གསུང་ངག་ལམ་འབྲས་ཀྱི་བཀའ་ཆོས།
དཔལ་ས་སྐྱའི་༧འཁོན་གདུང་སྐུ་བགྲེས་རཏྣ་བཛྲ་རིན་པོ་ཆེས་ཕྱག་བཏབས་པའི་ཀ་སྤུངས་ས་དགོན་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་ཕྱི་ནང་གི་བརྟེན་དང་རྟེན་པ་བཅས་པ་ལེགས་བསྒྲུབས་ཟིན་ནས། ཁོང་གིས་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་ཆེན་མོ་བཀའ་དབང་བཀའ་དྲིན་བསྩལ་གྱི་ཡོད་པ་རེད།
དཔལ་ས་སྐྱའི་༧འཁོན་གདུང་སྐུ་བགྲེས་རཏྣ་བཛྲ་རིན་པོ་ཆེས་ཕྱག་བཏབས་པའི་ཀ་སྤུངས་ས་དགོན་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་ཕྱི་ནང་གི་བརྟེན་དང་རྟེན་པ་བཅས་པ་ལེགས་བསྒྲུབས་ཟིན་ནས། ཁོང་གིས་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་ཆེན་མོ་བཀའ་དབང་བཀའ་དྲིན་བསྩལ་གྱི་ཡོད་པ་རེད།
དེ་ནང་ས་གནས་ནས་ཐུབ་བསྟན་རྒྱལ་མཚན་གྱིས་གནས་མཁོ་སྤྲོད་གནང་བ་ལྟར་ན། བོད་རྒྱ་ལོ་༢༡༤༢ རབ་གནས་ཤིང་ལུགས་ལོའི་བོད་ཟླ་༨ ཚེས་༢༣ ཕྱི་ལོ་༢༠༡༥ ལོའི་ཕྱི་ཟླ་༡༠ ཚེས་༥ཉིན་ནས་གཟུང་ཟླ་གཉིས་ལྷག་ཙམ་རིང འཇམ་མགོན་སྐུའི་གདུང་སྲས་རྣམ་པ་དབུས་པས་རེས་མེད་ཆོས་བརྒྱུད་ཁག་གི་བླ་སྤྲུལ་རྣམ་པ་གཙོ་བོར་གྱུར་པའི་རྒྱལ་ཕྱི་ནང་གང་སར་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཚོ་གཅིག་ལྷག་ལ་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་བླ་ན་མེད་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་ཆེན་མོ་བཀའ་དབང་བཀའ་དྲིན་བསྩལ་གྱི་ཡོད་པ་རེད།
དེ་ཡང་སྔོན་བྱོན་གོང་མའི་ཕྱག་སྲོལ་ལྟར་ལམ་འབྲས་ཀྱི་བཀའ་ཁྲིད་མ་གནང་སྔོན། གོང་ཚེས་ཉིན་སྔ་དྲོར་ དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཆོས་ཞུ་བ་ཡོངས་ལ་རྣམ་རྒྱལ་མའི་རྗེས་གནང་དང་། རི་ཁྲོད་ལོ་མ་གྱོན་མའི་རྗེས་གནང་། འབྱུང་འདུལ་རྗེས་གནང་བཅས་བཀའ་དྲིན་ཆེ་གནང་མཛད་ཡོད་འདུག
དེའི་ཉིན་ཕྱི་དྲོ་ནས་ལམ་འབྲས་ཚོགས་བཤད་ཆེན་མོའི་བཀའ་ཁྲིད་དངོས་སུ་དབུ་འཛུགས་གནང་སོང་། ཀ་སྤུངས་ས་དགོན་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་ནི་ཕྱི་ལོ་༢༠༠༦ ལོ་ནས་ས་ནས་མི་མང་གི་རེ་འདུན་ལྟར་མགོན་པོ་གང་ཉིད་ཀྱིས་ཐུགས་ཁུར་བླ་མེད་ཐོག་དབུ་འཛུགས་གནང་ཡོད་པ་དང་། འདི་ལོ་སྐྱབས་མགོན་༧གོང་མ་བདག་ཁྲི་རིན་པོ་ཆེ་གང་ཉིད་སྐུའི་དགུང་གྲངས་བདུན་ཅུར་ཕེབས་པའི་འཁྲུངས་སྐར་ཉིན་གང་ཉིད་དབུ་བཞུགས་ཐོགས་དཔལ་ལྡན་དགའ་ལྡན་ཕོ་བྲང་དང་རང་གཞུང་ཆོས་དོན། བོད་མི་མང་སྤྱི་འཐུས་བཅས་ཀྱི་སྐུ་ཚབ་སོགས་ལྷན་བཞུགས་ཐོག་ཕྱི་ནང་གི་བརྟེན་དང་རྟེན་པ་བཅས་པ་ལེགས་གྲུབ་ཟིན་པའི་དབུ་འབྱེད་རྟེན་འབྲེལ་སྒོ་འབྱེད་གནང་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།