གཞོན་ལྷན་གྱིས་རང་བཙན་རྩོད་ཀྱི་ཡོད་ནའང་ལངས་ཕྱོགས་གཞན་པ་ལ་དགག་པ་གང་ཡང་མེད་སྐོར་གསུངས་སོང་།

ཟླ་འདིའི་ཚེས་༡༡ ཉིན་དྷ་སའི་རྒྱ་གར་གྱི་ས་གནས་བདེ་དོན་ཚོགས་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༧ པའི་དབུ་འབྱེད་མཛད་སྒོ་འཚོགས་པ་དང་། ཚོགས་དེ་ཉིན་དྲུག་རིང་མ་འོངས་གཞོན་ལྷན་གྱི་ལས་དོན་བྱེད་ཕྱོགས་ཐོག་བསྡུར་དང་། དབུས་རྒྱུན་གསར་འདེམས་དགོས་ཀྱི་ཡོད་པ་རེད། ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨཱ་ཇེས་སིན་དང་། བོད་མི་མང་སྤྱི་འཐུས་ཀྱི་རྒྱུན་ལས་ཁག་ཅིག གཞོན་ལྷན་ཚོགས་གཙོ་ཟུར་པ་དང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་བློ་བཟང་སྦྱིན། གཞོན་ལྷན་ཚོགས་གཙོ་ཟུར་པ་ལྷ་བཟང་ཚེ་རིང་། དྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཕེབས་ཡོད་པ་རེད།

ཟླ་འདིའི་ཚེས་༡༡ ཉིན་དྷ་སའི་རྒྱ་གར་གྱི་ས་གནས་བདེ་དོན་ཚོགས་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༧ པའི་དབུ་འབྱེད་མཛད་སྒོ་འཚོགས་པ་དང་། ཚོགས་འདུ་དེ་ཉིན་དྲུག་རིང་མ་འོངས་གཞོན་ལྷན་གྱི་ལས་དོན་བྱེད་ཕྱོགས་ཐོག་གྲོས་བསྡུར་དང་། དབུས་རྒྱུན་གསར་འདེམས་དགོས་ཀྱི་ཡོད་པ་རེད། ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨཱ་ཇེས་སིན་དང་། བོད་མི་མང་སྤྱི་འཐུས་ཀྱི་རྒྱུན་ལས་ཁག་ཅིག གཞོན་ལྷན་ཚོགས་གཙོ་ཟུར་པ་དང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་བློ་བཟང་སྦྱིན་པ། གཞོན་ལྷན་ཚོགས་གཙོ་ཟུར་པ་ལྷ་བཟང་ཚེ་རིང་། དྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཕེབས་ཡོད་པ་རེད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། ཁོང་གིས་གཞོན་ནུ་ལྷན་ཚོགས་ཀྱི་བོད་ཀྱི་འཐབ་རྩོད་ཀྱི་ལས་འགུལ་དེ་འདི་ལོ་གསུམ་བཅུའི་དུས་དྲན་སྐབས་ལྟ་བུ་ཡིན་ན་ཚགས་ཚུད་དང་ཡར་རྒྱས་བྱུང་ཡོད་ཀྱང་། དེ་ཡིས་འདོད་པ་ཁེངས་རྒྱུ་མེད་པར། མུ་མཐུད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་ལས་འགུལ་སྤེལ་དགོས་སྐོར་དང་། རྒྱ་ནག་ད་ལྟ་སྟོབས་ཆེན་རེད་ཟེར་མཁན་ཡོད་པ་རེད་དེ། ཕྱི་དངོས་པོ་ཡར་རྒྱས་སོང་ཡོད་ནའང་། ནང་དུ་མི་མང་ལ་མང་གཙོའི་རང་དབང་དང་། ཆོས་དད་རང་དབང་། གསར་འགོད་རང་དབང་སོགས་མེད་པས་ཉིན་གཅིག་རྒྱ་ནག་མི་མང་ཡིན་ནའང་། རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་གསུངས་སོང་ལ། བོད་མིའི་རང་བཙན་འཐབ་རྩོད་དང་འབྲེལ་ནས་གསུང་དོན། “བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་དེ་རང་བཙན་རེད། དེ་ང་ཚོ་བོད་པ་ཡིན་པའི་ཆ་ནས། ཐོབ་ཐང་ཡིན་པའི་ཆ་ནས། ང་རང་ཚོའི་ལས་འགན་ཡིན་པའི་ཆ་ནས། ལོ་རྒྱུས་ཀྱི་བདག་པོ་ཡིན་པའི་ཆ་ནས། ང་ཚོས་རང་བཙན་རྩོད་ཀྱི་ཡོད། ཡིན་ནའང་ལངས་ཕྱོགས་གཞན་པ་ལ་དགག་པ་གང་ཡང་མེད་ལ། དམིགས་བསལ་དབུ་མའི་ལམ་གྱི་སྲིད་ཇུས་ལ་གུས་བརྩི་བྱེད་ཀྱི་ཡོད། ང་ཚོ་བོད་ཀྱི་དཀའ་ངལ་སེལ་དགོས་རེད་ལ། དཀའ་ངལ་སེལ་ཐབས་སུ་ཐབས་ཇུས་འདྲ་མིན་ཡོད་ཆོག་པ་དང་། ཡོད་དགོས་ངེས་ཤིག་ཀྱང་རེད་ཅེས་”མ་འོངས་པར་ལངས་ཕྱོགས་ག་རེ་ཡིན་མིན་ལ་མ་ལྟོས་པར། ཆིག་སྒྲིལ་གྱི་ནུས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།

དེ་བཞིན་གཞོན་ལྷན་ཚོགས་གཙོས། ༢༠༡༣ ལོར་གཞོན་ལྷན་གྱི་ས་གནས་ཁག་བརྒྱད་ཅིག་གཞོན་ལྷན་དབུས་ཀྱི་འོག་ཏུ་མི་འདུག་ཅེས་མར་ཐོན་པ་དང་། རྗེས་སུ་ས་གནས་གཉིས་བཟང་སྤྱོད་ཐོག་ནས་ཡར་ཡོང་རེད། ད་ལྟ་དྲུག་ལྷག་ཡོད་པ་དེ་ཡང་གཞོན་ལྷན་དབུས་ཀྱི་འོག་ཏུ་ཡོང་དགོས་པ་དང་། ༢༠༢༠ ལོར་གཞོན་ལྷན་གསར་འཛུགས་བྱས་ནས་ལོ་༥༠ ཟིན་གྱི་ཡོད་པས། ལོ་ལྔ་བཅུའི་དུས་དྲན་སྲུང་བརྩི་མཉམ་དུ་བྱེད་ཐུབ་དགོས་པ་དང་། རྒྱ་ནག་ལ་ཡང་ལན་ཞིག་ཐེབས་ཀྱི་ཡིན་སྐོར་ཡང་གསུངས་སོང་།

སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨཱ་ཇེས་སིན་གྱིས། གཞོན་ལྷན་དེ་དམིགས་བསལ་གྱི་ཚོགས་པ་ཞིག་ཡིན་པ་དང་། བོད་དོན་འཐབ་རྩོད་མུ་མཐུད་བྱས་ནས་བོད་རང་བཙན་ཐོབ་སྟེ་ཁྱེད་ཚོ་བོད་དུ་ལོག་ཐུབ་པའི་རེ་བ་ཡོད་སྐོར་དང་། རྒྱ་ནག་དེ་སྟོབས་ཆེན་ག་ཚོད་ཡིན་ལབ་ནའང་། རྒྱལ་སྤྱིའི་ཐོག་མཐོང་ཆེན་གང་ཡང་མེད་པས། མུ་མཐུད་བོད་དོན་འཐབ་རྩོད་དགོས་སྐོར་གསུངས་སོང་།

ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག ལོ་གསུམ་རེའི་མཚམས་གཞོན་ལྷན་ངོས་ནས་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་ཤིག་སྤྲོད་ཀྱི་ཡོད་པ་དེ། འདི་ལོའི་གཟེངས་རྟགས་དེ་༢༠༡༧ ལོའི་ཕྱི་ཟླ་༧ ཚེས་༡༤ ཉིན་བོད་དོན་ཆེད་རང་ལུས་མེར་སྲེག་གིས་སྐུ་གྲོངས་པ་བསྟན་འཛིན་ཆོས་དབྱིངས་ཀྱི་མཚན་ཐོག་ཏུ་གནང་ཡོད་པ་དང་། སྐབས་དེར་ཁོང་གི་ཕ་མ་གཉིས་ཡོང་ནས་གཟེངས་རྟགས་བཞེས་ཡོད་པ་རེད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་རྒྱུན་ལས་སྔ་རྗེས་བསྡོམས་ཞབས་ལོ་༡༥ ལྷག་གནང་བའི་ གཟེངས་རྟགས། བོད་ཡིག་ཐོག་སློབ་མའི་ནང་རྩོམ་ཡིག་འགྲན་སྡུར་བྱས་པ་ཁག་གི་བྱ་དགའ་གསོལ་རས་དང་། ལས་འགུལ་ཁག་ལ་དཔལ་འབྱོར་གྱི་རོགས་སྐྱོར་ཤུགས་ཆེན་བྱེད་མཁན་ཚོར་ཐུགས་རྗེ་ཆེ་ཞུའི་ལག་ཁྱེར་གནང་ཡོད་པ་རེད།

གཞོན་ལྷན་གྱི་ཉིན་དྲུག་རང་གི་ཚོགས་ཆེན་ཐོག་ས་གནས་ཁག་༤༥ ནས་ཚོགས་བཅར་བ་༡༥༠ ཙམ་འཛོམས་ཡོད་པ་དང་། བརྗོད་གཞི་གཙོ་བོ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་དོན་སྤེལ་ཕྱོགས་སྐོར་ལ། བོད་རང་བཙན་སླར་གསོའི་ལས་འགུལ་ཁག་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་དང་། བོད་རྒྱལ་ཁབ་ཀྱི་དོན་དུ་རང་ལུས་མེར་བསྲེག་གནང་མཁན་རྣམ་པས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་དང་། ཞལ་ཆེམས་བསྒྲུབ་ཐབས། དགྲ་བོ་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་ཆེད། གཞོན་ལྷན་ནས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར། ༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར། ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་ལམ་སྟོན་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དགོངས་དོན་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་སླད། གཞོན་ལྷན་ནས་ལས་དོན་སྤེལ་ཕྱོགས་ཇི་དགེའི་སྐོར། གཞོན་ལྷན་དབུས་ས་གཉིས་ནས་རྩིས་ཁྲ་ཞིབ་བཤེར་དང་སྤྱི་ཚོགས་ཞབས་ཞུ་སྐོར་སོགས་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།