ཁེ་ན་ཌའི་བོད་རིགས་ཚོགས་པ་ཟེར་བ་དེར་སྲིད་བློན་གྱིས་རྒྱབ་སྐྱོར་ཡི་གེ་སྤྲད་མེད་འདུག

རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཁེ་ན་ཌའི་བོད་རིགས་ཚོགས་པ་ཟེར་བ་ཞིག་ཉེ་ཆར་གསར་འཛུགས་བྱས་ཏེ་མཛད་སྒོ་འཚོགས་འདུག་པ་དང་། སྐབས་དེར་ཚོགས་པ་དེར་ཁེ་ན་ཌའི་སྲིད་བློན་གྱི་རྒྱབ་སྐྱོར་ཡོད་པའི་ཡི་གེ་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་བཞིན་ཡོད་པས། སྲིད་བློན་གྱིས་ལས་ཁང་ནས་ཚོགས་པ་དེར་ཡི་གེ་འདི་འདྲ་ཞིག་སྤྲད་མེད་ཁར། ཡི་གེ་དེའི་ཐད་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཁེ་ན་ཌའི་བོད་རིགས་ཚོགས་པ་ཟེར་བ་ཞིག་ཉེ་ཆར་གསར་འཛུགས་བྱས་ཏེ་མཛད་སྒོ་འཚོགས་འདུག་པ་དང་། སྐབས་དེར་ཚོགས་པ་དེར་ཁེ་ན་ཌའི་སྲིད་བློན་གྱི་རྒྱབ་སྐྱོར་ཡོད་པའི་ཡི་གེ་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་བཞིན་ཡོད་པས། སྲིད་བློན་གྱིས་ལས་ཁང་ནས་ཚོགས་པ་དེར་ཡི་གེ་འདི་འདྲ་ཞིག་སྤྲད་མེད་ཁར། ཡི་གེ་དེའི་ཐད་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཟླ་༤ པའི་ཚེས་༢༣ ཉིན་ཁེ་ན་ཌའི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༤ པའི་ཚེས་༢༠ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་རུ། རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཁེ་ན་ཌའི་བོད་རིགས་ཚོགས་པ་ཞེས་པ་ཞིག་གསར་འཛུགས་བྱས་པའི་མཛད་སྒོ་ཞིག་འཚོགས་ཡོད་འདུག་པ་དང་། སྐབས་དེར་ས་གནས་ཀྱི་ཆབ་སྲིད་མི་སྣ་ཁག་ཅིག་ཀྱང་མཉམ་ཞུགས་བྱས་ཡོད་འདུག མཛད་སྒོ་དེའི་སྐོར་རྒྱ་ཡིག་བརྒྱུད་ལམ་ཞིག་ཏུ་གནས་ཚུལ་སྤེལ་ཡོད་འདུག་པ་དང་། གནས་ཚུལ་དེའི་ཁེ་ན་ཌའི་སྲིད་བློན་ཇཱ་སི་ཀྲན་ཀྲུ་རོ་ཌེ་དང་གནས་སྤོ་བའི་ལས་ཁང་གི་བློན་ཆེན་ཨཱ་མེཌ་ཧཱ་སན་གཉིས་ཀྱིས། ཚོགས་པ་དེ་གསར་འཛུགས་བྱས་པར་དགའ་བསུའི་ཡི་གེ་བཏང་ཡོད་སྐོར་འཁོད་འདུག རྗེས་སུ་ཡི་གེ་དེ་དག་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་ཆེན་པོ་ཕྱིན་ཡོད་པས། འབྲེལ་ཡོད་སྲིད་བློན་དང་བློན་ཆེན་ལས་ཁང་གཉིས་ནས། ཡི་གེ་དེ་གཉིས་བཏང་མེད་པ་གསལ་བཤད་བྱས་ཏེ་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཁེ་ན་ཌར་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་དྲུག་གིས། ཚོགས་པ་དེ་གསར་འཛུགས་བྱས་པར་ངོ་རྒོལ་བྱས་ཏེ། ཚོགས་པ་དེས་ཁེ་ན་ཌར་ཡོད་པའི་བོད་པ་རྣམས་ཀྱི་བསམ་ཚུལ་མཚོན་ཐུབ་ཀྱི་མེད་སྐོར་དང་། དེ་བཞིན་ཁེ་ན་ཌའི་མི་མང་མགོ་སྐོར་གཏོང་ཆེད་དུ། རྒྱལ་ཁབ་དེའི་སྲིད་བློན་གྱི་རྒྱབ་སྐྱོར་ཡི་གེ་རྫུན་མ་བཟོས་པར་ཧང་སང་ཡོད་སྐོར་བརྗོད་འདུག

མཛད་སྒོ་དེར་སྐུ་མགྲོན་དུ་ཕྱིན་མཁན་ཀྲོ་རོན་ཀྲོ་གྲོང་ཁྱེར་གྱི་གྲོས་ཚོགས་མི་སྣ་ཞིག་གིས། མཛད་སྒོ་དེར་ཕྱིན་པའི་པར་རྣམས་ཁོང་གིས་ཊེའུ་ཊར་བརྒྱུད་ལམ་ཏུ་བཀོད་འདུག་པས། དེའི་འོག་ཏུ་མི་མང་པོ་ཞིག་གིས་རྒྱ་ནག་གི་རྒྱབ་སྐྱོར་ཡོད་པའི་ཚོགས་པ་ཞིག་ལ་རྒྱབ་སྐྱོར་བྱས་པ་ནོར་འཁྲུལ་ཆེན་པོ་ཡིན་སྐོར་དང་། ཁོང་གིས་བོད་མི་རྣམས་ལ་དགོངས་སེལ་ཞུ་དགོས་སྐོར་མཆན་བཀོད་མཁན་མང་པོ་འདུག

མཛད་སྒོ་དེའི་སྐབས་སུ་ཚོགས་པ་དེའི་ཚོགས་གཙོ་དང་པོ་རྡོ་རྗེ་བསྟན་འཛིན་གྱིས། རྒྱ་ནག་གཞུང་གིས་བོད་ནང་ལ་ཡར་རྒྱས་ཆེན་པོ་བཏང་ཡོད་པ་དང་། ཐོབ་ཐང་ཡང་ཆེ་རུ་བཏང་ཡོད་སྐོར་བརྗོད་ནས་བསྔགས་བརྗོད་བྱས་ཡོད་འདུག དེ་བཞིན་ཁོང་གིས་ཚོགས་པ་དེས་དམིགས་ཡུལ་ནི་རྒྱ་ནག་དང་ཁ་བྲལ་གཏོང་བར་ངོ་རྒོལ་བྱེད་རྒྱུ་དང་། བསྐྱར་འཛོམས་ཀྱིས་མཉམ་སྡོད་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

བོད་ཀྱི་ལོ་རྒྱུས་མཁས་དབང་ཚེ་རིང་ཤ་ཀྱཾ་ཡིས་ཁེ་ན་ཌའི་བརྒྱུད་ལམ་ཐོག་ཏུ། ཁེ་ན་ཌ་ནང་དུ་བོད་རིགས་གཞོན་སྐྱེས་ནུས་པ་ལྡན་པ་ཁག་ཅིག རྒྱལ་ཁབ་དེའི་ཆབ་སྲིད་ནང་མཉམ་ཞུགས་བྱས་ཏེ་ལས་གནས་མཐོན་པོ་ཐོབ་ཀྱི་ཡོད་པ་དེར་རྒྱ་ནག་གཞུང་སེམས་འཚབ་སྐྱེས་ནས། ཁེ་ན་ཌ་ནང་བོད་མིའི་ཚབས་མཚོན་བྱེད་མཁན་གཞན་པ་ཞིག་དགོས་པའི་བསམ་ཚུལ་ཡོད་པ་མཐོང་གི་ཡོད་པ་དང་། ཚོགས་པ་གསར་པ་དེར་རྒྱ་ནག་གཞུང་གི་དགའ་བསུ་བྱེད་ངེས་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།