ཆོས་དཔོན་ཚོས་བུད་མེད་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་ལ་མོས་མཐུན་མེད་པ།

པ་ཀི་སི་ཐན་གྱི་པན་ཇབ་མངའ་སྡེའི་གྲོས་ཚོགས་ཀྱིས། བུད་མེད་སྲུང་སྐྱོབ་ཁྲིམས་ཡིག་ཅིག་ལ་མང་མོས་གྲོས་མཐུན་བྱུང་ནས་གཏན་འབེབ་བྱས་འདུག་ཀྱང། གྲོས་ཚོགས་ནང་གི་ཆོས་དཔོན་ཁ་ཤས་ཀྱིས་ཁྲིམས་ཡིག་དེར་སྐྱོན་བརྗོད་ཆེན་པོ་བྱས་འདུག

པ་ཀི་སི་ཐན་གྱི་པན་ཇབ་མངའ་སྡེའི་གྲོས་ཚོགས་ཀྱིས། བུད་མེད་སྲུང་སྐྱོབ་ཁྲིམས་ཡིག་ཅིག་ལ་མང་མོས་གྲོས་མཐུན་བྱུང་ནས་གཏན་འབེབ་བྱས་འདུག་ཀྱང། གྲོས་ཚོགས་ནང་གི་ཆོས་དཔོན་ཁ་ཤས་ཀྱིས་ཁྲིམས་ཡིག་དེར་སྐྱོན་བརྗོད་ཆེན་པོ་བྱས་འདུག

bkདེ་ཡང་ཟླ་འདིའི་ཚེས་༤ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཏོན་གསལ། པ་ཀི་སི་ཐན་པན་ཇབ་མངའ་སྡེའི་གྲོས་ཚོགས་ཀྱི་ཁྲིམས་ཡིག་དེའི་ནང། བུད་མེད་ལ་ཁྱིམ་ལས་རྡུང་རྡེག་དང་སེམས་ཀྱི་མནར་གཅོད། བཙན་གཡེམ་སོགས་ལས་སྲུང་སྐྱོབ་བྱེད་ཆེད་ཀྱི་ཁ་པར་བརྒྱུད་ལམ་རིན་མེད་བཟོ་བ། དེ་བཞིན་བུད་མེད་དེ་དག་ལྟ་སྐྱོང་བྱེད་སའི་ཁང་པ་བཟོ་རྒྱུ་དང། བུད་མེད་ལ་གདུག་རྩུབ་བྱེད་མཁན་རིགས་ལ་ལོ་གཅིག་གི་བཙོན་འཇུག གལ་ཏེ་སླར་ཡང་བྱ་སྤྱོད་དེའི་རིགས་ལ་འཇུག་ཚེ་ལོ་གཉིས་ཀྱི་བཙོན་འཇུག་བྱེད་རྒྱུ་ཡིན་པའི་ཁྲིམས་ཡིག་གསར་པར་མང་མོས་གྲོས་མཐུན་བྱུང་ཏེ་གཏན་འབེབ་བྱས་ཡོད་འདུག

ཁྲིམས་ཡིག་དེར་མོས་མཐུན་མེད་པའི་གྲོས་ཚོགས་འཐུས་མི་ཆོས་དཔོན་ཁ་ཤས་ཀྱིས། ཁྲིམས་ཡིག་དེ་ནི་ཁ་ཆེའི་དབྱི་སི་ལཱམ་ཆོས་དང་མི་མཐུན་པ་མ་ཟད། པ་ཀི་སི་ཐན་གྱི་རྩ་ཁྲིམས་དང་རྒྱབ་འགལ་འགྲོ་ཡི་ཡོད་པས། དེས་སྐྱེས་པ་རྣམས་ལ་སེམས་འཚབ་དང་གདེང་ཚོད་མེད་པ་བཟོ་ཡི་ཡོད་སྐོར་དང། དེ་ནི་པ་ཀི་སི་ཐན་དེ་ཉིད་ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ཡོད་པའི་མངའ་ཁུལ་བཟོ་ཐབས་བྱེད་པ་ཡིན་སྐོར་གྱི་སྐྱོན་བརྗོད་བྱས་འདུག

ཕྱི་ལོ་༢༠༡༣ ནང་པན་ཇབ་མངའ་སྡེའི་ནང་བུད་མེད་ལ་གདུག་རྩུབ་བྱས་པའི་གནས་ཚུལ་ཤེས་པ་༥,༨༠༠ ཙམ་བྱུང་ཡོད་འདུག

ཕྱི་ལོ་༢༠༠༩ ལོར་འགྲོ་བ་མིའི་ཐོབ་ཐང་ལྟ་སྲུང་ཁང་གིས་བཏོན་པའི་སྙན་ཐོའི་ནང། པ་ཀི་སི་ཐན་གྱི་བུད་མེད་བརྒྱ་ཆ་༧༠ ནས་༨༠ གདུག་རྩུབ་ཀྱི་ཉམས་མྱོང་ཡོད་པ་དང། ལོ་རེར་བུད་མེད་༥༠༠༠ ཙམ་གདུག་རྩུབ་ལས་ཚེ་སྲོག་ཤོར་གྱི་ཡོད་པའི་རོབ་རྩིས་བྱས་འདུག

སྤྱིར་བཏང་འཛམ་གླིང་ཡུལ་གྲུ་གཞན་ལས་ཨ་རབ་ཀྱི་ལུང་པ་ཕལ་མོ་ཆེའི་ནང་བུད་མེད་ཀྱི་ཐོབ་ཐང་ལ་རྡོག་རོལ་གྱི་གནས་ཚུལ་མང་ཤོས་ཐོན་གྱི་ཡོད་པ་དང། ལུང་པ་དེ་དག་ནང་ཁྲིམས་ཀྱི་ཐོག་ནས་བུད་མེད་ལ་ཐོབ་ཐང་སྐྱེས་པ་ལས་ཉུང་བ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *