གྷན་དྷི་ཡི་འཁྲུངས་སྐར་སྲུང་བརྩི་དང་ཁོར་ཡུག་གཙང་བཟོ།  

དེ་རིང་སྟེ་ཕྱི་ཟླ་༡༠ ཚེས་༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་དྷ་སར་ཁོར་ཡུག་གཙང་བཟོ་བྱེད་པའི་ལས་གཞི་ཞིག་སྤེལ་ནས་བདག་ཉིད་ཆེན་པོ་གྷན་དྷི་སྐུ་འཁྲུངས་ནས་ལོ་ངོ་༡༥༠ འཁོར་བའི་འཁྲུངས་སྐར་དང་། རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོ་སྲུང་བརྩི་ཞུས་སོང་། 

དེ་རིང་སྟེ་ཕྱི་ཟླ་༡༠ ཚེས་༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་དྷ་སར་ཁོར་ཡུག་གཙང་བཟོ་བྱེད་པའི་ལས་གཞི་ཞིག་སྤེལ་ནས་བདག་ཉིད་ཆེན་པོ་གྷན་དྷི་སྐུ་འཁྲུངས་ནས་ལོ་ངོ་༡༥༠ འཁོར་བའི་འཁྲུངས་སྐར་དང་། རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོ་སྲུང་བརྩི་ཞུས་སོང་། 

དེ་ཡང་དེ་རིང་ཞོགས་པའི་ཆུ་ཚོད་༩ ཙམ་ལ་སྲིད་སྐྱོང་བློ་བཟང་སེང་གེས་གཙོས་པའི་བཀའ་བློན་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་བཀའ་ཤག་གི་མདུན་དུ་མཉམ་འཛོམས་ཀྱིས་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་དང་། རྒྱལ་གླུ་མཉམ་ལེན་བྱས་ཏེ་འཁྲུངས་སྐར་སྲུང་བརྩིའི་ལས་གཞི་འགོ་བཙུགས་སོང་། 

ཉིན་མོ་ཁྱད་པར་ཅན་འདི་དང་འབྲེལ་བའི་ཐོག་ལ་སྲིད་སྐྱོང་བློ་བཟང་སེང་གིས་གཏམ་བཤད་གནང་དོན། “གྷན་དྷི་མཆོག་གི་༡༥༠ འཁྲུངས་སྐར་དེ་རྒྱ་གར་ཡོངས་ལ་དམིགས་བསལ་མཛད་སྒོ་དང་། རྒྱ་གར་གཞུང་གི་ཐོག་ནས་ཀྱང་ལས་འགུལ་ཁག་གྷན་དྷི་མཆོག་གི་དགོངས་པ་དང་མཐུན་པའི་ཐོག་རྒྱ་ཆེན་པོ་ཞེ་དྲག་སྤེལ་གྱི་འདུག དེའི་ཉིན་མོར་རྒྱ་གར་གཞུང་མང་ཡོངས་ལ་བོད་མིའི་ཚབ་བྱས་ནས་སྙིང་ཐག་པ་ནས་ཐུགས་རྗེ་གནང་ཞུ་རྒྱུ་ཡིན། གཞི་རྩའི་ཆ་ནས་ཁ་སང་སྲིད་བློན་མོ་དྷི་མཆོག་ནས་མཉམ་འབྲེལ་རྒྱལ་ཚོགས་ནང་བཀའ་སློབ་གནང་བའི་སྐབས་ལ། རྒྱ་གར་གྱིས་ཕྱི་ལ་འགྲེམས་སྤེལ་བྱས་པ་དེ་སྟོན་པའི་ཞི་བདེའི་བསླབ་བྱ་ཡིན་པ་ལས་དམག་འཁྲུག་མིན་དང་། བཅོམ་ལྡན་འདས་ཕྱིའི་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱས་ཡོད་པ་ལས་དམག་བྱས་མེད་ཟེར། དེེར་བརྟེན་རྒྱ་གར་ནས་འཛམ་གླིང་ཡོངས་ལ་ཁྱབ་འཕེལ་ཆེ་ཤོས་ཕྱིན་པ་དེ་བཅོམ་ལྡན་འདས་དང་། གྷན་དྷི་མཆོག་ཆགས་ཡོང་གི་ཡོད་རེད། གཉིས་ཀ་ཞི་བའི་ལམ་དང་། བྱམས་སྙིང་རྗེ། ཡ་རབས་བཟང་སྤྱོད་བཅས་ལ་དགོངས་པ་བཞེས་མཁན་རེད། ལྟ་གྲུབ་དེ་དག་འཛམ་གླིང་ཡོངས་ལ་དར་འཕེལ་ཆེན་པོ་ཆགས་བསྡད་ཡོད་རེད། དེ་དག་གཞི་ལ་བཞག་པའི་ཐོག་ནས་ད་ལྟ་བར་དུ་༧གོང་ས་མཆོག་གིས་ཡིན་ནའང་འཚེ་མེད་ཞི་བའི་ལམ་ནས་རྩ་དོན་རྩོད་ཀྱི་ཡོད།”

ཁོང་གིས་འཛམ་གླིང་ཡོངས་ལ་གྷན་དྷི་མཆོག་གི་འཚེ་མེད་ཞི་བའི་ལམ་གཞི་ལ་བཞག་པའི་ཐོག་ནས་རྩ་དོན་༡༠༠ ལྷག་ལམ་ལྷོང་བྱུང་ཡོད་པ་དང་། རྒྱལ་ཁབ་འགའ་ཤས་ལ་རང་བཙན་རག་པ་བྱུང་ཡོད་སྟབས། ང་ཚོ་བོད་ཀྱིས་ཀྱང་འཚེ་མེད་ཞི་བའི་ལམ་ནས་རྩོད་པ་ཡིན་ན། མིང་དོན་མཚུངས་པའི་རང་སྐྱོང་རག་པའི་རེ་བ་ཡོད་ཚུལ་གསུངས་སོང་། 

གཞུང་འབྲེལ་གཙང་བཟོ་བྱེད་པའི་ལས་གཞི་དེ་ཆུ་ཚོད་༡༠ ཙམ་ལ་དངོས་སུ་གངས་སྐྱིད་ལག་རྩེད་སྤོ་ལོ་རྩེད་ཐང་ནས་འགོ་བཙུགས་སོང་བ་དང་། ལས་གཞི་དེ་འགོ་མ་བཙུགས་པའི་སྔོན་ལ་མེས་དབོན་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཚོ་ཁག་གཅིག་གིས་ཁོར་ཡུག་གཙང་བཟོ་དང་གཅེས་སྐྱོང་གི་གལ་ཆེའི་རང་བཞིན་བརྗོད་བྱར་བཟུང་བའི་གཏམ་བརྗོད་ཐུང་ངུ་ཞིག་ཀྱང་འཁྲབ་སྟོན་བྱས་སོང་། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།