཞིག་ཡིན་པས། རྩོད་ལན་པས་ ཁྲིམས་ཡིག་གི་བྱ་རིམ་ལྟར་མ་བསྒྲུབས་པའི་ཐོག ཁྲིམས་ཞིབ་ཁང་ནས་ལམ་སྟོན་བགྱིས་པ་ལའང་མ་གནས་པ་ཞིག་ལ། དམིགས་ཡུལ་དང་ཚད་གཞི་གང་གི་ཐོག་ནས་ཀྱང་ངོས་ལེན་བྱ་རྒྱུའི་རྒྱུ་མཚན་མི་ལྡན་ན། ཞུ་ལན་ལ་སྣོན་འཕྲི་ཞུ་རྒྱུའི་དུས་ འགྱང་གི་སྙན་ཞུ་ཁྲིམས་ཡིག་གི་འགྲོ་སྟངས་ལྟར་མ་ཡིན་པར་དེར་བདག་སྤྲོད་བྱ་རྒྱུ་མིན་”ཞེས་སོགས་རྒྱུ་མཚན་ཁག་ཅིག་བཀོད་འདུག

ཉན་ཞིབ་ཐེངས་གཉིས་པ་གྲུབ་པ་དང་། ཕྱོགས་གཉིས་ཀ་མི་མཐུན་སར་ཡིག་ཐོག་ནས་ལན་འདེབས་ཡོད་ནའང་ཚེས་༡༩ སྔོན་ལ་སྤྲོད་དགོས་པ་དང་། རྗེས་སུ་ཁྲིམས་ར་ག་དུས་འཚོགས་མིན་ད་དུང་གསལ་བསྒྲགས་བྱས་མེད་པ་རེད།

ཁ་མཆུ་དེ་ནི་ཐོག་མར་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ཡིན་སྐབས། ཁོང་ལས་གནས་ནས་བཀའ་ཤག་གིས་འཕོ་འགྱུར་བཏང་ཡོད་པ་དང་། ༢༠༡༨ ལོའི་ཕྱི་ཟླ་༥ པའི་ཚེས་༡༨ ཉིན་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གིས། བཀའ་ཤག་གིས་དོན་གཅོད་ཀྱི་ལས་གནས་འཕོ་འགྱུར་གཏོང་སྟངས་དང་འབྲེལ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱས་ཡོད་པ་རེད། དོན་གཅོད་འཕོ་འགྱུར་བཏང་བ་དེ་བཀའ་ཤག་ལ་དབང་ཚད་ཡོད་པ་ཕྱོགས་གཉིས་ཀ་གཅིག་མཐུན་བྱུང་ནས། དེར་རྩོད་གཞི་མེད་པ་དང་། ༧གོང་ས་མཆོག་གི་མཚན་གནས་དང་འབྲེལ་བའི་སྐོར་ལ་ཁ་མཆུ་འདི་དང་འབྲེལ་བ་མེད་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་གནང་ཟིན་ཡོད་པ་རེད།

གཙོ་བོ་བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་གཏོང་དགོས་དོན་སྐོར་ལ་རྒྱུ་མཚན་དོན་ཚན་བཅུ་ཅན་ཞིག་བཀྲམ་ཡོད་པ་དེ་དོན་གཅོད་ཟུར་པ་ཁོང་ལ་མ་ཉེས་ཁག་གཡོགས་བྱས་སོང་ཞེས་ཁྲིམས་གཏུག་བྱས་པ་ཞིག་ཡིན་པ་དང་དེའི་ཐོག་དོན་ཚན་རེ་རེ་བཞིན་ལན་འདེབས་བཤད་རེས་བྱེད་ཀྱི་ཡོད་པ་རེད། གནས་ཚུལ་རྙིང་པ་འདིར་གཟིགས།
གསར་འགོད་པ་ཆོས་ཉིད་འོད་ཟེར།

ཞུ་ལན་ལ་སྣོན་འཕྲིའི་བཀའ་འཁྲོལ་སྙན་ཞུ་རྩིས་མེད་ཀྱི་བརྡ་ཐོ།

༄༅། །ཁ་མཆུ་ཨང་ ༢༠ པའི་རྩོད་ལན་པ་སྲིད་སྐྱོང་བློ་བཟང་སེང་གེ་ལ།

ཆེད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༥ ཕྱི་དྲོ་ཆུ་ཚོད་ ༢་༣༠ སྟེང་། ཐོག་མའི་ཉན་ཞིབ་ཀྱི་ཞོགས་པའི་བྱ་རིམ་འཕྲོ་མཐུད་དེ་འགོ་འཛུགས་བྱེད་སྐབས་སུ། རྩོད་ལན་པའི་ངོས་ནས་ཞུ་སྙན་ལ་སྣོན་འཕྲི་ཞུ་སླད་ ༢༠༡༩། ༩།༥ བར་དུས་འགྱང་གི་བཀའ་འཁྲོལ་ཞུས་པར། ཞུ་སྦྱོར་བས་དགག་ལན་དང་། རྩོད་ལན་པས་སྒྲུབ་བྱེད་འདོན་རེས་བྱས་མཐར། ཁྲིམས་ཞིབ་ཁང་ནས། ཞོགས་པར་ཉན་ཞིབ་ཀྱི་བྱ་རིམ་གྲུབ་ཟིན་པའི་ཐོག་བསྐྱར་ལོག་བྱ་ཐབས་མེད་པ་དང་། དུས་འགྱང་གི་སྙན་ཞུ་ཕུལ་བ་ལ་བརྟེན་ནས། ཉན་ཞིབ་ཀྱི་བྱ་རིམ་འགོག་ཐབས་མེད་པས། གསལ་བཟོའི་བྱ་རིམ་མུ་མཐུད་དེ་ཕྱིན་ཅིང་། ། མཇུག་ཏུ་དུས་འགྱང་གི་སྙན་ཞུ་བླངས་ཏེ། དེར་བཀའ་འཁྲོལ་སྤྲོད་མིན་ཁྲིམས་ཞིབ་པ་ལྷན་ཚོགས་སུ་གོ་བསྡུར་གྱིས་ཐག་གཅོད་ཡོང་རྒྱུའི་གསལ་བསྒྲགས་བྱས་ཡོད། རྩོད་ལན་པའི་ཁྲིམས་ཡིག་གི་འགྲོ་སྟངས་ལྟར་གྱི་འབྲི་སྲོལ་མ་ཡིན་པར། སྤྱིར་བཏང་ཡིག་འབྲེལ་ཚུལ་དུ་བྲིས་ཤིང་། ཁ་མཆུའི་ཡིག་ཆའི་བརྒྱུད་ལམ་གོ་རིམ་གང་ཡང་མ་བརྒྱུད་པར་གཏུག་བཤེར་ཁང་དུ་སྒྲོགས་སྦྱངས་བྱས་པའི་སྙན་ཞུ་དེའི་ནང་། གུས་རྩོད་ལན་པ་ངོས་ནས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ཉེར་དགུ་བའི་ནང་ གསེས་ ༼ང༽ བར་ནང་གསས་(གསལ་)ལྟར་སྐྱོན་འཛུགས་ཀྱི་དོན་ཚན་རེ་རེའི་ཐོག་ལན་འདེབས་གསལ་བོ་ཞུས་ཡོད་པ་དང་སྤྱི་མ་སྦོམ་(སྦོམ་)གྱི་དགག་ལན་ལྟ་བུས་(s)བྱས་མེད་ནའང་། དེ་རིང་དབལ་ལྡན་ཁྲིམས་ཞིབ་བ་ལྷན་རྒྱས་ནས་ཞུ་རྩའི་དོན་ཚན་ཁག་གི་ནང་གསེས་དོན་ཚན་ལའང་ལན་འདེབས་དགོས་གལ་གསུངས་བས། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་ འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་སོ་གསུམ་བ་ནང་གསེས་ ༼ག༽ དགོངས་དོན་ལྟར་རྩོད་ཡིན་པ་ངོས་ནས་ཞུ་སྙན་ལ་སྣོན་ འབྲི་དགོས་གལ་མཐོང་བས། ཕྱི་ལོ་ ༢༠༡༩ ཟླ ༩ ཚེས་ ༥ བར་ཞུ་སྙན་ལ་སྣོན་འཕྲི་ཆོག་པའི་བཀའ་འཁྲོལ་གནང་སྐྱོང་ཡོང་བ་ཞེས་ གསལ་ཐད། ༡། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༢༩ ནང་ཞུ་ལན་འབྲི་སྟངས་ཁ་གསལ་ཡོད་པ་དེའི་དགོངས་དོན་གཞིར་བཟུང་འབྲི་འགོད་བྱ་རྒྱུའི་འགན་ཁུར་དོ་བདག་རྩོད་ལན་པར་ཡོད་པ་སྨོས་མེད་ཡིན། །

རྩོད་ལན་པས་ཞུ་ལན་འབུལ་དུས་དུས་འགྱང་གི་བཀའ་འཁྲོལ་སྙན་ཞུ་སྔ་རྗེས་གཉིས་དང་། ཁྲིམས་ཞིབ་ཁང་གི་བྱ་རིམ་ལ་ཅོ་ འདྲི་ལྟ་བུའི་སྙན་ཞུ་གཅིག ཁྲིམས་ཡིག་ལྟར་མ་བྱུང་བའི་ཞུ་ལན་ཕྱིར་སློག་སོང་རྗེས་ཀྱི་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣༠ ཉིན་ཞུ་ལན་ཕུལ་འབྱོར་ནང་འབྲི་སྟངས་ཁྲིམས་མཐུན་བྱུང་མེད་སྟབས། ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༧ ཉིན་རྩོད་ལན་པར་ཞུ་ལན་ལ་སྣོན་འཕྲི་དགོས་པའི་བརྡ་ཐོ་བཏང་སྟེ། ཞུ་ལན་འབུལ་སྐབས། ངེས་པར་དུ་སྤྱི་མང་གཏུག་བཤེར་ འགྲོ་ལུགས་ཁྲིམས་ཡིག་དོན་ཚན་ ༢༩ [6] དང་ [3] གཞིར་བཟུང་ཞུ་རྩའི་དོན་ཚན་རེ་རེ་བཞིན་གོ་རིམ་མ་འཁྲུག་པར་ཟད་ ཀ་ཐད་ཀར་ལན་འདེབས་གསལ་བོ་བྱེད་དགོས་པ་དང་། ཞུ་རྩའི་དོན་ཚན་ཨང་གྲུངས་ལུང་འདྲེན་མ་བྱས་བར་དགག་ལན་ བྱས་རིགས་སྤྱི་མ་སྦོམ་ཆགས་རྒྱུ་ཞེས་བརྡ་སྟོན་བྱས་ཡོད། བརྡ་ཐོ་དེའི་ནང་ད་དུང་། ཁྲིམས་ཞིབ་ཁང་ནས་ཁ་མཆུ་ངོས་བཞེས་གནང་བའི་ཐོག་ཁྲིམས་ཡིག་གི་ཆ་རྐྱེན་གཞིར་བཟུང་ གདོང་ལེན་མ་བྱས་བར། ཁྲིམས་ཡིག་གི་ཆ་རྐྱེན་མི་ལྡན་བའི་སྙན་ཞུ་ཕུལ་ཚེ། དེར་ངོས་ལེན་བྱེད་ལམ་མེད་ལ། ཁྲིམས་ཞིབ་ ཁང་ནས་ཁྲིམས་ཡིག་གི་ཆ་རྐྱེན་གཞིར་བཟུང་ཐག་གཅོད་གནང་ཟིན་པའི་དོན་གནད་ཐོག་གྱོད་ཡ་སུ་རུང་ནས་རྩོད་སློང་བྱེད་ མི་ཆོག་ཅེས་དང་། རྩོད་ལན་བའི་ངོས་ནས་ཁྲིམས་ཡིག་གི་བྱ་རིམ་དང་། འགྲོ་སྟངས་ལ་ཡིད་གཟབ་དོ་ནན་བྱེད་དགོས་བ་བསྐྱར་ནན་དུ་བརྗོད་ཀྱི་ཡོད་ལ། ཁྲིམས་ཡིག་གི་ཆ་རྐྱེན་མི་ལྡན་པའི་སྙན་ཞུ་འདྲ་མིན་ཕུལ་ཏེ། དགོས་མེད་དུས་འགྱངས་དང་། དུས་གྲོན། ལས་རྙོག་ཆགས་གཞིར་སོང་ན། ཁྲིམས་ཡིག་གི་བྱ་རིམ་ཚུལ་མིན་དུ་སྤྱད་པའི་ཉེས་ཆད་ཕོག་སྲིད་བ་དང་། ལྷག་ དོན་དུ། ཁྲིམས་ཡིག་གི་སྤྱིར་བཏང་ཤེས་བྱ་དང་རྒྱུན་ལྡན་བྱ་རིམ་ཙམ་ལའང་དོ་སྣང་མ་བྱས་བར། ཁྲིམས་ཀྱི་ཆ་རྐྱེན་མེད་ ། བའི་སྙན་ཞུ་འབུལ་གཏོང་དང་། རྒྱུ་མཚན་མི་ལྡན་པའི་གནད་དོན་རྩོད་སློང་། ཁྲིམས་ཞིབ་ཁང་གི་བྱ་རིམ་དང་ཐག་གཅོད་ལ་ཅོ་ འདྲི་ཀླན་འཚོལ་ལྟ་བུའི་དབང་དུ་ཕྱིན་ཚེ། འགྲིག་ཐབས་མེད་བས། ཅི་ནས་ཀྱང་གཟབ་གལ་ཞེས་གསལ་པོར་བཀོད་ཡོད། ༤། འདི་ཚེས་ ༥ ཉིན་ཐོག་མའི་ཉན་ཞིབ་སྐབས་སུའང་། ཁྲིམས་ཞིབ་ཁང་གིས་དུས་ཚོད་མང་པོ་བཏང་སྟེ་ཞུ་རྩ་དང་། ཞུ་ལན་གྱི་དོན་གནད་ཁག་ལ་ཞིབ་འཇུག་བརྟག་ཞིབ་མཐིལ་ནན་སོང་ཡོད་པ་དང་། ཐོག་མའི་ཉན་ཞིབ་སྐབས་ཀྱི་འབྲེལ་ཆགས་ཁྲིམས་ཡིག་གི་བྱ་རིམ་དང་། ཆ་རྐྱེན་རྣམས་ཟུར་འདོན་གྱིས་འགྲེལ་བཤད་དང་། གསལ་བཟོ་དང་ངེས་བརྟན་བཟོ་རྒྱུའི་དོན་གནད་དེ་ དག་རྩོད་ལན་པར་ཞུ་རྩ་དང་ཞུ་ལན་གྱི་དོན་ཚན་དང་ཤོག་གྲངས་གར་ཡོད་བཅས་པ་བརྡ་སྟོན་དང་། ཐ་ན་ཞུ་རྩ་ཞུ་ལན་གྱི་ ཚིག་བརྗོད་བཀླགས་ཏེ་ར་སྤྲོད་གསལ་པོ་བྱས་ཡོད། ཡིན་ནའང་། རྩོད་ལྡན་པའི་སྙན་ཞུའི་ནང་། གུས་རྩོད་ལན་བ་ངོས་ནས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་ གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ཉེར་དགུ་བའི་ནང་གསེས་ ༼ང༽ བར་ནང་གསལ་ལྟར་སྐྱོན་ འཛུགས་ཀྱི་དོན་ཚན་རེ་རེའི་ཐོག་ལན་འདེབས་གསལ་བོ་ཞུས་ཡོད་པ་དང་ཕྱི་མ་སྦོམ་གྱིདགག་ལན་ལྟ་བུ་བྱས་མེད་ན་ཞེས། རྩོད་ལན་པའི་ངོས་ནས་ཞུ་ལན་དུ་ཞུ་སྦྱོར་བའི་སྐྱོན་འཛུགས་དོན་ཚན་སོ་སོར་དགག་ལན་བྱས་མེད་པའི་མངོན་སུམ་གྱི་ དངོས་དོན་དེ་ཁས་ལེན་བྱས་མི་འདུག་ཁར། ཕན་འདེབས་གསལ་པོ་ཞུས་ཡོད་པ་དང་། སྤྱི་མ་སྦོམ་གྱི་དགག་ལན་ལྟ་བུ་བྱས་ མེད་ཅེས་པ་བདེན་པ་ཡིན་ཚེ། ཁྲིམས་ཞིབ་ཁང་ནས་ཞུ་རྩ་ཞུ་ལན་གྱི་དོན་གནད་ཁག་ནས་ཟུར་འདོན་བྱས་པའི་གསལ་བཟོའི་ དྲི་བ་རེ་རེ་བཞིན་ཞུ་ལན་དུ་དགག་བ་བྱས་མི་འདུག་བས་ཞེས་པའི་རྒྱུ་མཚན་བཀོད་ཡོད་པ་འདི་དག་མི་བདེན་པ་ཆགས་ དགོས་ཀྱི་ཡོད། དེ་རིང་དཔལ་ལྡན་ཁྲིམས་ཞིབ་བ་ལྷན་རྒྱས་ནས་ཞུ་རྩའི་དོན་ཚན་ཁག་གི་ནང་གསེས་དོན་ཚན་ལའང་ལན་འདེབས་དགོས་གལ་གསུངས་བས་ཞེས་པ་ནི། ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་དང་ཐག་གཅོད་བྱེད་སྟངས་ལ་སྒྲོ་སྐུར་དང་། ངན་ཁག་ དཀྲི་ཐབས་ཤིག་ལས་མ་འདས་པ་སྟེ། ། ཀ ཁྲིམས་ཡིག་ཏུ། ཞུ་རྩའི་ནང་གསལ་སྐྱོན་འཛུགས་དོན་ཚན་སོ་སོར་རྩོད་ལན་བ་དེས་ཐད་ཀར་རམ། གོ་དོན་རྟོགས་ངེས་ཀྱི་བརྡ་སྟོན་ཐོག་ནས་དགག་ལན་ཁ་གསལ་མེད་ན་སྐྱོན་འཛུགས་དེ་ངོས་ལེན་བྱས་པར་ཆ་འཛིན་བྱ་རྒྱུ་ཞེས་དང་། ཁ ཞུ་ལན་ལ་སྣོན་འཕྲི་དགོས་པའི་ལམ་སྟོན་ནང་དུའང་། ཞུ་རྩའི་དོན་ཚན་རེ་རེ་བཞིན་གོ་རིམ་མ་འཁྲུག་པར་ཐད་ཀ་ཐད་ཀར་ལན་འདེབས་གསལ་བོ་བྱེད་དགོས་ཞེས་སྣག་གཟུགས་ Bold སུ་བཀོད་ཐོག ཞུ་རྩའི་དོན་ཚན་ཨང་གྲངས་ལུང་ འདྲེན་མ་བྱས་བར་དགག་ལན་བྱས་རིགས་སྤྱི་མ་སྦོམ་ཆགས་རྒྱུ་ཞེས་ལས་དང་པོ་བ་ལག་ཁྲིད་ལྟར་སློབ་སྟོན་བྱས་ཡོད།

ག ཐད་ཀ་ཐད་ཀར་ཞེས་དང་། ཨང་གྲངས་ལུང་འདྲེན་མ་བྱས་པའི་སྐྱོན་གནད་དང་བཅས་གསལ་སྟོན་བྱས་ཟིན་པ་དེ་དག་ཏུ། གདོང་ལེན་བྱེད་དགོས་པའི་དོན་ཚན་ཡོད་ཚད་ལ་གདོང་ལེན་བྱེད་དགོས་པ་མ་ཟད། དགག་ལན་བྱས་ཡོད་པ་གང་ ཞིག ཞུ་རྩའི་དོན་ཚན་ཨང་གྲངས་ལུང་འདྲེན་མ་བྱས་པ་ཡིན་ནའང་སྤྱི་མ་སྤོམ་ཆགས་ཀྱི་ཡོད་པའི་བརྡ་སྟོན་གསལ་པོ་ ཡིན་པས། ནང་གསེས་དོན་ཚན་ལ་ལན་འདེབས་བྱེད་མི་དགོས་པའི་གནང་བ་ཡོད་པའི་གོ་དོན་འདི་ཁྲིམས་ཡིག་པར་ ཞོག སྤྱིར་བཏང་ཤེས་བྱའི་ཐོག་ནས་ཀྱང་རྩོད་གཞི་སློང་ཤེས་ཐབས་མེད། །

ང སྐྱོན་འཛུགས་དོན་ཚན་སོ་སོར་ཞེས་པ་ཞུ་རྩའི་ནང་སྐྱོན་འཛུགས་དང་། དགོས་འདུན་གང་ཞིག་བཏོན་པ་དེ་དག་ཆད་ ལྷག་མེད་པར་རེ་རེ་བཞིན་དགག་པའམ་གདོང་ལེན་བྱེད་དགོས་པའི་གོ་དོན་ཡིན་པ་ལས། དོན་ཚན་ཨ་མར་དགག་པ་ བྱས་ན། ནང་གསེས་དང་། ཡང་གསེས་ཁག་ལ་དགག་ལན་མི་དགོས་པ་ལྟ་བུའི་ལོག་འགྲེལ་བྱས་ཚེ། རྩོད་ལན་པས་ཞུ་ ལན་ནང་ཞུ་རྩའི་ནང་གསེས་དོན་ཚན་ཕལ་མོ་ཆེར་དགག་ལན་འབྲི་འགོད་བྱས་པ་དེ་དག་དགོས་མེད་དུ་བཀོད་པ་ཡིན་ནམ།

ཅ རྩོད་ལན་པས་བརྗོད་པ་ལྟར། སྐྱོན་འཛུགས་ཀྱི་དོན་ཚན་རེ་རེའི་ཐོག་ལན་འདེབས་གསལ་བོ་ཞུས་ཡོད་པ་དང་སྤྱི་མ་སྦོམ་གྱི་དགག་ལན་ལྟ་བུ་བྱས་མེད་ཟེར་བ་བདེན་ན། ལན་མ་ཐེབས་པ་དང་། གནད་དུ་མ་འཁེལ་བ་ཇི་སྙེད་ཅིག་ཐོག་ མའི་ཉན་ཞིབ་ཏུ་འདྲི་རྩད་བྱས་པ་དེ་དག་ལྟ་ཞོག ཞུ་རྩ་ ༤༧༠༧ ནས་ ༤༧༡༡ བར་དང་། ༤༨༨ དང་ ༤༨༩ བཅས་སྟོང་བར་བཞག་འདུག་པ་དེ་དག་གི་ལན་འདེབས་གསལ་པོ་ཞུས་ཡོད་ཟེར་བ་དེ་གང་ནས་འཚོལ་དགོས་སམ།

ཆ སྐྱོན་འཛུགས་ཀྱི་དོན་ཚན་རེ་རེ་ཞེས་པ་འདིར་ཞུ་རྩའི་དོན་ཚན་ལའང་དོན་ཚན་ཆེན་མོ་དང་དོན་འབྲིང་། དོན་ཉུང་། ནང་གསེས་དང་། ཡང་གསེས་ཀྱི་དབྱེ་བ་ལྟ་བུ་ཧམ་རྩོད་ཀྱི་དབང་དུ་ཕྱིན་ཏེ། ཁྲིམས་ཡིག་དང་ཁྲིམས་ཞིབ་ཁང་གི་ལམ་སྟོན་ ལ་དེ་ལྟ་བུའི་འགྲེལ་ལོག་བྱས་ན། ཁ་མཆུའི་གནད་དོན་ཐག་གཅོད་ལ་གེགས་བར་དང་། འགོག་རྐྱེན་བཟོ་བ་ལས་ཁེ་ ཕན་གང་ཡང་མེད། ཇ ཐོག་མའི་ཉན་ཞིབ་སྐབས་སུ། ཞུ་རྩར་སྐྱོན་འཛུགས་བྱས་པའི་དོན་ཚན་གང་དེའི་བརྗོད་པ་ལུང་དྲངས་ཏེ། ཞུ་ལན་དུ་དགག་བ་བྱས་མི་འདུག་བས་ཞེས་རྩོད་ལན་པར་གསལ་བཟོའི་དྲི་བ་རེ་རེ་བཞིན་བཀོད་པ་ཞིག་ཡིན་པ་ལས། ཁྲིམས་ ཞིབ་པས་དོན་ཚན་ཁག་གི་ནང་གསེས་དོན་ཚན་ལའང་ལན་འདེབས་དགོས་གལ་ཞེས་རྩ་བ་ཉིད་ནས་གསུངས་མེད་པས། དེ་ནི་རྩོད་ལན་པས་སོ་སོའི་དགོས་འདོད་ལྟར་རྟོག་བཟོ་བྱས་པ་ཞིག་ཡིན། ལྷག་པར་དུ་ཞུ་ལན་ལ་སྣོན་འཕྲི་དགོས་པའི་རྒྱུ་མཚན་དུ། དེ་རིང་དཔལ་ལྡན་ཁྲིམས་ཞིབ་པ་ལྷན་རྒྱས་ནས་ཞུ་རྩའི་དོན་ཚན་ ཁག་གི་ནང་གསེས་དོན་ཚན་ལའང་ལན་འདེབས་དགོས་གལ་གསུངས་བས་ཞེས་བཀོད་པ་ནི། ཁྲིམས་ཞིབ་པའི་དབང་ཆ་དང་ ཁྲིམས་ཡིག་གི་དགོངས་དོན་ལ་སྣང་ཆུང་ཁྱད་གསོད་དང་། ཁྲིམས་ཡིག་གི་བྱ་རིམ་ཚུལ་མིན་དུ་སྤྱད་རྒྱུར་ཡ་མི་ང་བའི་རྣམ་ འགྱུར་ཞིག་ཏུ་མངོན། ། སྤྱི་མང་ཁྲིམས་ཡིག་དོན་ཚན་ ༣༣ [ག] ནང་གསལ་གྱི་བྱ་རིམ་འདི། གཏུག་བཤེར་གྱི་དུས་རིམ་གང་འདྲ་ཞིག་གི་སྐབས་སུ་ ཡིན་རུང་གྱོད་ཡ་ཕན་ཚུན་སུ་རུང་ནས་རང་ཉིད་ཀྱི་ཞུ་སྙན་པ་སྒྱུར་བཅོས་སམ། སྣོན་འཕྲི་བྱ་རྒྱུའི་བཀའ་འཁྲོལ་ཞུ་ཆོག་ ནའང་། འདིའི་དགོས་དམིགས་ནི། ཁྲིམས་ཞིབ་ཁང་ནས་དྲང་བདེན་གྱི་ཁེ་ཕན་ལ་བལྟོས་ཏེ་བཀའ་འཁྲོལ་སྤྲོད་མིན་ཐག་གཅོད་ བྱ་རྒྱུ་དེ་ཡིན་ཞིང་། ཁྲིམས་ཞིབ་ཁང་ལ་སྣོན་འཕྲི་སྒྱུར་བཅོས་ཡོང་བར་བཀའ་འཁྲོལ་ཞུ་རྒྱུའི་སྙན་ཞུ་དེའི་ནང་། གྱོད་གཞིའི་དོན་གནད་ངོ་མ་ཐག་གཅོད་ཀྱི་སླད་དུ་མཁོ་བ་ཞིག་དགོས་བ་ནི་བྱ་རིམ་འདིའི་གཞི་རྩའི་ཆ་རྐྱེན་ཡིན་པས། གནད་དོན་ངོ་མ་ གང་དང་གང་ཞིག་ཐག་གཅོད་ཀྱི་སླད་དུ་ཞུ་ལན་གྱི་ནང་དོན་གང་དང་གང་ལ་སྣོན་འཕྲི་སྒྱུར་བཅོས་ཇི་ལྟར་ཞུ་རྒྱུའི་རྒྱུ་མཚན་ གང་ཡང་མ་འཁོད་ཁར། ད་དུང་དེ་རིང་དཔལ་ལྡན་ཁྲིམས་ཞིབ་བ་ལྷན་རྒྱས་ནས་ཞུ་རྩའི་དོན་ཚན་ཁག་གི་ནང་གསེས་དོན་ ཚན་ལའང་ལན་འདེབས་དགོས་གལ་གསུངས་བས་ཞེས་ཁྲིམས་ཞིབ་པར་སྒྲོ་སྐུར་ཞུས་པའི་རྟོག་བཟོའི་གནད་དོན་ཞིག་རྒྱུ་ མཚན་དུ་དྲངས་ཏེ། ཞུ་ལན་ལ་སྣོན་འཕྲིའི་བཀའ་འཁྲོལ་སྙན་ཞུ་ཕུལ་བ་དེར་བདག་སྤྲོད་བྱ་རྒྱུའི་གཞི་རྩ་གང་ཡང་མ་མཐོང་། མདོར་ན། དོན་ཚན་འདི་དྲང་བདེན་གྱི་ཁེ་ཕན་དམིགས་ཡུལ་དུ་བཟུང་སྟེ། གྱོད་གཞིའི་གནད་དོན་ངོ་མ་ཐག་གཅོད་ལ་ཕན་ མིན་ཚད་གཞིར་བཟུང་ཐོག ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུའི་ཁྲིམས་ཡིག་གི་ཆ་རྐྱེན་ཞིག་ཡིན་པས། རྩོད་ལན་པས་ ཁྲིམས་ཡིག་གི་བྱ་རིམ་ལྟར་མ་བསྒྲུབས་པའི་ཐོག ཁྲིམས་ཞིབ་ཁང་ནས་ལམ་སྟོན་བགྱིས་པ་ལའང་མ་གནས་པ་ཞིག་ལ། དམིགས་ཡུལ་དང་ཚད་གཞི་གང་གི་ཐོག་ནས་ཀྱང་ངོས་ལེན་བྱ་རྒྱུའི་རྒྱུ་མཚན་མི་ལྡན་ན། ཞུ་ལན་ལ་སྣོན་འཕྲི་ཞུ་རྒྱུའི་དུས་ འགྱང་གི་སྙན་ཞུ་ཁྲིམས་ཡིག་གི་འགྲོ་སྟངས་ལྟར་མ་ཡིན་པར་དེར་བདག་སྤྲོད་བྱ་རྒྱུ་མིན། ། དེར་བརྟེན། ཐོག་མའི་ཉན་ཞིབ་ཀྱི་བྱ་རིམ་འཕྲོ་མཐུད་དེ་བསྐྱངས་པ་རྣམས་ཁྲིམས་ཡིག་གཞིར་བཟུང་ཁྲིམས་ཞིབ་ཁང་གི་རྩ་ འཛིན་ཡིག་ཆའི་ཁོངས་སུ་འཇུག་འགོད་བྱ་རྒྱུ་དང་། ཁ་མཆུ་འདིའི་ཐོག་མའི་ཉན་ཞིབ་གྲུབ་པར་ངོས་འཛིན་བྱས་པ་ཡིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༩ ཟླ་ཚེས་ལ། །

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།