ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་གཟེངས་རྟགས་སྤྲོད་རྒྱུ་ཡིན་པ་རེད།

“ང་རང་ཚོའི་སྤྱི་ཚོགས་ནང་བསམ་བློའི་རང་དབང་དང་དཔལ་འབྱོར་གྱི་རང་དབང་གཉིས་སྲུང་སྐྱོབ་བྱེད་མ་ཐུབ་པ་ཡིན་ན། མ་འོངས་པར་ང་ཚོ་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དང་། མི་རིགས་ཀྱི་ངོ་བོ་སྲུང་བར་དོ་ཕོག་ཉམས་ཉེས་སུ་འགྲོ་རྒྱུ་ཡིན་པ་གསལ་པོ་རེད་”ཅེས་དཔལ་འབྱོར་བཀའ་བློན་གྱིས་གསུངས་སོང་།

“ང་རང་ཚོའི་སྤྱི་ཚོགས་ནང་བསམ་བློའི་རང་དབང་དང་དཔལ་འབྱོར་གྱི་རང་དབང་གཉིས་སྲུང་སྐྱོབ་བྱེད་མ་ཐུབ་པ་ཡིན་ན། མ་འོངས་པར་ང་ཚོ་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དང་། མི་རིགས་ཀྱི་ངོ་བོ་སྲུང་བར་དོ་ཕོག་ཉམས་ཉེས་སུ་འགྲོ་རྒྱུ་ཡིན་པ་གསལ་པོ་རེད་”ཅེས་དཔལ་འབྱོར་བཀའ་བློན་གྱིས་གསུངས་སོང་།

ཟླ་འདིའི་ཚེས་༣༡ ནས་ཉིན་གཉིས་རིང་དྷ་ས་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པས་གོ་སྒྲིག་འོག བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཡར་ཐོན་ཚོང་ལས་གཉེར་བཞིན་པའི་ས་གནས་ཆེ་ཁག་ནས་ཚོང་པ་བརྒྱ་སྐོར་ཞིག་གི་ཚོགས་ཆེན་ཞིག་འཚོགས་ཡོད་པ་རེད།

དེར་ཡར་ཐོན་ཚོང་ལས་གནང་ཕྱོགས་དང་འབྲེལ་བའི་ཐོག་གཏམ་བཤད་དང་བགྲོ་གླེང་། འདེམས་སྒྲུག སོགས་གནང་རྒྱུ་ཡིན་པ་དང་། ས་གནས་ཁག་ནས་ཚོང་པ་བརྒྱ་ཙམ་མཉམ་ཞུགས་བྱས་ཡོད་པ་རེད། བཀའ་ཤག་སྐབས་བཅུ་བཞི་པས་གསར་གཏོད་གནང་བའི་ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་གཟེངས་རྟགས་ཧིན་སྒོར་འབུམ་བཅོ་ལྔ་དེ་སྤྲོད་རྒྱུ་ཡིན་པ་དང་། སྲིད་སྐྱོང་ཁྱད་མཁས་ཚོང་པའི་གཟེངས་རྟགས་འདེམས་སྒྲིག་ནང་ཆ་རྐྱེན་ཚང་མཁན་བྱུང་མེད་པ་རེད།

DSC_0070ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་དང་། ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་ཕེབས་ཡོད་པ་དང་། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ཀྱིས་ཚོགས་འདུའི་ངོ་སྤྲོད་དང་ཚོང་ལས་ཡར་རྒྱས་དགོས་སྐོར་གསུང་དོན། “རྒྱལ་ཁབ་གང་ཞིག་ཡིན་རུང་རྒྱལ་ཁབ་དེ་དང་དེའི་མང་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་སྲ་བརྟན་དང་། ཡར་རྒྱས་གོང་འཕེལ་ཡོང་ཐུབ་ཐབས་བྱེད་རྒྱུ་ནི་ལས་དོན་གལ་ཆེ་ཤོས་ཤིག་ལ་བརྩི་ཡི་ཡོད། ང་རང་ཚོས་འདས་པའིི་ལོ་རབས་བཅུ་དགུ་དང་ཉི་ཤུའི་གནས་སྟངས་ལ་གཟིགས་ན། ཨེ་ཤི་ཡའི་གླིང་ཕྲན་ཁག་གི་ནང་རྒྱལ་ཁབ་མང་པོའི་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཕྱིན་པའི་གནས་ཚུལ་དེ་འདྲ་བྱུང་ཡོད། དཔེར་ན། ལྷོ་ཀོ་རི་ཡ་དང་། སིངྒ་པུར། སྔོན་གྱི་ཆགས་རབས་དང་ད་ལྟའི་ཆགས་རབས་གཉིས་ཀྱི་དབར་ཁྱད་པར་ཆེན་པོ་ཕྱིན་ཡོད། ཁྱད་པར་ཆེན་པོ་བྱུང་བ་དེ་དག་དཔལ་འབྱོར་གྱི་གནས་བབ་ཡག་པོ་བྱུང་བ་ལ་བརྟེན་ནས་བར་ཁྱད་བྱུང་བ་རེད། དཔལ་འབྱོར་གྱི་གནས་བབས་དེ་ཡང་ཡར་ཐོན་རིག་གསར་ཅན་གྱི་ཚོང་ལས་པ་མང་པོ་ཐོན་ཐུབ་པ་བྱུང་ཞིང་། དེ་བཞིན་བཟོ་སྐྲུན་པ་དང་། མང་ཚོགས་ཀྱི་འཚོ་བའི་གནས་སྟངས་དང་འབྲེལ་བ་ཆགས་པའི་ཐོན་སྐྱེད་བཟོ་བསྐྲུན་པ་བཅས་སྐྱེད་བསྲིངས་མང་པོ་ཐུབ་པ་བྱུང་ཡོད། ལྷག་པར་ང་རང་ཚོའི་གནས་བབ་དང་འདྲ་བའི་ཇིའུ་མི་རིགས་ཀྱི་གནས་བབ་ལ་བལྟས་པ་ཡིན་ན། ལོ་ངོ་སྟོང་ཕྲག་གཉིས་ལྷག་ང་རང་ཚོ་དང་འདྲ་བར་བཙན་བྱོལ་དུ་གནས་དགོས་པ་བྱུང་ཡོད་རུང་། མི་རིགས་ཀྱི་ལེགས་བྱང་དང་། ངོ་བོ་ཉམས་ཉེས་སུ་མ་ཕྱིན་པའི་ཁར་སྲུང་སྐྱོབ་ཐུབ་པའི་གནས་སྟངས་ཤིག་ཀྱང་འགྱུར་ཡོད་པ་ཚང་མས་མཁྱེན་གསལ་རེད། དེ་ལྟར་འགྱུར་བའི་གཞི་རྩ་ནི་དཔལ་འབྱོར་དང་ཤེས་ཡོན་གཉིས་ཀྱི་ཐོག་ལ་སྐུ་ལས་བསྐྱོན་པའི་འབྲས་བུ་ཞིག་ཆགས་ཡོད། དཔལ་འབྱོར་ཡར་རྒྱས་ཀྱི་གནས་སྟངས་འགྲོ་རྒྱུ་དེ་ཡང་མི་རིགས་ཀྱི་དཔལ་འབྱོར་གནས་སྟངས་ཉམས་རྒུད་དུ་མ་འགྲོ་བ་ཞིག་དང་། ཡང་ན་ཡར་རྒྱས་ཕྱིན་པའི་གནས་སྟངས་དེ་ཡང་དཔལ་འབྱོར་ཡོད་མཁན་གྱི་ཇིའུ་མི་རིགས་གང་ཡོད་པ་དེ་དག་གིས་ཇིའུ་མི་རིགས་གཞན་ཉམས་ཐག་པའི་རིགས་དེ་ཚོར་གནས་སྐབས་དང་འཕྲལ་སེལ་གྱི་རོགས་པ་བྱེད་པ་ཙམ་དུ་མ་ཟད། ཁོང་རང་ཚོ་ཡིན་ནའང་ཚོང་པའི་སྤྱི་ཚོགས་ཤིག་ནང་འཛུལ་ནས་ཚོང་པ་ཞིག་ལ་འགྱུར་རྒྱུར་མི་རིགས་ཚང་མས་ཤུགས་བསྐྱོན་ཡོད། དཔེར་ན་ཇིའུ་མི་རིགས་ནང་ཚོང་པ་གྲགས་ཅན་མང་པོ་ཡོད། དེ་འདྲའི་ཆ་ནས་མི་རིགས་ཀྱི་ངོ་བོ་དང་རིགས་གཞུང་མ་བརླག་པར་ཉར་བསྲུང་ཐུབ་པའི་གནད་འགག་ཅིག་ཆགས་ཡོད་”ཅེས་སོགས་གསུངས་སོང་།

དཔལ་འབྱོར་བཀའ་བློན་གྱིས་མུ་མཐུད་ཚོང་ལས་ཀྱིས་བོད་པའི་འཐབ་རྩོད་ལ་ཕན་ཐོགས་ཡོད་སྐོར་གསུང་དོན། “ང་ཚོ་བོད་པའི་གནས་བབ་ཡིན་ནའང་༡༩༥༩ ལོར་རྒྱ་གར་དུ་འབྱོར་བ་ནས་བཟུང་མང་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཡོང་ཆེད་ས་ཞིང་འདེབས་ལས་ཀྱི་ལས་དོན་འགོ་འཛུགས་གནང་བ་དང་། མཐུན་རྐྱེན་འཛུགས་བསྐྲུན་གྱི་ཆེད་དུ་བཟོ་གྲྭ་ཁག་མང་པོ་ཞིག་སྒོ་ཕྱེས་ཡོད། ༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་ལམ་སྟོན་འོག་མཉམ་འབྲེལ་གྱི་ལས་དོན་ཐོག་ནས་མང་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་ཆེད་ལས་དོན་མང་པོ་ཞིག་སྤེལ་ཡོད། ལས་དོན་དེ་དག་སྤེལ་ཐོག་ད་ལྟའི་ཆར་མང་ཚོགས་ཀྱི་དཔལ་འབྱོར་མི་དམན་ཙམ་ཡོད། ཡིན་ཡང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ད་ལྟའི་ཆར་ཡར་ཐོན་ཚོང་པ་ཐོན་པ་དམིགས་བསལ་བྱུང་མེད། དེར་བརྟེན་དེ་འདྲའི་ཐོག་ནས་ད་ལྟ་ཡིན་ནའང་ང་ཚོ་མང་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་སྲ་བརྟན་ཐུབ་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་ཆགས་ཡོད། ང་རང་ཚོའི་སྤྱི་ཚོགས་ནང་བསམ་བློའི་རང་དབང་དང་དཔལ་འབྱོར་གྱི་རང་དབང་གཉིས་སྲུང་སྐྱོབ་བྱེད་མ་ཐུབ་པ་ཡིན་ན། མ་འོངས་པར་ང་ཚོ་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དང་། མི་རིགས་ཀྱི་ངོ་བོ་སྲུང་བར་དོ་ཕོག་ཉམས་ཉེས་སུ་འགྲོ་རྒྱུ་ཡིན་པ་གསལ་པོ་རེད། དེར་བརྟེན་ལོ་བཅུ་ཕྲག་སྔོན་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོས་ནས་མང་ ཚོགས་ཀྱི་ཁྲོད་ཚོང་ལས་ཀྱི་ལས་དོན་སྐྱོང་ཐུབ་པའི་ཆེད་མ་རྩ་ཆེད་འཛུགས་ཀྱི་འགོ་ཁྲིད་ཀྱི་ལས་དོན་གནང་ཡོད། མང་ཚོགས་ལ་ཕན་ཐོགས་བྱུང་ཡོད་ལ། མང་ཚོགས་ཁོངས་སུ་ཚོང་པ་གསར་པ་སྐྱེད་སྲིང་བྱ་ཕྱིར་ནུས་པ་ཐོན་པ་ཞིག་ཏན་ཏན་བྱུང་ཐུབ་ཡོད། ཡིན་ནའང་ལོ་ཤས་སྔོན་འཕྲལ་ཕུག་གི་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་བོད་མིའི་སྒྲིག་འཛུགས་ངོས་ནས་ཐད་ཀར་མ་རྩ་བཙུགས་ནས་ཚོང་ལས་བྱེད་རྒྱུ་དེ་མཚམས་འཇོག་གནང་ཡོད། དེ་རྗེས་ཐུན་རྐྱེན་དང་ཡོང་འབབ་ཡག་པོ་ཡོད་མཁན་ཚོ་སྒེར་བདག་ཅན་དུ་བསྒྱུར་བ་དང་། བྱེ་བྲག་ཡོང་འབབ་མེད་རིགས་རྣམས་སྒོ་བརྒྱབ་དགོས་པ་བྱུང་ཡོད། ད་ལྟའི་ཆར་སྒེར་བདག་ཅན་མང་པོ་ཞིག་ཡར་རྒྱས་ཀྱི་གནས་སྟངས་འོག་འཚོ་གནས་ཐུབ་ཡོད། དེ་རིང་ཡར་ཐོན་ཚོང་པའི་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་ནང་ཡར་ཐོན་ཚོང་པ་ཡོད་པ་དེ་དག་མ་འོངས་པར་དེང་དུས་ཀྱི་རིག་རྩལ་དང་མཐུན་ཞིང་ནུས་པ་ལྡན་པ་ཞིག་ཡོང་ཐབས་སྐོར་ཚོགས་འདུ་ཚོགས་པ་ཞིག་ཡིན་”གསུངས་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་༧གོང་ས་མཆོག་གིས་བོད་མིའི་ནང་ཚོང་ལས་པ་ཐེར་འབུམ་གྱི་བདག་པོ་དེ་འདྲ་ཡོང་དགོས་ཀྱི་འདུག་ཅེས་གསུངས་པ་ལག་བསྟར་ཡོང་ཐབས་དགོས་སྐོར་དང་འབྲེལ་ནས་ཚོང་ལས་སྐོར་གསུང་བཤད་གནང་དོན། “བོད་མིའི་ཚོང་ལས་པའི་ནང་བརྒྱ་ཆ་༨༥ ལ་ཚོང་ལས་ཀྱི་ཟབ་སྦྱོང་རག་མྱོང་མེད་པ་དང་། མཐོ་སློབ་མཐར་ཕྱིན་པའི་ཚོང་པ་བརྒྱ་ཆ་༡༤ ལས་མེད་པ་ཞིབ་འཇུག་སྙན་ཐོའི་ནང་ཐོན་ཡོད་པ་རེད། ཡིན་ནའང་ད་ལྟ་བོད་མིའི་ནང་ཚོང་པ་ཡག་པོ་བྱུང་ཡོད་པ་དང་། བོད་པའི་ནང་མི་ནས་ཕ་མ་གཉིས་ཀ་དང་ཕྲུ་གུ་ཚང་མས་ལས་ཀ་བྱེད་ཀྱི་ཡོད་པས། ཡོང་འབབས་མང་བ་ཡོད་པའི་ཞིབ་འཇུག་སྙན་ཐོ་བྱུང་ཡོད་པ་རེད་”ཅེས་རྒྱ་གར་དང་མི་འདྲ་བར་ནང་མི་ཚང་མས་དཀའ་ལས་བརྒྱབ་ནས་གྲུབ་འབྲས་ཡག་པོ་བྱུང་ཡོད་སྐོར་དང་། ད་ལྟ་ཚོང་ལས་ཡར་ཐོན་པ་དགོས་པ་རེད་ཅེས་གསུངས་སོང་།
ཡར་ཐོན་ཚོང་པ་དགོས་སྐོར་དང་འབྲེལ་ནས་གསུང་དོན། “ཚོགས་འདུ་བསྐོང་པ་ཙམ་གྱིས་འགྲིག་གི་མི་འདུག རྨང་གཞིའི་ཐོག་ནས་ཡར་ཐོན་ཚོང་པའི་ཐོག་འགྲོ་དགོས་ཀྱི་འདུག སློབ་གྲྭ་འཛིན་གྲྭ་བཅུ་པ་མཐར་ཕྱིན་སྐབས། སློབ་ཚན་འདེབས་ཀ་སྤྲོད་ཀྱི་ཡོད་པ་རེད། དེའི་སྐབས་སློབ་མས་ཚོང་ལས་སློབ་ཚན་བདམས་ན། དེར་ཚོང་ལས་ཀྱི་སློབ་ཚན་དགོས་ཀྱི་འདུག ད་ལྟ་བར་དུ་རྩིས་པའི་སློབ་སྦྱོང་སྤྲོད་ཀྱི་ཡོད་རེད། འཛིན་གྲྭ་བཅུ་གཅིག་བཅུ་གཉིས་ནང་ཚོང་ལས་ཀྱི་སློབ་ཚན་ཚང་མ་ཡོད་ན་མཐོ་སློབ་མཐར་ཕྱིན་སྐབས་ཚོང་གི་ལས་དོན་བྱེད་ཐུབ་ཀྱི་རེད། ཆུང་ཆུང་སྐབས་ནས་ཚོང་གི་སློབ་སྦྱོང་སྤྲོད་དགོས་པ་རེད་”ཅེས་གསུངས་པ་དང་། ཁོང་གིས་དཔལ་འབྱོར་དེ་མི་རིགས་ཀྱི་འཐབ་རྩོད་ཐོག་མེད་ཐབས་མེད་པ་ཡིན་སྐོར། བོད་ཀྱི་ལོ་རྒྱུས་ནང་རྒྱལ་པོ་ཆེན་པ་དང་། བླ་མ་ཆེན་པོ་སྐད་གྲགས་ཡོད་མཁན་བྱུང་ཡོད་ནའང་། ལོ་རྒྱུས་ནང་ཚོང་པ་དེ་འདྲ་བྱུང་མྱོང་མེད་པས། མ་འོངས་པར་འབྱུང་དགོས་སྐོར་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།