གཞོན་ལྷན་གྱི་དབུས་རྒྱུན་ལས་བདུན་གསར་འདེམས་བྱུང་སོང་།

ཟླ་འདིའི་ཚེས་༡༦ ཉིན་དྷ་སའི་རྒྱ་གར་ས་གནས་མི་མང་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༧ པ་མཇུག་བསྒྲིལ་བ་དང་། དབུས་རྒྱུན་ལས་གསར་འདེམས་བྱས་ཡོད་པ་རེད།

ཟླ་འདིའི་ཚེས་༡༦ ཉིན་དྷ་སའི་རྒྱ་གར་ས་གནས་མི་མང་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༧ པ་མཇུག་བསྒྲིལ་བ་དང་། དབུས་རྒྱུན་ལས་གསར་འདེམས་བྱས་ཡོད་པ་རེད།

དེ་ཡང་ཚོགས་ཆེན་འདི་ཟླ་འདིའི་ཚེས་༡༡ ནས་ཉིན་དྲུག་རིང་འཚོགས་པ་འཚོགས་པ་དང་། ཚོགས་པའི་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་ཐག་གཅོད་དང་། དུས་རྒྱུན་གཞོན་ལྷན་ལ་དབུས་རྒྱུན་ལས་༡༠ འོས་འདེམས་དགོས་ཀྱི་ཡོད་ནའང་། ཐེངས་འདིའི་ཚོགས་ཆེན་ཐོག་སྒྲིག་གཞི་བསྐྱར་བཅོས་བྱས་ཏེ། དབུས་བདུན་ལས་མི་དགོས་པ་གཏན་འབེབས་བྱས་ཡོད་པ་རེད།

རྒྱུན་ལས་གསར་པའི་ནང་ཚོགས་གཙོ་ལྡི་ལི་རོ་ཧི་ནི་ས་གནས་གཞོན་ལྷན་ཁོངས་ནས་མགོན་པོ་དོན་འགྲུབ་དང་། ཚོགས་གཞོན་སྦན་ད་ར་ས་གནས་གཞོན་ལྷན་ཁོངས་ནས་བློ་བཟང་ཚེ་རིང་། དྲུང་ཆེ་ལྡི་ལི་རོ་ཧི་ནི་ས་གནས་གཞོན་ལྷན་ཁོངས་ནས་བསོད་ནམས་ཚེ་རིང་། རྒྱུན་ལས་ཡེ་ཤེས་ཆོས་བཟང་། ཚེ་དབང་རབ་རྒྱས། བསྟན་འཛིན་ལྷ་མོ། སྤེན་པ་ཚེ་རིང་བཅས་ལ་འོས་ཐོབ་ཡོད་པ་རེད།

ཉིན་དྲུག་རིང་གི་ཚོགས་ཆེན་ཐོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཞིར་བཞག་ཐོག་བོད་རང་བཙན་སླར་གསོའི་ལས་འགུལ་ཆེད། ཕྱི་ལོ་༢༠༡༩ ཟླ་༡༠ ཚེས་༡ ཉིན་རྒྱ་ནག་དམར་པོའི་གཞུང་འགོ་བཙུགས་ནས་མི་ལོ་༧༠ འཁོར་བའི་ཉིན་མོར་སོང་། དེ་ཉིན་གཞོན་ལྷན་དབུས་ས་གཉིས་ནས་རྒྱ་དམར་གྱིས་བོད་ལ་དབང་བསྒྱུར་དང་བཙན་གནོན་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་རྒྱུ། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལམ་སྟོན་འོག་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ས་གནས་གཞོན་ནུ་ལྷན་ཚོགས་ཁག་གིས་ཁོངས་སོ་སོའི་གྲོས་ཚོགས་འཐུས་མི་དང་།འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག དེ་བཞིན་རྒྱལ་སྤྱིའི་མི་མང་ལ་བོད་འདི་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་བདེན་དཔང་ཡིག་ཆ་འབུལ་ལམ་གྱིས་བོད་རང་བཙན་སླར་གསོའི་བདེན་དོན་ལ་རྒྱབ་སྐྱོར་དགོས་པའི་ཞུ་གཏུགས་དང་གོ་རྟོགས་གང་མང་སྤེལ་རྒྱུ། བོད་རྒྱལ་ལོ་༢༡༤༦རབ་གནས་ས་ཕག་ལོ་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༧སྐུའི་དགུང་ཀེག་དངོས་གཞི་ཡིན་པར་སོང་། མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཆེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ནས་༸རྒྱལ་བའི་སྐུ་ཕྱཱའི་ཆེད་སྲོག་བླུ་ཚེ་ཐར་དང་ཞབས་རིམ་གང་མང་གསོག་བསྒྲུབ་ཞུ་རྒྱུ་སོགས་དོན་ཚན་བརྒྱད་ཐོག་གྲོས་བསྡུར་བྱས་ཏེ། གྲོས་ཆོད་དོན་ཚན་༢༥ བཞག་ཡོད་པ་རེད།
ཚོགས་འདུའི་མཇུག་ཏུ་དབུས་རྒྱུན་གསར་པ་རྣམས་ཀྱིས་ལས་ཁུར་དམ་འབུལ་བྱས་པ་དང་། དྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་དབུས་རྒྱུན་གསར་རྙིང་གཉིས་ལ་འཚམས་འདྲིའི་ཁ་བཏགས་འཐེན་ནས་འཚམས་འདྲི་ཞུས་རྗེས། ཚོགས་གཙོ་གསར་པ་མགོན་པོ་དོན་འགྲུས་ཀྱིས་རྒྱུན་ལས་གསར་པ་རྣམས་ཀྱིས་ལས་དོན་སྔོན་མའི་རྒྱུས་ལས་ཁག་གི་ལས་ཀར་མཇུག་སྐྱོང་མཇུག་སྐྱོང་ཡོང་ཐབས་བྱེད་རྒྱུ་ཡིན་པ་མ་ཟད། ཡར་རྒྱུས་གཏོང་ཐབས། སྔོན་མ་གཞོན་གྱི་ས་གནས་ཁག་ཅིག་གཞོན་འོག་ནས་མར་ཐོན་པ་སོགས་ཀྱི་དཀའ་ངལ་སེལ་ཐབས་སུ་འབད་བརྩོད་བྱེད་རྒྱུ་དང་། ༧གོང་ས་མཆོག་སྐུ་ཚེ་སྐལ་བརྒྱལ་བརྟན་ཞིང་བོད་རང་བཙན་མྱུར་དུ་ཐོབ་པའི་སྨོན་འདུན་ཞུ་ཡིན་ཞེས་གསུངས་རྗེས་ཚོགས་འདུ་མཇུག་བསྒྲིལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།