གར་སོང་ཆ་མེད་གྱུར་བའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པའི་བུ་མོས་རྒྱ་ནག་ནང་གི་ངོ་རྒོལ་ལ་རྒྱབ་སྐྱོར་བྱས་འདུག

ཟླ་བ་༡༡ པའི་ཚེས་༢༧ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པཱེ་ཐང་ཆེན་དུ་མི་མང་སྡེབས་འཛོམས་ཀྱིས། རྒྱ་ནག་ནང་གི་ཤོག་བུ་དཀར་པོ་ཡི་གསར་བརྗེ་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱས་རྗེས། ཚེས་༢༩ ཉིན་ད་ལྟའི་ཆར་གར་སོང་ཆ་མེད་དུ་སོང་བའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གི་བུ་མོ་ཡིས་ཀྱང་ཐའེ་པཱེའི་ཐང་ཆེན་གི་མདུན་དུ། རྒྱ་ནག་ནང་གི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད་དུ། ལག་ཏུ་ཤོག་བུ་དཀར་པོ་བཟུང་ནས། དེང་སང་རྒྱ་ནག་ནང་གི་གྲོང་ཁྱེར་ཆེ་ཁག་ནང་འབྱུང་བཞིན་པའི་ཤོག་བུ་དཀར་པོ་ཡི་གསར་བརྗེ་ལས་འགུལ་ལ་རྒྱབ་སྐྱོར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་བ་༡༡ པའི་ཚེས་༢༧ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པཱེ་ཐང་ཆེན་དུ་མི་མང་སྡེབས་འཛོམས་ཀྱིས། རྒྱ་ནག་ནང་གི་ཤོག་བུ་དཀར་པོ་ཡི་གསར་བརྗེ་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱས་རྗེས། ཚེས་༢༩ ཉིན་ད་ལྟའི་ཆར་གར་སོང་ཆ་མེད་དུ་སོང་བའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་<Gao zhisheng >གི་བུ་མོ་<Geng Ge >ཡིས་ཀྱང་ཐའེ་པཱེའི་ཐང་ཆེན་གི་མདུན་དུ། རྒྱ་ནག་ནང་གི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད་དུ། ལག་ཏུ་ཤོག་བུ་དཀར་པོ་བཟུང་ནས། དེང་སང་རྒྱ་ནག་ནང་གི་གྲོང་ཁྱེར་ཆེ་ཁག་ནང་འབྱུང་བཞིན་པའི་ཤོག་བུ་དཀར་པོ་ཡི་གསར་བརྗེ་ལས་འགུལ་ལ་རྒྱབ་སྐྱོར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་བཞིན་ <Geng Ge >ཡིས་བརྗོད་དོན་ལ་དེ་སྔོན་རྒྱ་ནག་གནམ་བདེ་སྒོ་མོའི་ཐང་ཆེན་དུ་སློབ་མས་ཞི་བའི་མང་གཙོའི་ལས་འགུལ་ཆེན་མོ་སྤེལ་སྐབས། གཞོན་ནུ་ཞིག་ལ་ཁྱེད་ཀྱིས་ལས་འགུལ་ནང་བཞུགས་དོན་ཅི་ཡིན་ཟེར་དུས་ཁོང་གིས་གང་ཡིན་ཟེར་ན་ངའི་བསམ་པར་དེ་ངའི་ལས་འགན་རེད་བསམ་གྱི་འདུག་ཅེས་ལན་བརྒྱབ་སོང་། དེ་བཞིན་ཁ་སྔོན་སི་ཐུང་<sitong>ཟམ་པའི་སྟེང་ངོ་རྒོལ་གནང་མཁན་ཁོང་བཀའ་དྲིན་ཆེན་པོ་ཡིན། གང་ཡིན་ཟེར་ན་ཁོང་གིས་ངོ་རྒོལ་གྱི་མེ་ལྕེ་དང་པོ་དེ་སྤར་བ་རེད་ཅེས་བརྗོད་འདུག

དེ་སྔོན་རྒྱ་ནག་གཞུང་གིས་ཧྥ་ལུང་གྷོང་རྩ་རླུང་སྒོམ་སྒྲུབ་བྱེད་མཁན་དག་ལ་དམ་དྲག་ཤུགས་ཆེན་བྱས་པར། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་<Gao zhisheng> གིས་རྒྱ་ནག་གཞུང་གི་འགོ་ཁྲིད་མང་པོ་ཞིག་ལ་དམ་དྲག་དེ་ནི་ཁྲིམས་དང་མི་མཐུན་པ་ཡིན་ཚུལ་ཡི་གེ་ཐེངས་མང་བྲིས་མཐར། ཁོང་ལོ་མང་རྒྱ་ནག་གཞུང་གི་བཙོན་ཁང་ནང་བཅུག་ནས་རྗེས་སུ་གློད་གྲོལ་བཏང་ན་ཡང་། ཁོ་པས་བཙོན་ཁང་ནང་གི་གནས་སྟངས་རྣམས་གསང་བའི་ངང་ཡིག་ཆའི་ཐོག་བཀོད་པས། རྒྱ་ནག་གཞུང་ནས་སླར་ཡང་འཛིན་བཟུང་བྱས་ནས་ད་བར་ཁོང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག 

གཞན་ཡང་དེང་སང་རྒྱ་ནག་ནང་ངོ་རྒོལ་བྱེད་མཁན་དག་གི་ལག་ཏུ་བཟུང་ཡོད་པའི་ཤོག་བུ་དཀར་པོ་དེའི་མཚོན་དོན་ནི་ང་ཚོ་ལ་བཤད་རྒྱུ་མང་པོ་ཡོད་ཀྱང་བཤད་ཐུབ་ཀྱི་མིན་འདུག་ཅེས་པའི་དོན་ཡིན་བཞིན་ཡོངས་གྲགས་སུ་ཤོག་བུ་དཀར་པོ་ཡི་གསར་བརྗེ་ཅེས་འབོད་ཀྱི་ཡོད་འདུག །

གསར་འགོད་པ་བདེ་སྒྲོན། 

    

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།