ཐའེ་ཝན་གྱི་གཞུང་འཛིན་ཚོགས་པའི་སྐུ་ཚབ་ཀྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་འདུག 

༧གོང་ས་མཆོག་གིས་ཐའེ་ཝན་གྱི་གཞུང་འཛིན་ཚོགས་པ་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་ཁག་ཅིག་ལ། ཐའེ་ཝན་གྱི་མང་གཙོ་དེ་གལ་ཆེན་པོ་ཡིན་པོ་ཡིན་སྐོར་དང་། ༧གོང་ས་མཆོག་གི་ཡང་སྲིད་དེ་ནང་པའི་རྒྱལ་ཁབ་ཐའེ་ཝན་ལ་ཡང་འཁྲུངས་སྲིད་སྐོར་གསུངས་ཡོད་འདུག 

༧གོང་ས་མཆོག་གིས་ཐའེ་ཝན་གྱི་གཞུང་འཛིན་ཚོགས་པ་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་ཁག་ཅིག་ལ། ཐའེ་ཝན་གྱི་མང་གཙོ་དེ་གལ་ཆེན་པོ་ཡིན་པོ་ཡིན་སྐོར་དང་། ༧གོང་ས་མཆོག་གི་ཡང་སྲིད་དེ་ནང་པའི་རྒྱལ་ཁབ་ཐའེ་ཝན་ལ་ཡང་འཁྲུངས་སྲིད་སྐོར་གསུངས་ཡོད་འདུག 

ཟླ་༧ པའི་ཚེས་༡༩ ཉིན་ཐའེ་ཝན་གྱི་གཞུང་འཛིན་ཚོགས་པ་མང་གཙོ་ཡར་ཐོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ལོ་ཝིན་ཇཱ་དང་། མགྲིན་ཚབ་པ་ཝན་ལི་གཙོས་པའི་ཚོགས་པའི་འཐུས་མི་ཁག་ཅིག་གིས་དྷ་སའི་བཞུགས་སྒར་ཕོ་བྲང་དུ་༧གོང་ས་མཆོག་དང་མཇལ་བཅར་ཞུས་ནས། བོད་དང་ཐའེ་ཝན་གྱི་རང་དབང་གི་གནད་དོན་དང་། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་སྐོར་སོགས་ཀྱི་ཐོག་ལ་ཆུ་ཚོད་གཅིག་ལྷག་བཀའ་མོལ་གནང་ཡོད་འདུག 

མཇལ་ཁ་གྲུབ་མཚམས་སུ་མང་གཙོ་ཡར་ཐོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ལོ་ཝིན་ཇཱ་ཡིས་གསར་འགོད་པ་ཚོར། ཐེངས་འདིར་ཐའེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོའི་སྐུ་ཚབ་ཐོག་ནས་བཅར་བ་དང་། གཙོ་བོ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲི་ཞུ་ཆེད་ཡིན་པ་དང་། ཆུ་ཚོད་གཅིག་ཙམ་གྱི་མཇལ་མོལ་རིང་ཐའེ་ཝན་གྱི་མང་གཙོ་འཕེལ་རྒྱས། སླད་མར་ཐའེ་ཝན་དང་བོད་གཉིས་ཀྱི་རང་དབང་རྩོད་ལེན་གནང་ཕྱོགས་ཀྱི་དགོངས་ཚུལ་བརྗེ་ལེན་གནང་བ་མ་ཟད། ༸གོང་ས་མཆོག་ནས་ཐའེ་ཝན་གྱི་མང་གཙོའི་སྟོབས་ཤུགས་དེ་གལ་གནད་ཆེན་པོ་ཞིག་ཡིན་པ་དང་། ཐའེ་ཝན་གྱི་རང་དབང་སྟོབས་ཤུགས་དེ་ཐའེ་ཝན་གྱི་མ་རྩ་ཆེ་ཤོས་ཡིན་པའི་བཀའ་སློབ་བསྩལ།  ཁོང་གིས་༸གོང་ས་མཆོག་ལ་ཐའེ་ཝན་དང་བོད་གཉིས་ནས་ཐུན་མོང་གི་གདོང་ལེན་གནང་ས་དེ་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་ཆགས་ཡོད་པ་དང་། ཐེ་ཝན་མི་མང་གིས་རང་ཉིད་ཀྱི་མང་གཙོ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། སྒོས་འཛམ་གླིང་ཁྲོད་ལ་མང་གཙོ་རྩོད་མཁན་ཚོར་རྒྱབ་སྐྱོར་གནང་དགོས་པའི་འོས་འགན་ཡོད་སྐོར་སྙན་གསེང་ཞུས་ཡོད་པ། མཇལ་འཕྲད་དེའི་ཁྲོད་རིག་གཞུང་གི་སྟོབས་ཤུགས་དང་བོད་བརྒྱུད་ནང་བསྟན་གྱི་རིན་ཐང་སོགས་ཀྱི་ཐོག་བཀའ་མོལ་གནང་བ་དང་། ༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལའང་བཀའ་མོལ་གནང་འདུག སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་དགུང་ལོ་༡༠༠ ལྷག་བར་དུ་༸སྐུ་འཚོ་བཞུགས་མཛད་རྒྱུ་དང་འབྲེལ། ༸སྐུའི་ཡང་སྲིད་ཐད་དམར་ཤོག་ཚོགས་པའི་འཐུས་མིར་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་གང་ཡང་མེད་པར་བཀའ་བསྩལ་བ་མ་ཟད།  ཁོངགིས་༸སྐུའི་ཡང་སྲིད་དེ་ཐའེ་ཝན་ནང་འཁྲུངས་སྲིད་དམ་ཞེས་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་དེ་ཡོང་སྲིད་པ་དང་ནང་པའི་རྒྱལ་ཁབ་གང་གི་ནང་དུ་ཡང་༸སྐུའི་ཡང་སྲིད་འཁྲུངས་སྲིད་པ་ཡིན་སྐོར་བཀའ་བསྩལ། ལྷག་དོན་ཁོང་གིས་ཐའེ་ཝན་དང་བོད་གཉིས་ཀྱི་གདོང་ལེན་གནང་ཡུལ་དང་དཀའ་ངལ་གཅིག་མཚུངས་ཡིན་པས་ང་ཚོ་མཉམ་རུབ་ཀྱི་ཐོག་ནས་འབད་བརྩོན་གནང་དགོས་པ་གསུངས་འདུག 

དེ་བཞིན་མགྲིན་ཚབ་པ་ལཱི་ཝན་གྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་ལག་བསྟར་རྒྱ་ཆེར་གནང་ཐུབ་པ་ནི། ཐའེ་ཝན་གྱི་མི་མང་ཚོར་བློ་སྟོབས་སྐུལ་འདེད་འཕེལ་གཞིར་གྱུར་ཡོད་པ་ཐའེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་ཚོས་མཐོང་གི་ཡོད་པ་དང་། བོད་མིའི་མང་གཙོའི་ཉམས་མྱོང་གི་ཐོག་ནས་གནས་སྟངས་དཀའ་ངལ་ཇི་ཆེ་ལ་མ་ལྟོས་པར་མང་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་ཡོན་ཏན་རྒྱུན་སྐྱོང་བརྟན་པོ་བྱེད་དགོས་པ་མཚོན་གྱི་ཡོད་པས། དེ་ནི་ཐའེ་ཝན་ཙམ་མིན་པར་ཧོང་ཀོང་དང་ཡུ་གུར་མི་རིགས་བཅས་ལ་རྒྱ་ནག་གཞུང་གིས་ཉེན་ཁ་གཅིག་མཚུངས་སུ་བཟོ་བཞིན་པ་མང་པོ་ཞིག་ལ། མིག་ལྟོས་དང་བློ་སྟོབས་སྐྱེ་གཞིར་གྱུར་ཡོད་པ་འགྲེལ་བརྗོད་གནང་ཡོད་འདུག  

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *