ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་བཅའ་ཁྲིམས་དང་འགལ་བས་འཕོ་འགྱུར་གཏོང་རྒྱུའི་གྲོས་ཆོད་བཞག

སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བཅུ་པའི་སྔ་དྲོར། སྤྱི་འཐུས་ལྷན་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་དཔོན་གཞན་གཉིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བར་བརྟེན་ནས་འཕོ་འགྱུར་གཏོང་དགོས་པའི་གཞུང་འབྲེལ་གྲོས་འཆར་ཞིག་བཏོན་པར། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ལྷག་གིས་རྒྱབ་སྐྱོར་བྱས་ཏེ་མང་མོས་ཐག་གཅོད་བྱས་སོང་། 

སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བཅུ་པའི་སྔ་དྲོར། སྤྱི་འཐུས་ལྷན་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་དཔོན་གཞན་གཉིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བར་བརྟེན་ནས་འཕོ་འགྱུར་གཏོང་དགོས་པའི་གཞུང་འབྲེལ་གྲོས་འཆར་ཞིག་བཏོན་པར། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ལྷག་གིས་རྒྱབ་སྐྱོར་བྱས་ཏེ་མང་མོས་ཐག་གཅོད་བྱས་སོང་། 

དེ་རིང་སྔ་དྲོའི་གཞུང་འབྲེལ་གྲོས་འཆར་དེར་གསང་བའི་འོས་བསྡུ་བྱས་པའི་འབྲས་སུ། སྤྱི་འཐུས་༣༡ གིས་གཏོང་དགོས་པ་དང་། ༡༠ ཡིས་གཏོང་མི་དགོས་པའི་འོས་འཕངས་པར་བརྟེན། རྩ་འབོར་གྱི་གསུམ་ཆ་གཅིག་ལྷག་ལོང་ནས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་དང་། ཁྲིམས་དཔོན་གཞན་ཀརྨ་དགྲ་འདུལ། བསྟན་འཛིན་ལུང་རྟོགས་གསུམ་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་བྱས་སོང་། 

དེ་ཡང་ལོ་སྔོན་མའི་ཕྱི་ཟླ་༨ ཚེས་༢༧ ཉིན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་ནས་ཕྱི་ཟླ་༩ ཚེས་༡༦ ཉིན་འཚོགས་གཏན་ཁེལ་བའི་ཚོགས་དུས་༡༠ པ་དེ་ད་ལོའི་ཕྱི་ཟླ་༣ པ་བར་ཕར་འགྱངས་བྱས་པ་ཡིན་པའི་གསལ་བསྒྲགས་སྤེལ་རྗེས། ཕྱི་ཟླ་༩ ཚེས་༢༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་དེ་བཅའ་ཁྲིམས་དང་འགལ་ཡོད་པ་དང་། སྤྱི་འཐུས་རྒྱུན་ལས་༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་གནང་བའི་ཉེས་ཆད་དུ་༢༠༢༡ ཀྱི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱས་པའི་བཀའ་ཁྱབ་བཏང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་ཁྱབ་བཏང་བའི་དགོང་མོ་དེ་རང་ལ་སྤྱི་འཐུས་ལྷན་ཚོགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་གཏོང་སའི་ཁྱབ་ཁོངས་སུ་མེད་པ་མ་ཟད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མང་གཙོའི་ཀ་བ་གསུམ་གྱི་འགན་དབང་གྱི་ས་མཚམས་ལས་བརྒལ་ཏེ་བཅའ་ཁྲིམས་དང་ཡོངས་སུ་འགལ་བའི་བྱེད་བབ་དེར་ངོས་ལེན་ཞུ་ཐབས་བྲལ་ཡོད་པའི་གསལ་བསྒྲགས་སྤེལ། 

སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་ན་ནིང་སྤྱི་འཐུས་རྒྱུན་ལས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གྲོས་ཚོགས་ཕར་འགྱངས་བྱས་པའི་ཐག་གཅོད་དེ་བཅའ་ཁྲིམས་དང་འགལ་མེད་པའི་གསལ་བཤད་ཇི་ཙམ་བྱས་ན་ཡང་། ཁྲིམས་ཞིབ་པ་ཚོས་“གསན་བཞེས་རྩ་བ་ནས་གནང་གི་”གི་མེད་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དེ་བཅའ་ཁྲིམས་དོན་ཚན་༥༨ དང་འགལ་ཡོད་སྐོར་འགྲེལ་བརྗོད་གནང་བའི་ཐོག  དེ་རིང་གྲོས་ཆོད་གྲོས་འཆར་དེ་བཏོན་པ་དེ་”དགའ་ནས་མིན། འུ་ཐུག་ནས་ཡིན་པ་”དང་། “བཅའ་ཁྲིམས་སྲུང་སྐྱོབ་རང་གི་ཆེད་དུ་ཡིན་”ཞེས་གསུངས་སོང་། 

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལོ་ངོ་དྲུག་ཅུ་ཙམ་གྱི་ལོས་རྒྱུས་ཁྲོད། སྤྱི་འཐུས་ལྷན་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་རྣམས་འཕོ་འགྱུར་རམ་གནས་དབྱུང་བཏང་བ་ཐེངས་འདི་ཐོག་མ་ཡིན་པས། ཁྲིམས་ཞིབ་པ་གསར་རྙིང་བརྗེ་བའི་སྐབས་སུ་གསར་པས་རྙིང་པའི་དྲུང་ནས་དམ་འབུལ་ཞུ་དགོས་པའི་ཁྲིམས་དེའང་སྒྱུར་བཅོས་སམ། ཡང་ན་ཁྲིམས་ཞིབ་པ་གསར་པས་དམ་འབུམ་ཞུ་ཚུལ་དང་འབྲེལ་བའི་ཁྲིམས་ཞིག་བཟོ་དགོས་པ་ཆགས་ཡོད་པ་རེད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།