ངོ་དེབ་བརྒྱུད་ནས་དཀྲུག་ཤིང་བསླངས་འདུག 

འཛམ་གླིང་ནང་བཀོལ་སྤྱོད་ཁྱབ་ཆེ་ཤོས་བྱེད་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ངོ་དེབ་དེ། བེད་སྤྱོད་ལོག་པ་བཏང་ནས་སྤྱི་ཚོགས་ནང་དཀྲུག་ཤིང་བསླངས་བར་བརྟེན། ཆོས་ལུགས་དང་མི་རིགས་མི་འདྲ་བའི་བར་མི་གསོད་ཁྲག་སྦྱོར་ལྷག་མྱོང་ཡོད་པ་དང་། ཉེ་ཆར་བྷང་ལ་ཌེ་ཤི་ནང་ཧིན་རྡུ་ཆོས་ལུགས་པ་ཞིག་གི་ངོ་དེབ་ནང་མི་གཞན་ཞིག་གིས་འཇབ་རྒོལ་བྱས་ཏེ། ཆོས་ལུགས་བར་དཀྲུག་ཤིང་བསླངས་པའི་ཁྲོད་ཉུང་མཐར་ཁ་ཆེ་ངོ་རྒོལ་བ་༤ ཡི་ཚེ་སྲོག་ཤོར་འདུག 

འཛམ་གླིང་ནང་བཀོལ་སྤྱོད་ཁྱབ་ཆེ་ཤོས་བྱེད་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ངོ་དེབ་དེ། བེད་སྤྱོད་ལོག་པ་བཏང་ནས་སྤྱི་ཚོགས་ནང་དཀྲུག་ཤིང་བསླངས་བར་བརྟེན། ཆོས་ལུགས་དང་མི་རིགས་མི་འདྲ་བའི་བར་མི་གསོད་ཁྲག་སྦྱོར་ལྷག་མྱོང་ཡོད་པ་དང་། ཉེ་ཆར་བྷང་ལ་ཌེ་ཤི་ནང་ཧིན་རྡུ་ཆོས་ལུགས་པ་ཞིག་གི་ངོ་དེབ་ནང་མི་གཞན་ཞིག་གིས་འཇབ་རྒོལ་བྱས་ཏེ། ཆོས་ལུགས་བར་དཀྲུག་ཤིང་བསླངས་པའི་ཁྲོད་ཉུང་མཐར་ཁ་ཆེ་ངོ་རྒོལ་བ་༤ ཡི་ཚེ་སྲོག་ཤོར་འདུག 

ཟླ་༡༠ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་བྷང་ལ་ཌེ་ཤིའི་མི་སེར་ཧིན་རྡུ་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཞིག་གི་ངོ་དེབ་ཀྱི་འཕྲིན་ཐུང་མཉེན་ཆས་བརྒྱུད་ནས། ཁ་ཆེ་ཆོས་ལུགས་གྱི་ལུང་སྟོན་པ་པོ་མཱོ་ཧཱ་མཌེ་ལ་སྐུར་འདེབས་ཀྱི་འཕྲིན་ཐུང་ཞིག ངོ་དེབ་བཀོལ་སྤྱོད་པ་མང་པོ་ཞིག་ལ་བསྐུར་ཡོད་འདུག རྒྱལ་ཁབ་དེའི་མི་འབོར་ས་ཡ་༡༦༨ ཁོངས་ནས་བརྒྱ་ཆ་༩༠ ཁ་ཆེ་ཆོས་ལུགས་རྗེས་འབྲངས་པ་ཡིན་པས། ཁ་ཆེ་ཆོས་ལུགས་པ་ཁྲི་གཉིས་ལྷག་གིས་གླིང་ཕྲན་ཞིག་ཏུ། ཧིན་རྡུ་ཆོས་ལུགས་པ་མི་དེ་སྲོག་ཐོག་གཏོང་དགོས་པའི་དགོས་འདུན་ཐོག་ངོ་རྒོལ་ལས་འགུལ་སྤེལ་འདུག 

ངོ་རྒོལ་ལས་འགུལ་སྐབས་སུ་ངོ་རྒོལ་བ་ཁག་ཅིག་གིས་ཉེན་རྟོག་པར་རྡོ་གཞུས་པ་སོགས་དྲག་པོའི་རྣམ་འགྱུར་བསྟན་པས། ཉེན་རྟོག་པས་མེ་མདའ་བརྒྱབ་ནས་ཉུང་མཐར་མི་༤ བསད་པ་དང་མི་གྲངས་༥༠ ལྷག་ལ་རྨས་སྐྱོན་བྱུང་འདུག ཉེན་རྟོག་པས་བརྒྱུད་ལམ་ཁག་ཏུ་རང་ཉིད་སྲུང་སྐྱོབ་བྱེད་ཆེད་དུ་མེ་མདའ་བརྒྱབ་པ་ཡིན་སྐོར་བརྗོད་འདུག གླིང་ཕྲན་དེར་ཉེན་རྟོག་པ་དང་དམག་མི་སྣོན་མ་བཏང་ནས་བདེ་འཇགས་སྟངས་འཛིན་དོ་ནན་བྱེད་བཞིན་འདུག དེ་བཞིན་སྨན་ཁང་དུ་ལུས་པའི་ངོ་རྒོལ་བའི་ཁྲོད་ནས། མི་གྲངས་༧ གྱི་གནས་སྟངས་ཚབས་ཆེན་ཡིན་འདུག་པས། ཚེ་སྲོག་ཤོར་མཁན་གྱི་ཁ་གྲངས་ཡར་འཕར་སྲིད་པ་རེད་འདུག 

བྷང་ལ་ཌེ་ཤི་རྒྱལ་ཁབ་ནང་ངོ་དེབ་བརྒྱུད་ནས་ཆོས་ལུགས་བར་དཀྲུག་ཤིག་བསླངས་བའི་གནས་ཚུལ་མི་ཉུང་བ་བྱུང་ཡོད་འདུག་པ་དང་། ཐེངས་འདིར་རྒྱལ་ཁབ་དེའི་སྲིད་བློན་ཤེག་ཧཱ་སི་ནཱ་ཡིས་ཧིན་རྡུ་ཆོས་ལུགས་པ་དེའི་ངོ་དེབ་ནང་། ཁ་ཆེ་ཆོས་ལུགས་པ་ཞིག་གིས་འཇབ་རྒོལ་བྱས་ཏེ་དཀྲུག་ཤིང་སློང་ཆེད་དུ་ངོ་དེབ་བཀོལ་སྤྱོད་པ་གཞན་ལ་འཕྲིན་ཐུང་བཏང་ཡོད་པས། ངོ་དེབ་བརྒྱུད་ནས་དཀྲོག་གཏམ་སྤེལ་ནས་ཁྲིམས་མེད་ལུགས་མེད་ཀྱི་ཁོར་ཡུག་བསྐྲུན་ཐབས་བྱེད་མཁན་དེ་ཚོ་སུ་ཡིན་པ་དང་ཀུན་སློང་ག་རེ་ཡིན་པ་རྩད་གཅོད་བྱས་ནས། ཁྲིམས་གཅོད་བྱེད་རྒྱུ་ཡིན་སྐོར་བརྗོད་པ་དང། མི་མང་ཚོས་བཟོད་སྲན་བྱེད་པའི་རེ་སྐུལ་བྱས་འདུག 

གླིང་ཕྲན་དེའི་ཁུལ་གྱི་ཉེན་རྟོག་དཔོན་གཞོན་པས། རྙོག་གྲའི་ནང་དུ་ཚུད་པའི་ཧིན་རྡུ་མི་དེ་ཉེན་རྟོག་ཁང་དུ་བསླེབས་ནས། ཁོའི་ངོ་དེབ་ལ་མི་ཞིག་གི་འཇབ་རྒོལ་བྱས་ཡོད་སྐོར་སྙན་སེང་ཞུས་ཡོད་པ་དང་། ཉེན་རྟོག་ཁང་གིས་ཀྱང་དེ་ལྟར་བྱུང་ནས་དཀྲུག་རྐྱེན་གྱི་འཕྲིན་ཐུང་བཀྲམ་པར་དོགས་པ་བྱེད་ཀྱི་ཡོད་སྐོར་བརྒྱུད་ལམ་ཁག་ཏུ་བརྗོད་འདུག འོན་ཀྱང་ཧིན་རྡུ་མི་དེའི་ཐོག་ཡོད་པའི་ཆོས་ལུགས་བར་འཁྲུག་རྩོད་བརྒྱུད་སྐུལ་བྱས་པའི་ཉེས་འཛུགས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག 

ཕྱི་ལོ་༢༠༡༦ ལོར་བྷང་ལ་ཌེ་ཤིར་ཁ་ཆེ་ཆོས་ལུགས་པ་ཚོས། ངོ་དེབ་སྟེང་དུ་ཁ་ཆེའི་ཆོས་ལུགས་ཀྱི་གནས་ཆེན་ཞིག་ལ་འཕྱ་སྨོད་བྱས་པའི་གནད་དོན་དང་འབྲེལ་ནས། ཧིན་རྡུ་ཡི་ལྷ་ཁང་ཞིག་གཏོར་རྒོལ་བཏང་ཡོད་པ་མ་ཟད། ཕྱི་ལོ་༢༠༡༢ ལོར་ནང་པའི་ན་གཞོན་ཞིག་གིས་ངོ་དེབ་སྟེང་དུ་པར་ཞིག་བཞག་ནས། ཁ་ཆེ་ཆོས་ལུགས་ཀྱི་དཔེ་ཆར་དམའ་འབེབས་བྱས་པའི་གནས་ཚུལ་དང་འབྲེལ་ནས། ནང་པའི་དགོན་པ་དང་ཁང་པ། ཚོང་ཁང་སོགས་ལ་མེ་བརྒྱབ་པའི་གནས་ཚུལ་བྱུང་འདུག རྒྱལ་སྤྱིའི་ནང་ངོ་དེབ་བརྒྱུད་གནས་ཚུལ་རྫུན་མ་ཁྱབ་སྤེལ་བཏང་ནས་འོས་བསྡུར་ཤུགས་རྐྱེན་སྤྲད་པ་དང་། ཆོས་ལུགས་བར་འཁྲུག་འཛིངས་བསླངས་པ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་བ་གསལ་པོ་ཆགས་ཡོད་པས། ངོ་དེབ་ཚོང་ལས་ཁང་གིས་ཀྱང་གནས་ཚུལ་དེ་རིགས་འགོག་ཐབས་བྱེད་རྒྱུ་ཁས་ལེན་བྱེད་དགོས་ཁེལ་ཡོད་པ་རེད།

རྒྱལ་ཁབ་དེར་གྲངས་ཉུང་མི་རིགས་དང་། ཆོས་ལུགས་རིས་མེད་ཀྱི་རྩོམ་པ་པོ་དང་པར་སྐྲུན་པ། ཕྱི་རྒྱལ་མི་སེར་སོགས་ལ་དྲག་རྒོལ་གྱི་གནས་ཚུལ་མང་པོ་བྱུང་མྱོང་ཡོད་པ་དང་། གནས་ཚུལ་དེ་དག་མང་པོ་ཞིག་ཁ་ཆེ་མི་རིགས་ཀྱི་ལྟ་བ་མཁྲེགས་འཛིན་མཁན་གྱི་ཤོག་ཁག་གིས་འགན་ལེན་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།