ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པའི་བཅོས་གསོའི་ཆད་འགེལ་བཀའ་ཁྱབ།

ཟླ་འདིའི་ཚེས་༩ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་༢༠ པ་དང་འབྲེལ་བའི་བཀའ་ཁྱབ་ཅིག་སྤེལ་བའི་ནང་། “རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་ཁྲིམས་རྩོད་པའི་ཆེད་ལས་བཟང་སྤྱོད་བོར་བ་དང་། ཁྲིམས་རྩོད་པའི་བླང་དོར་ཞུ་སྒོར་རྒྱབ་འགལ་བྱས་པའི་བཅོས་གསོར།

ཟླ་འདིའི་ཚེས་༩ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་༢༠ པ་དང་འབྲེལ་བའི་བཀའ་ཁྱབ་ཅིག་སྤེལ་བའི་ནང་། “རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་ཁྲིམས་རྩོད་པའི་ཆེད་ལས་བཟང་སྤྱོད་བོར་བ་དང་། ཁྲིམས་རྩོད་པའི་བླང་དོར་ཞུ་སྒོར་རྒྱབ་འགལ་བྱས་པའི་བཅོས་གསོར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྲད་པའི་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ལག་ཁྱེར་ནུས་མེད་དུ་བཏང་སྟེ། བཀའ་ཁྱབ་འདི་བཏང་ཉིན་ནས་བཟུང་བློ་བཟང་གྲགས་པས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གང་དུའང་ཁྲིམས་རྩོད་པའི་ལས་འགན་ལེན་མི་ཆོག་པའི་ཆད་འགེལ་ཐག་གཅོད་བྱས་པ་དང། རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་སྒར་རལ་བཙོང་ནས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་ཚབས་ཆེན་བྱས་པའི་བཅོས་གསོར། ༡ བློ་བཟང་གྲགས་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱེད་མཁན་ཡིན་པའི་གསལ་བསྒྲགས་བྱས་པ་དང་། ༢ བློ་བཟང་གྲགས་པས་བཀའ་ཁྱབ་འདི་བཏང་ཚེས་ནས་ཉིན་གྲངས་བཅོ་ལྔ་ནང་ཚུན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་གཙོ་དང་། ྋརྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་བཤགས་སྡོམ་མཇལ་དར་དང་། བརྒྱ་མཆོད་འབུལ་དགོས་ཀྱི་ཆད་འགེལ་བྱས་པའི་བཀའ་ཁྱབ་”བཏང་འདུག

ཁྲིམས་རྩོད་པ་བློ་བཟང་གྲགས་པར་ཁ་པར་བརྒྱུད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དེའི་ཐོག་བསམ་ཚུལ་དྲིས་པར། ཁོང་གིས་དེ་རིང་དེའི་སྐོར་ལན་འདེབས་བྱེད་རྒྱུ་མིན་སྐོར་གསུངས་སོང་།

ཞིབ་ཕྲའི་གནས་ཚུལ་དྲ་ཐག་འདིར་གཟིགས།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།