ཁྲིམས་ཞིབ་པ་རྣམས་ཁྲིམས་མཐུན་མིན་པའི་ངོ་རྒོལ་ལས་འགུལ་བསྐྱར་དུ་སྤེལ་སོང་།

ཟླ་༡༡ ཚེས་༡༩ ཉིན་གྱི་སྔ་དྲོ་རྡ་སའི་གངས་སྐྱིད་དུ་ཉམས་པ་སླར་གསོའི་ལས་འགུལ་བ་ཁག་ཅིག་གིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༡༠ པའི་ཐོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་གྲོས་ཆོད་ཡིག་ཆ་ཨང་༣༩ པ་བཞག་རྗེས། ཁྲིམས་ཞིབ་པ་རྣམས་ལས་ནས་ཕྱིར་ཐོན་ཡོད་ནའང་། ཟླ་གཉིས་ཙམ་གྱི་རྗེས་བསྐྱར་དུ་ལས་ཁུར་བླངས་བ་ཁྲིམས་མཐུན་མིན་སྐོར་བརྗོད་ནས། བསྐྱར་དུ་ངོ་རྒོལ་ལས་འགུལ་སྤེལ་སོང་།

ཟླ་༡༡ ཚེས་༡༩ ཉིན་གྱི་སྔ་དྲོ་རྡ་སའི་གངས་སྐྱིད་དུ་ཉམས་པ་སླར་གསོའི་ལས་འགུལ་བ་ཁག་ཅིག་གིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༡༠ པའི་ཐོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་གྲོས་ཆོད་ཡིག་ཆ་ཨང་༣༩ པ་བཞག་རྗེས། ཁྲིམས་ཞིབ་པ་རྣམས་ལས་ནས་ཕྱིར་ཐོན་ཡོད་ནའང་། ཟླ་གཉིས་ཙམ་གྱི་རྗེས་བསྐྱར་དུ་ལས་ཁུར་བླངས་བ་ཁྲིམས་མཐུན་མིན་སྐོར་བརྗོད་ནས། བསྐྱར་དུ་ངོ་རྒོལ་ལས་འགུལ་སྤེལ་སོང་།

ཉམས་པ་སླར་གསོའི་ལས་འགུལ་བས་གསལ་བསྒྲགས་ནང་། བཙན་འཛུལ་བའི་ཁྲིམས་དཔོན་དྭགས་པོ་བསོད་ནམས་ནོར་བུ་ཟླ་འདིའི་ཚེས་༡༥ ཉིན་རྒན་ཡོལ་དུ་ཕྱིན་པ་ཁྲིམས་མཐུན་རྒན་ཡོལ་མིན་པ་དང་། ཁྲིམས་པ་གཞན་གཉིས་ཀྱིས་ལས་འགན་མུ་མཐུད་ཁུར་བཞིན་པ་དེ་ཁྲིམས་མཐུན་མིན་པས། ཞི་བའི་སྐད་འབོད་བྱེད་རྒྱུ་ཡིན་སྐོར་བསྒྲགས་སོང་།

ལས་འགུལ་བ་བཅུ་གྲངས་ཤིག་གིས་གངས་སྐྱིད་སྤོ་ལོ་རྩེད་ཐང་དུ་ཁྲིམས་ཞིབ་པ་རྣམས་ལ་ངོ་རྒོལ་གྱི་འཕྲེད་དར་འཕྱར་བ་དང་། གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༡༠ པའི་ཐོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བཅའ་ཁྲིམས་ཀྱི་དགོངས་དོན་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་ཐོག་གྲོས་ཆོད་ཡིག་ཆ་ཨང་༣༩ པ་བཞག་ནས་ཐོན་ཟིན་ཡང་། ཕྱི་ལོ་༢༠༢༡ ཟླ་༥ ཚེས་༢༤ ཉིན་ཁྲིམས་འགལ་ཐོག་ཕྱིར་ལོག་བྱས་རྐྱེན། བོད་དོན་འཐབ་རྩོད་དང་ཆོལ་གསུམ་ཆིག་སྒྲིལ་ལ་དོ་ཕོག་དང་། མང་གཙོའི་ཀ་བ་གསུམ་ཀ་བརྗིད་མཉམ་སྟངས་འཛིན་གྱི་ཁྲིམས་སྒྲིག་ཁག་ལ་བརྩི་བཀུར་མེད་པ་ཆགས་པ། བཅའ་ཁྲིམས་རིན་པོ་ཆེར་རྩིས་མེད་རྡོག་རོལ་གྱིས་གང་ཟག་གི་དབང་བསྒྱུར་དུ་སོང་ཞིང་། ནང་ཁུལ་དུ་རྣོ་ངར་ཆེ་བའི་འགལ་ཟླ་འགོ་ཚུགས་ནས་གཞིས་བཞུགས་སྤུན་ཟླ་ཚོར་བློ་ཕམ་དང་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་མུ་མཐུད་འབྱུང་བཞིན་པར་བརྟེན། དེ་སྔོན་མི་གྲངས་༩༨༦ ཡིས་མཚན་རྟགས་བརྒྱབ་པའི་སྙན་ཞུ་ཞིག་དང་། མི་གྲངས་༣༡༠༦ གིས་མཚན་རྟགས་བརྒྱབ་པའི་སྙན་ཞུ་ལྷན་ཁང་ཁག་དང་སྤྱི་འཐུས་མི་རེ་ངོ་རེར་ཞུ་ཡིག་བཅས་སྔ་རྗེས་སུ་ཕུལ་ཡོད་པ་མ་ཟད། རྩ་དོན་འཐབ་རྩོད་དང་ྋགོང་ས་མཆོག་གི་ཐུགས་རེ་བཞིན་སྒྲིག་འཛུགས་སྲ་བརྟན་ཡོང་སླད་བཞུགས་སྒར་དྷ་ས་དང་། མཚོ་པདྨ། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ། ཧུན་སོར། ཀོ་ལི་གྷལ། ཨ་རི། བྷལ་ཇམ། སུད་སི་སོགས་སུ་མི་མང་དང་བླང་གི་ཐོག་ནས་ཁྲིམས་ཞིབ་པའི་མིང་ཁུར་བ་རྣམས་ཁྲིམས་ཞིབ་ཁང་ནས་ངེས་པར་ཕྱིར་ཐོན་དགོས་པའི་འབོད་སྐུལ་གྱི་ལས་འགུལ་སྤེལ་ཡོད་”ཅེས་འཁོད་འདུག

གསར་འགོད་གསལ་བསྒྲགས་ནང་། “མང་ཚོགས་གི་སེམས་ཚོར་ལ་ད་བར་བསམ་ཤེས་གང་ཡང་མ་གནང་བར་བརྟེན། འདི་ག་དྷ་ས་ས་གནས་ཉམས་པ་སླར་གསོའི་མི་མང་དང་བླང་ལས་འགུལ་ཚོགས་ཆུང་གི་ངོས་ནས་ས་གནས་འབྲེལ་ཡོད་གཞུང་དང་། རང་གཞུང་བཅས་ལ་རིམ་པ་བཞིན་བཀའ་འཁྲོལ་ཞུས་ནས། དེ་རིང་ཕྱི་ཟླ་༡༡ ཚེས་༡༩ ཉིན་གངས་སྐྱིད་རྒྱལ་སྒོའི་འགྲམ་ནས་དབུ་འཛུགས་ཀྱིས་འཕྲེད་དར་བཤམ་རྒྱུ་དང་། ཞི་བའི་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་”ཞེས་འཁོད་འདུག

འགུལ་བའི་དགོས་འདུན་གཙོ་བོ་ནི། “བོད་ཀྱི་རྩ་དོན་འཐབ་རྩོད་དང་གཞིས་བཞུགས་དཔའ་བོ་དཔའ་མོ་རྣམས་བློ་ཕམ་མི་ཡོང་བའི་ཆེད་དང་། ྋགོང་ས་མཆོག་གི་ཐུགས་རེ་ལྟར་བཙན་བྱོལ་སྒྲིག་འཛུགས་འདི་བཞིན་ཁྲིམས་མཐུན་ཞིག་སླར་གསོ་ཡོང་ཆེད། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ལྷག་ཡོད་པའི་ཁྲིམས་རྫུན་གཉིས་པོ་ངེས་པར་དུ་ཁྲིམས་ཞིབ་ཁང་ནས་ཁ་བྲལ་ཏེ་ཁྲིམས་ཞིབ་པའི་ཞབས་སྟེགས་སྟོང་པ་བཟོ་དགོས། ཇི་སྲིད་ཁྲིམས་རྫུན་གཉིས་པོ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་མར་མ་དོན་གྱི་བར་དུ་ང་ཚོའི་དེ་སྔོན་དམིགས་ཡུལ་བཞིན་ལས་འགུལ་ནམ་ཡང་མཚམས་འཇོག་མེད་པ་མ་ཟད། ད་དུང་ས་གནས་གང་ས་ནས་ལས་འགུལ་གཞི་རྒྱ་ཆེ་རུ་གཏང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་”བརྗོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།