ཁྲིམ་དཔོན་གྱིས་སྲིད་འཛིན་ཊོམ་ལ་ཨ་སྒོར་ས་ཡ་༢ སྤྲོད་དགོས་པའི་བཀའ་རྒྱ་བཏང་འདུག 

ཕྱི་ལོ་༢༠༡༨ ལོར་སྒོ་བརྒྱབ་པའི་ཊོམ་གྱི་ཐེབས་རྩ་ཁང་དང་འབྲེལ་བའི་གྱོད་གཞི་དང་འབྲེལ་ནས། ཁྲིམས་དཔོན་ཞིག་གིས་སྲིད་འཛོན་ཊོམ་གྱིས་ཐེབས་རྩ་ཁང་གི་དངུལ་སྒེར་གྱི་འགྲོ་གྲོན་ཆེད་བེད་སྤྱོད་བཏང་ཡོད་པས།  རོགས་ཚོགས་གཞན་ལ་ཨ་སྒོར་ས་ཡ་༢ བགོ་བགྲེམས་བྱེད་དགོས་པའི་བཀའ་རྒྱ་བཏང་འདུག 

ཕྱི་ལོ་༢༠༡༨ ལོར་སྒོ་བརྒྱབ་པའི་ཊོམ་གྱི་ཐེབས་རྩ་ཁང་དང་འབྲེལ་བའི་གྱོད་གཞི་དང་འབྲེལ་ནས། ཁྲིམས་དཔོན་ཞིག་གིས་སྲིད་འཛོན་ཊོམ་གྱིས་ཐེབས་རྩ་ཁང་གི་དངུལ་སྒེར་གྱི་འགྲོ་གྲོན་ཆེད་བེད་སྤྱོད་བཏང་ཡོད་པས།  རོགས་ཚོགས་གཞན་ལ་ཨ་སྒོར་ས་ཡ་༢ བགོ་བགྲེམས་བྱེད་དགོས་པའི་བཀའ་རྒྱ་བཏང་འདུག 

ཟླ་༡༡ པའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ནིའུ་ཡོག་མངའ་སྡེའི་ཁྲིམས་དཔོན་ཞིག་གིས། ཕྱི་ལོ་༢༠༡༦ ལོའི་སྲིད་འཛིན་གྱི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་ཊོམ་གྱིས་། རྒྱལ་ཁབ་ཀྱི་དམག་ཟུར་གྱི་ཆེད་དུ་བསྡུ་རུབ་བྱས་པའི་ཐེབས་རྩའི་རོགས་དངུལ་རྣམས། འོས་བསྡུའི་ཆེད་དུ་བེད་སྤྱོད་བྱེད་དུ་བཅུག་ཡོད་པས། ཕན་ཐོགས་ཐོབ་ཡུལ་གྱིས་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ལ་ཡོད་པའི་ཡིད་ཆེས་རྡོག་རོལ་བཏང་ཡོད་པ་དང་། སྲིད་འཛིན་ཊོམ་སྒེར་ལ་ཨ་སྒོར་ས་ཡ་༢ དང་འབྲེལ་བ་མེད་པའི་རོགས་ཚོགས་༨ ལ་བགོ་བགྲེམས་བྱེད་དགོས་སྐོར་བཀའ་རྒྱ་བཏང་འདུག སྲིད་འཛིན་ཊོམ་གྱིས་ཐག་གཅོད་དེར་སྐྱོན་བརྗོད་དང་སྦྲགས། ཁོང་གི་ཐེབས་རྩའི་དངུལ་ཆ་ཚང་རོགས་ཚོགས་ཁག་ལ་འགྲོ་སོང་བཏང་ཡོད་པ་དང་། ཁོང་གིས་ཤེས་པར་བྱས་ན། ལོ་རྒྱུས་ནང་རོགས་ཚོགས་ཁག་ལ་ཨ་སྒོར་ས་ཡ་༡༩ སྤྲད་མཁན་གཅིག་པུ་དེ་ཡིན་སྲིད་པ་དང་། ད་དུང་ཡང་སྲིད་དོན་པ་ཚོས་ཁོང་ལ་སྐྱོན་འཛུགས་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག 

སྲིད་འཛིན་ཊོམ་ལ་ཉེས་འཛུགས་བྱེད་མཁན་གཞུང་གི་ཁྲིམས་རྩོད་པས། སྲིད་འཛིན་ཁོང་གིས་ཐེབས་རྩའི་དངུལ་སྒེར་གྱི་ཆེད་དུ་བེད་སྤྱོད་བཏང་བ་ཁས་ལེན་བྱས་ཡོད་པས། མ་འོངས་པར་ཐེབས་རྩ་ཁང་འཛིན་སྐྱོང་བྱེད་རྒྱུར་གཏན་དུ་བཀག་སྡོམ་བྱེད་དགོས་པའི་རེ་སྐུལ་བྱས་ཀྱང་། ཁྲིམས་དཔོན་གྱིས་དེ་ལྟར་ཁྲིམས་ཐག་བཅད་མེད་འདུག དེ་བཞིན་བཅད་ཁྲའི་ནང་དུ་ཊོམ་གྱི་ནང་མི་གསུམ་ཡང་ཊོམ་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ནང་དུ་ཡོད་པས། ཁོང་རྣམས་རོགས་ཚོགས་ཀྱི་འགན་འཛིན་དང་ལས་བྱེད་རྣམས་ཀྱི་ལས་འགན་ཐོག་གི་སྦྱོང་བརྡར་ནང་ངེས་པར་དུ་མཉམ་ཞུགས་བྱེད་དགོས་པ་ཡིན་འདུག 

དེ་ཡང་ཕྱི་ལོ་༢༠༡༦ ལོར་ཝ་ཤིན་ཀྲོན་གསར་འཕྲིན་གྱིས་ཊོམ་ཐེབས་རྩ་ཁང་ཐོག་ཞིབ་འཇུག་བྱས་པའི་གནས་ཚུལ་ཞིག་སྤེལ་རྗེས། ཨ་རིའི་ནིའུ་ཡོག་མངའ་སྡེ་གཞུང་གི་ཁྲིམས་རྩོད་ལས་ཁང་གིས་ལོ་གཉིས་རིང་གནད་དོན་དེའི་ཐོག་ཞིབ་འཇུག་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༨ ལོ་མཇུག་ཏུ་ཨ་རིའི་སྲིད་འཛིན་ཊོམ་གྱི་ཐེབས་རྩ་ཁང་གི་རོགས་དངུལ་མང་པོ་ཞིག སྒེར་གྱི་ཁེ་ཕན་ཆེད་བེད་སྤྱད་པའི་ཉེས་འཛུགས་བྱུང་སྟེ། ཊོམ་གྱི་ནང་མི་གཙོས་པའི་འབྲེལ་ཡོད་ལས་བྱེད་ཁག་ལ་ཞིབ་འཇུག་འོག་ཡོད་པས། ཁོ་ཚོས་ཀྱང་ཐེབས་རྩ་ཁང་དེ་སྒོ་རྒྱག་རྒྱུར་མོས་མཐུན་བྱས་ཏེ། དེའི་རྒྱུ་དངོས་རྣམས་ཐེབས་རྩ་གཞན་ལ་བགོ་འགྲེམ་བྱེད་རྒྱུ་ཐག་གཅོད་བྱས་འདུག སྐབས་དེར་ཊོམ་ཐེབས་རྩ་ཁང་གི་ཁྲིམས་རྩོད་པས་ཐེབས་རྩ་ཁང་སྒོ་རྒྱག་རྒྱུ་དེ་ཉེས་འཛུགས་དང་འབྲེལ་བ་མེད་ཁར། ཕྱི་ལོ་༢༠༡༦ ལོར་ཨ་རིའི་སྲིད་འཛིན་དུ་ཊོམ་འདེམས་ཐོན་བྱུང་རྗེས་ཐེབས་རྩ་ཁང་སྒོ་རྒྱག་རྩིས་བྱས་ཀྱང་། ནིའུ་ཡོག་མངའ་སྡེ་གཞུང་གི་ཁྲིམས་རྩོད་ལས་ཁང་གིས་དེ་ལྟར་བྱེད་དུ་བཅུག་མེད་པ་དང་། ཐེངས་འདིར་སྒོ་རྒྱག་རྒྱུའི་གནད་དོན་དེ་ཆབ་སྲིད་ངོ་བོར་སྒྱུར་གྱི་ཡོད་པའི་སྐྱོན་བརྗོད་བྱས་ཏེ། འདས་པའི་ལོ་ངོ་བཅུ་ཕྲག་ནང་ཐེབས་རྩ་ཁང་དེས་སྲིད་འཛིན་ཊོམ་གྱི་སྒེར་དངུལ་ཨ་སྒོར་ས་ཡ་༨.༢༥ ཚུད་པའི་ཨ་སྒོར་ཁྱོན་བསྡོམས་ས་ཡ་༡༩ ཞིག་རོགས་ཚོགས་མི་འདྲ་བ་༧༠༠ ལས་མང་བར་བགོ་འགྲེམ་བྱས་ཡོད་པས། སྤོབས་པ་ཆེན་པོ་ཡོད་སྐོར་བརྗོད་འདུག ལོ་དེའི་ཟླ་༦ པའི་ནང་སྲིད་འཛིན་ཊོམ་གྱིས་ཐེབས་རྩ་ཁང་གིས་ཁྲིམས་འགལ་གྱི་ལས་དོན་གང་ཡང་བྱས་མེད་པས། མངའ་སྡེ་གཞུང་གི་ཁྲིམས་རྩོད་ལས་ཁང་དང་གྲོས་མཐུན་འཇོག་རྒྱུ་མེད་སྐོར་བརྗོད་ཡོད་ཀྱང་། སྐབས་དེར་ཐེབས་རྩ་ཁང་དེ་སྒོ་རྒྱག་རྒྱུར་གྲོས་མཐུན་བྱུང་ཡོད་པ་རེད།

དེ་བཞིན་ནིའུ་ཡོག་མངའ་སྡེའི་གཞུང་གི་ཁྲིམས་རྩོད་ལས་ཁང་གི་ཞིབ་འཇུག་སྙན་ཐོའི་ནང་དུ། ཕྱི་ལོ་༢༠༠༨ ལོ་ནས་ཊོམ་གྱིས་ཐེབས་རྩ་ཁང་དེར་སྒེར་དངུལ་ཞལ་འདེབས་གཅིག་ཀྱང་སྤྲད་མེད་པ་དང་། ཐེབས་རྩ་ཁང་དེའི་དངུལ་འགྲོ་སོང་གཏོང་བར་མིང་རྟགས་འགོད་ཆོག་མཁན་ཁོང་གཅིག་པུ་བཟོས་ཡོད་ཁར། ཐེབས་རྩ་ཁང་དེའི་རོགས་དངུལ་མང་པོ་ཞིག་སྲིད་འཛིན་ཊོམ་གྱི་སྒེར་གྱི་ཁྲིམས་གཏུག་ཁག་ཞི་འགྲིག་ཡོང་ཆེད་བཏང་ཡོད་ཁར། ཕྱི་ལོ་༢༠༡༦ ལོའི་ཟླ་༡ པོའི་ནང་ཐེབས་རྩ་ཁང་དེར་ཨ་སྒོར་ས་ཡ་༢.༨ བྱུང་བ་དེ། ཊོམ་གྱི་སྲིད་འཛིན་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་ལ་འགྲོ་སོང་བཏང་སྐོར་འཁོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།