ཆུ་ཚོད་༧༢ ནང་ཨ་སྒོར་དུང་ཕྱུར་༢ མ་སྤྲད་ན་གསོད་རྒྱུ་ཡིན་ཟེར།

ཁ་ཆེའི་དྲག་སྤྱོད་སྒྲིག་འཛུགས་ཀྱིས་ཉི་ཧོང་གི་སྐྱེས་པ་གཉིས་བཙན་ཁྲིད་བྱས་པའི་རྗེས་རེས་གཟའ་ཟླ་བའི་ཉིན་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། གལ་སྲིད་ཆུ་ཚོད་༧༢ ནང་ཉི་ཧོང་སྲིད་གཞུང་གིས་ཨ་སྒོར་དུང་ཕྱུར་༢ བླུ་ཡོན་དུ་མ་སྤྲད་ན། བཙན་ཁྲིད་བྱས་པའི་ཉི་ཧོང་གི་སྐྱེས་པ་གཉིས་དམར་གསོད་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག

ཁ་ཆེའི་དྲག་སྤྱོད་སྒྲིག་འཛུགས་ཀྱིས་ཉི་ཧོང་གི་སྐྱེས་པ་གཉིས་བཙན་ཁྲིད་བྱས་པའི་རྗེས་རེས་གཟའ་ཟླ་བའི་ཉིན་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། གལ་སྲིད་ཆུ་ཚོད་༧༢ ནང་ཉི་ཧོང་སྲིད་གཞུང་གིས་ཨ་སྒོར་དུང་ཕྱུར་༢ བླུ་ཡོན་དུ་མ་སྤྲད་ན། བཙན་ཁྲིད་བྱས་པའི་ཉི་ཧོང་གི་སྐྱེས་པ་གཉིས་དམར་གསོད་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག

ཕྱི་ཟླ་༡ པོའི་ཚེས་༢༠ རེས་གཟའ་ཟླ་བའི་ཉིན། ཁ་ཆེའི་དྲག་སྤྱོད་སྒྲིག་འཛུགས་“ཁ་ཆེའི་རྒྱལ་ཁབ་”ཅེས་འབོད་པའི་ཇག་ཚོགས་ཀྱིས་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། ཉི་ཧོང་སྲིད་གཞུང་གིས་“ཁ་ཆེའི་རྒྱལ་ཁབ”་ཀྱི་འཇིགས་སྐུལ་ལ་ཁ་གཏད་གཅོག་ཆེད་ཨ་སྒོར་དུང་ཕྱུར་༢ ཀྱི་རོགས་སྐྱོར་མཁོ་འདོན་ཁས་ལེན་བྱས་པའི་མ་དངུལ་དེ། གལ་སྲིད་ཆུ་ཚོད་༧༢ ནང་ཁ་ཆེའི་རྒྱལ་ཁབ་ཀྱི་ལག་ཏུ་མ་འབྱོར་ན། ཉི་ཧོང་གི་སྐྱེས་པ་གཉིས་དམར་གསོད་གཏོང་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་འདུག

ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་པས་ཕྱིར་བསྒྲགས་བྱས་པའི་བརྙན་ཐུང་དེའི་ནང་གི་སྐྱེས་པ་གཉིས་དེ་ཉི་ཧོང་ཆི་བྷ་གྲོང་ཁྱེར་ནས་ཡིན་པའི་མིང་ལ་ཡུ་ཁཱ་ཝ་འབོད་པ་ཞིག་དང་། ཧྲན་རྡེ་གྲོང་ཁྱེར་ནས་ཡིན་པའི་རང་དབང་གི་གསར་འགོད་པ་ཁན་རྗི་གཉིས་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་འདུག་ལ། མིག་སྔར་དངོས་སུ་ཁོང་གཉིས་ཡིན་མིན་ར་སྤྲོད་བྱེད་བཞིན་ཡོད་འདུག

115669743བརྙན་ཐུང་དེའི་ནང་གདོང་རས་དཀྲིས་པའི་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་པས་ཉི་ཧོང་གི་སྲིད་བློན་ཆེད་དུ་བརྗོད་དོན། “སྤྱིར་ཉི་ཧོང་དང་ཁ་ཆེའི་རྒྱལ་ཁབ་གཉིས་ཀྱི་བར་དུ་སྤྱི་ལེ་༨༥༠༠ ཙམ་ཡོད་ཀྱང་། ཉི་ཧོང་རང་འགུལ་གྱིས་ཁ་ཆེའི་རྒྱལ་ཁབ་ལ་ཁ་གཏད་གཅོག་པའི་དམག་དཔུང་གི་གྲས་སུ་ཞུགས་པ་དང་། ཨ་སྒོར་དུང་ཕྱུར་གཅིག་གི་མ་དངུལ་མཁོ་འདོན་བྱས་ཏེ། ང་ཚོའི་བྱིས་པ་དང་བུད་མེད་དམར་གསོད་དང་། ཁ་ཆེའི་ཆོས་ལུགས་རྗེས་འབྲང་པའི་ཁྱིམ་ཚང་གཏོར་བཤིག་ཆེད་བེད་སྤྱོད་བཏང་ཡོད། དེར་བརྟེན། ཉི་ཧོང་གི་སྐྱེས་པ་གཅིག་གི་སྲོག་སྐྱོབ་པར་ཨ་སྒོར་དུང་ཕྱུར་གཅིག་ངེས་པར་དུ་སྤྲོད་དགོས། ད་དུང་ཉི་ཧོང་གིས་ཁ་ཆེའི་རྒྱལ་ཁབ་རྒྱ་སྐྱེད་བཀག་འགོག་ཆེད་བསྐྱར་དུ་ཨ་སྒོར་ས་ཡ་གཅིག་གི་རོགས་སྐྱོར་བྱས་པ་བཞིན། ཉི་ཧོང་གི་སྐྱེས་པ་གཞན་དེའི་སྲོག་སྐྱོབ་ནའང་ཨ་སྒོར་དུང་ཕྱུར་གཅིག་སྤྲོད་དགོས་ཞེས་བརྗོད་དེ། ཉི་ཧོང་སྲིད་གཞུང་ལ་སྐྱེས་པ་དེ་གཉིས་ཀྱི་སྲོག་སྐྱོབ་པར་ཁྱོན་ཨ་སྒོར་དུང་ཕྱུར་གཉིས་དགོས་པའི་རེ་བ་བཏོན་ཡོད་པ་རེད།

དེ་བཞིན་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་མི་དེས་བརྙན་ཐུང་ནང་དུ་ཉི་ཧོང་གི་མི་མང་རྣམས་ལ། “ཉི་ཧོང་སྲིད་གཞུང་གིས་ཁ་ཆེའི་རྒྱལ་ཁབ་ལ་རྒྱབ་གཏད་པའི་ནོར་འཁྲུལ་གྱི་ཐག་གཅོད་བྱས་ཡོད་ཅིང་། ཁྱེད་ཚོར་ད་དུང་ཆུ་ཚོད་༧༢ རིང་སྲིད་གཞུང་ལ་གནོན་ཤུགས་སྤྲད་དེ། ཨ་སྒོར་དུང་ཕྱུར་༢ ཀྱིས་མི་༢ སྲོག་སྐྱོབ་ཐུབ་པའི་རྣམ་དཔྱོད་ལྡན་པའི་གདམ་ཁ་ཡོད། དེ་ལྟར་མ་བྱུང་ཚེ། རལ་གྲིའི་འདྲེན་པའི་མཇུག་འབྲས་ནི་བཀྲ་མ་ཤིས་པ་ཞིག་རེད་ཅེས་བརྗོད་འདུག

དེའི་ཐད་ཉི་ཧོང་སྲིད་གཞུང་གིས་ཕྱི་ཚེས་༢༠ ཉིན་ཛ་དྲག་ཚོགས་འདུ་བསྐོངས་ཏེ། སྲིད་བློན་གཞོན་པ་གཙོས་པའི་དཔོན་རིགས་རྣམས་ཀྱིས་གློ་བུར་བའི་དོན་རྐྱེན་དེའི་སྐོར་གྲོས་བསྡུར་བྱས་ཡོད་པ་མ་ཟད། ཕྱི་སྲིད་ལྷན་ཁང་གི་ནང་དུ་ཛ་དྲག་ཚོགས་ཆུང་ཆེད་འཛུགས་བྱས་ཡོད་པ་དང་། ཉི་ཧོང་གི་སྲིད་བློན་ཨ་བྷི་ཡིས་འཚམས་གཟིགས་བྱེད་བཞིན་པའི་ཨེ་ཟི་རིལ་དུ་གསར་འགོད་ལྷན་ཚོགས་ཐོག “ང་ཚོས་ཁ་ཆེའི་རྒྱལ་ཁབ་ལ་ཉི་ཧོང་གི་མི་གཉིས་ལ་གནོད་འཚེ་མི་བྱེད་པར། མྱུར་དུ་གློད་གྲོལ་དགོས་པའི་རེ་བ་ཤུགས་དྲག་བྱེད་བཞིན་ཡོད་ཅེས་དང་། ང་ཚོས་ཚེ་སྲོག་སྲུང་སྐྱོབ་ཀྱི་ལས་དོན་ཨང་དང་པོར་བརྩིས་ཏེ། དེའི་ཐད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་པའི་འོག་ཏུ་མགོ་མི་སྒུར་བར། ལངས་ཕྱོགས་བརྟན་པོ་བཟུང་སྟེ་མཉམ་འབྲེལ་གྱིས་འཇིགས་སྐུལ་རིང་ལུགས་ལ་རྒོལ་རྡུང་གཏོང་དགོས་ཞེས་སོགས་བརྗོད་དེ། ཁ་ཆེའི་དྲག་སྤྱོད་པའི་བྱ་སྤྱོད་དེ་ནི་གཟོད་བསྲན་དཀའ་བའི་འཇིགས་སྐུལ་གྱི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་དྲག་པོ་བྱས་འདུག

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།