གཞུང་འབྲེལ་གྱིས་༧སྐུའི་འཁྲུངས་སྐར་སྲུང་བརྩི་གནང་སོང་།

ཟླ་༧ པའི་ཚེས་༦ ཉིན་འཛམ་གླིང་གང་སར་གནས་སྡོད་བྱེད་མཁན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་༧གོང་ས་མཆོག་དགུང་ལོ་༨༤ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བཞུགས་སྒར་དྷ་ས་མེག་གྷན་དུ་ཡོད་པའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། གཞུང་འབྲེལ་གྱི་༧སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་འཚོགས་སོང་། དེ་གར་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་ཀཱི་ཤན་ཀཱ་པུར་གཙོས། བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་རྣམས་དང་། ཉེ་འཁོར་བོད་མི་སེར་སྐྱ་མི་མང་སོགས་མཉམ་ཞུགས་གནང་སོང་།

ཟླ་༧ པའི་ཚེས་༦ ཉིན་འཛམ་གླིང་གང་སར་གནས་སྡོད་བྱེད་མཁན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་༧གོང་ས་མཆོག་དགུང་ལོ་༨༤ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བཞུགས་སྒར་དྷ་ས་མེག་གྷན་དུ་ཡོད་པའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། གཞུང་འབྲེལ་གྱི་༧སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་འཚོགས་སོང་། དེ་གར་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་ཀཱི་ཤན་ཀཱ་པུར་གཙོས། བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་རྣམས་དང་། ཉེ་འཁོར་བོད་མི་སེར་སྐྱ་མི་མང་སོགས་མཉམ་ཞུགས་གནང་སོང་།

མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་གཞུང་ཆེན་རིགས་གཅིག་རྐང་འཛིན་སྐབས་དང་པོའི་གྲུབ་འབྲས་མཐར་སོན་པ་རྣམས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེེད་ལས་དོན་གཟེངས་རྟགས་ཐོབ་མཁན་གཉིས་བཅས་ལ་ལག་ཁྱེར་གནང་བ་དང་། ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་ཀྱིས་རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་གཉན་ཐར་དང་བསམ་གྲུབ་གཉིས་ལ་འདི་ལོར་ཆེད་རྩོམ་དང་ངག་རྒྱུགས་གཉིས་ཀར་ཚད་སོན་བྱུང་བའི་ལག་ཁྱེར་གནང་སོང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ལས་བྱེད་ལས་རྒྱུན་ཞབས་ལོ་༢༥ ཧྲིལ་པོ་ལོན་པའི་ལས་བྱེད་རྒན་གྲས་༨ ལ་ལག་ཁྱེར་གནང་སོང་། སྐུ་མགྲོན་གཙོ་བོས་༧གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་རྒྱ་སྐད་ཐོག་ཡིག་སྒྱུར་བྱས་པའི་དཔེ་དེབ་དང་། རྒྱུན་དུ་རྒྱ་རིགས་རྣམས་ཀྱི་དྲི་བར་༧གོང་ས་མཆོག་གིས་ལན་འདེབས་གནང་བ་རྣམས་བོད་རྒྱ་དབྱིན་གསུམ་ཐོག་ཡོད་པའི་དཔེ་དེབ་ཞིག་དབུ་འབྱེད་གནང་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོས་བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་སོང་བ་དང་། དེའི་ནང་ཐོག་མར་༧གོང་ས་མཆོག་གི་མཛད་རྗེས་རྣམས་ཀྱི་སྐོར་དང་། “འདི་ལོའི་ཟླ་བ་ ༥ པའི་ནང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བོད་གཞིས་བྱེས་གཞུང་མང་ལྷ་མི་ཡོངས་ནས་བརྟན་བཞུགས་བསྟར་འབུལ་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་གང་ཉིད་ནས་དགུང་གྲངས་༡༡༣ སྐོར་སྐུ་ཚེ་བརྟན་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པར་དགའ་སྤྲོ་དཔག་མེད་དང་བཅས་དེ་རིང་གི་དུས་བཟང་འདིར་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་ཆབས་ཅིག བོད་ཀྱི་དུས་སྐབས་གཉན་འཕྲང་ཅན་འདིར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དམ་ཚིག་ཟོང་ཁ་གཅིག་ཏུ་བསྒྲིལ་ནས་ཁ་ཞེ་གཉིས་མེད་ཀྱིས་བཀའ་དགོངས་ཟབ་མོ་རྣམས་བསྒྲུབས་ཏེ་བཀའ་བཞིན་འགྲུབ་པ་མཆོད་པའི་མཆོག་གསུངས་པ་བཞིན་དངོས་ཤུགས་བརྒྱུད་གསུམ་ནས་ཐུགས་མཉེས་པ་འབའ་ཞིག་ཞུ་དགོས་པ་ནི་དོན་གྱི་སྙིང་པོ་ཞིག་ཡིན། འདི་ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་དགུང་ཀེག་དངོས་གཞི་ཡིན་པར་སོང་ལྷ་ བླའི་ཐུགས་དམ་དགོངས་དོན་བཞིན་ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་བོད་མི་སེར་སྐྱ་ཡོངས་ནས་སྐུ་ཕྱའི་ཞབས་རིམ་གསོག་སྒྲུབ་ཞུ་སྒོ་ཁག་འབད་འབུངས་ཞུ་བཞིན་ཡོད་པ་དང་། ད་དུང་ཡང་ཚང་མས་སླ་བཅོས་སུ་མ་སོང་བར་དམ་པ་དོན་གཉེར་གྱིས་ཧུར་བསྐྱེད་ཞུ་རྒྱུར་དུས་ཀུན་ཏུ་ཡིད་འཇགས་དགོས་པའི་སྐུལ་དེད་བསྐྱར་ནན་ཞུ་རྒྱུ་ཡིན།

སྤྱིར་བོད་ཀྱི་སྣོད་བཅུད་ཧྲིལ་པོ་རྒྱ་ནག་དམར་གཞུང་གིས་བཙན་བཟུང་བྱས་ནས་མགོན་པོ་གང་ཉིད་ཀྱིས་དབུས་བྱེས་འབྱོར་བོད་མི་རྣམས་བཙན་བྱོལ་ལ་གྱར་ཏེ་མི་ལོ་༦༠ འགྲོ་བཞིན་ཡོད་ན་ཡང་། གནའ་ནས་ཆོས་སྲིད་གང་ཐད་ནས་འབྲེལ་འདྲིས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དབུས་སའི་གཞུང་མང་ཡོངས་ནས་གང་ཅིའི་ཐད་བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་རྒྱ་ཆེ་གནང་བའི་བཀའ་དྲིན་དང་། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། དབུ་ཁྲིད་རྣམ་པ། ཚོགས་པ་དང་མི་སྒེར་བཅས་ཚང་མར་དེ་རིང་གི་དུས་བཟང་འདིར་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན་”ཞེས་འཁོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱངས་གནང་སོང་དང་། དེའི་ནང་ཐོག་མར་༧གོང་ས་མཆོག་གི་མཛད་རྗེས་སྐོར་དང་། “གོང་ས་མཆོག་གི་མཛད་རྗེས་དེ་དག་ལ་འཛམ་གླིང་ཕྱོགས་ཀུན་ནས་ཡི་རངས་ཏེ་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་གཟེངས་བསྟོད་སོགས་གྲངས་༡༥༠ ལྷག་དགྱེས་འབུལ་ཞུས་ཡོད། ལྷག་པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་གངས་ཅན་པ་རྣམས་ལ་ཐུགས་བརྩེས་བསྐྱངས་པའི་སྐུ་དྲིན་ནི་བསྐལ་པ་སྟོང་གི་བར་དུའང་གཞལ་མི་ཐུབ་པ་ཞིག་ཡིན། བོད་མིའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་འཕྲིན་ལས་ཁོ་ནར་རག་ལུས་ཡོད་པས་མགོན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་མཛད་འཕྲིན་ཆེས་ཆེར་རྒྱས་དགོས་པ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་བདེ་དོན་གྱི་རྩ་བ་ཡང་ཡིན། ང་ཚོ་ཚང་མས་དགའ་གུས་བྱེད་དགོས་པར་ཉེ་སྔོན་ཕྱི་ཟླ་༥ ཚེས་༡༧ ཉིན་བོད་གཞུང་མང་ལྷ་མི་ཡོངས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་ལུང་དང་སྨོན་ལམ་གྱིས་ཟིན་པ་ལྟར་མགོན་པོ་མཆོག་དགུང་གྲངས་༡༡༠ ལྷག་འཚོ་གཞེས་གནང་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་པ་ནི་སྐྱེ་འགྲོ་སྤྱི་དང་ཁྱད་པར་བདག་ཅག་སྐྱབས་འོག་པ་རྣམས་ཀྱི་བསོད་སྐལ་ཡང་ཡིན། འདི་ལོ་ནི་མགོན་པོ་མཆོག་གི་སྐུའི་དགུང་ཀེག་འཁེལ་གྱི་ཡོད་སྟབས་ྋསྐུའི་གསང་བ་གསུམ་ལ་གེགས་ཕྲ་མོ་ཙམ་ཡང་མི་བཞེས་ཆེད་བོད་མི་ཡོངས་ནས་སྤྱི་མཐུན་གྱི་བསོད་ནམས་གསོག་བསྐྱེད་སླད་རྣམ་དཀར་དགེ་བའི་ལས་ལ་འབད་འབུངས་དང་། བླ་སློབ་དབར་གྱི་དམ་ཚིག་བསྲུང་རྒྱུ། ལྷག་དོན་༸མགོན་པོ་མཆོག་གིས་ཅི་གསུང་བཀའ་བསྒྲུབ་ཞུ་དགོས་པ་བཅས་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། དེ་རིང་གི་གོ་སྐབས་འདི་བརྒྱུད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་། ལྷག་པར་འཛམ་གླིང་སྤྱི་ལ་སྨན་པའི་ཁོང་གི་དགོངས་གཞི་དག་དོན་འབྲས་སོན་ཕྱིར་རྒྱབ་སྐྱོར་དང་ལག་བསྟར་དོན་འཁྱོལ་ཡོང་བར་ཕྱོགས་གང་ས་ནས་མཐུན་འགྱུར་སོགས་གནང་མཁན་ཡོངས་དང་། དེ་བཞིན་བོད་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བོད་མི་མང་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན་”ཞེས་འཁོད་འདུག

སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐས་མི་ཀཱི་ཤན་ཀཱ་པུར་གྱིས། ༧གོང་ས་མཆོག་གི་མཛད་རྗེས་སྐོར་དང་། ༧གོང་ས་མཆོག་དྷ་སར་བཞུགས་ནས་བཟུང་། ས་གནས་ཀྱི་མིང་དེ་སྙན་གྲགས་ཆེན་པོ་ཆགས་ཡོད་པ་དང་། རྒྱལ་སྤྱིའི་མགྲོན་ཁང་ཆེ་གྲས་དང་ཚོང་པ་མང་པོ་ཞིག་གིས་དྷ་སར་ཚོང་རྒྱག་འདོད་དང་མ་འཛུགས་བྱེད་འདོད་ཡོད་པས། དེ་དག་ཚང་མ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཡིན་པས་བཀའ་དྲིན་ཆེ་ཞུས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།