ཁམས་དཔལ་ཡུལ་རྫོང་ཁོངས་ནས་བོད་མི་བཞི་འཇུ་བཟུང་།
སིད་སུར་གནས་སྡོད་འཆི་མེད་སངས་རྒྱས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་༤ ཚེས་༢༡ ཉིན་གྱི་ཕྱི་དྲོ། ཁམས་དཀར་མཛེས་ཁུལ། དཔལ་ཡུལ་རྫོང་། མངའ་འབངས་ཁྲོམ་ཐར་འབར་ཆུང་སྡེ་པའི་ཐུབ་དགའ་དང་། ག་དེ། སྐྱ་མོ། འཇམ་དབྱངས་བཞི་རྒྱ་ནག་གཞུང་གི་ཉེན་རྟོག་པས་གློ་བུར་དུ་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག

ད་དུང་ཉེན་རྟོག་པས་ཡུལ་དེའི་མི་ཕན་ཚུན་འགྲོ་སྡོད་ལ་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། ཁོང་ཚོ་བཞི་འཇུ་བཟུང་བྱེད་དོན་རྒྱ་མི་གཏེར་ཁ་སྔོག་མཁན་ལ་ས་ཆ་མ་བཙོང་བའི་རྐྱེན་གྱིས་ཡིན་འདུག དེ་སྔོན་ཤྭ་བ་ཐང་ཞེས་པའི་ས་ཆ་བཙོང་རོགས་ཞེས་ལོ་མང་སོང་ཡོད་པ་དང་། ད་ལོ་ལྷག་ཏུ་ནན་གྱིས་བསྐུལ་ཡང་མི་མང་གིས་དང་ལེན་མ་བྱས་པ་དང་། གཏེར་ཁ་སྔོག་མཁན་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་སྐབས། དཔལ་ཡུལ་རྫོང་གི་ཉེན་རྟོག་པས་ཁྱེད་ཚོ་ལ་ལྟོས་ཞེས་པའི་འཇིགས་སྐུལ་བྱས་པར་བརྟེན། ཁོང་ཚོ་རི་ལ་ཟླ་བ་གཅིག་ལྷག་བྲོས་བྱོལ་བྱས་ཡོད་འདུག
དེ་རྗེས་ཅུང་འཇམ་ནས་ཟླ་ཁ་ཤས་རྗེས། ཕྱི་ཟླ་༤ ཚེས་༢༡ ཉིན་གྱི་ཕྱི་དྲོ་གློ་བུར་དུ་ཐུབ་དགའ་དང་། སྐྱ་མོ་གཉིས་རྡོ་ཁོ་ཞེས་པའི་ས་གནས་འཇུ་བཟུང་དང་། ག་དེ་ཞེས་པ་ཁྱིམ་ན་ཡོད་སྐབས། འཇམ་དབྱངས་མགར་ཚང་གཏེར་ཁ་སྔོག་སའི་ཤྭ་བ་ཐང་ཞེས་པའི་ས་གནས་སུ་འགྲོ་སྐབས་འཇུ་བཟུང་བྱས་ཡོད་འདུག
ཕྱི་ཚེས་ ༢༢ ཀྱི་དགོང་མོར་གཉེན་རྟོག་པ་ཡོང་ནས་ས་གནས་མི་མང་གི་འཕྲུལ་རྟ་འཁོར་ལོ་གསུམ་བཙན་འཕྲོག་དང་། ད་དུང་དགོང་ལོ་ཟེར་བའི་སྐྱེ་དམན་ཞིག་ལ་ཉེས་རྡུང་དྲག་པོ་བཏང་ཡོད་འདུག
ས་གནས་རྒྱ་མིའི་དམག་མི་མང་པོ་ཡོང་ཡོད་པར་བརྟེན། མི་སྐྱ་མང་པོ་ད་ལྟ་རི་ལ་བྲོས་བྱོལ་དུ་སོང་ཡོད་འདུག །