དབྱིན་ཇིས་རྒྱ་ནག་ལ་ཧོང་ཀོང་གི་རང་དབང་བརྩི་འཇོག་བྱེད་དགོས་ཚུལ་བརྗོད་པ།

སྤྱི་ཟླ་ ཚེས་ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རེས་གཟའ་མིག་དམར་ཉིན་ཧོང་ཀོང་གི་ཉེན་རྟོག་པས་དུག་རླངས་འཕངས་ནས་ངོ་རྒོལ་བ་བརྒྱ་ཕྲག་དུ་མ་ཞིག་ཁ་འཐོར་མཐའ་སྐྲོད་བཏང་རྗེས། དབྱིན་ཇིས་རྒྱ་ནག་ལ་ཧོང་ཀོང་གི་རང་དབང་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་རྣམས་བརྩི་སྲུང་བྱ་དགོས་ཚུལ་བརྗོད་འདུག

རེས་གཟའ་ཟླ་བའི་ཉིན་རྩོད་རྙོག་ཅན་གྱི་ཁྲིམས་འཆར་ལ་ངོ་རྒོལ་བྱེད་མཁན་ཚོས་ཧོང་ཀོང་གི་གྲོས་ཚོགས་ཚོགས་ཁང་ནང་འཛུལ་ནས་འགོ་ཁྲིད་རྣམས་ཀྱི་འདྲ་པར་མར་འབེབས་པ་དང་། གྱང་ལྡེབས་སུ་རི་མོ་འབྲི་བ་སོགས་བྱས་རྗེས། ཉེན་རྟོག་པས་དུག་རླངས་བཀོལ་ནས་ཁོ་ཚོ་མཐའ་སྤྲོད་བཏང་འདུག

དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ཇར་མིཧན་ཐྲི (Jeremy Hunt) ཡིས་ཕྱོགས་གཉིས་ཀའི་འཚེ་བ་ལ་སྐྱོན་བརྗོད་བྱས་པ་མ་ཟད། ད་དུང་གལ་སྲིད་རྒྱ་ནག་གིས་ཧོང་ཀོང་དབྱིན་ཇིའི་ལག་ནས་ཚུར་ལེན་སྐབས་བཞག་པའི་ཁས་ལེན་ཏེ། ངོ་རྒོལ་བྱེད་པའི་ཐོབ་ཐང་འདུས་པའི་སྐམ་ས་ཆེན་མོར་མེད་པའི་རང་དབང་རྣམས་རྡོལ་རོལ་བཏང་བ་ཡིན་ན། མཇུག་འབྲས་ཚབས་ཆེན་ཡོང་ངེས་པའི་ཉེན་བརྡའང་བཏང་འདུག

དབྱིན་ཇིའི་གསར་ཁང་རོའོ་ཐྲར (Reuters) ནས་ཕྱི་སྲིད་བློན་ཆེན་ཧོན་ཐྲི་ལ་ཧོང་ཀོང་གི་གནད་དོན་ཐད་དབྱིན་ཇི་གཞུང་གིས་ཅི་ཞིག་བྱེད་ཐུབ་མིན་དྲིས་པར། ཁོང་གིསང་ཚོས་ཕྱི་ལོ་ ༡༩༩༧ ལོར་ཧོང་ཀོང་བརྩིས་སྤྲོད་བྱེད་སྐབས། གྲོས་མཐུན་བྱུང་བའི་རང་དབང་རྣམས་སྲུང་སྐྱོབ་བྱ་ཆེད། ཧོང་ཀོང་མི་མང་གི་རྒྱབ་ཏུ་ང་ཚོ་ཡོད་པ་གསལ་པོ་བཟོ་ཐུབ་ལ། སྐྱེ་བོ་ཐམས་ཅད་ལ་འཛམ་གླིང་གི་རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་སྒྲིག་ཁྲིམས་བརྩི་སྲུང་ཞུ་དགོས་པ་དེ་དྲན་གསོ་གཏོང་ཐུབཅེས་བརྗོད་པའི་ཐོག རྒྱ་ནག་ལ་ཉེས་ཆད་གཅོད་མི་དགོས་པ་ཞིག་ཡོང་བའི་རེ་བ་བྱས་འདུག

དེ་ཡིས་མ་ཚད་ཁོང་གིས་ད་རུངདཀའ་རྙོག་འདི་སེལ་བའི་ཐབས་ལམ་ཡོད། དེ་ནི་ཧོང་ཀོང་མི་མང་གི་ཁྲིམས་དང་མཐུན་པའི་རང་དབང་མངོན་འདོད་ལ་ཧོང་ཀོང་སྲིད་གཞུང་གིས་ཉན་རྒྱུ་དེ་ཡིནཞེས་བསྣན་འདུག

གནས་ཚུལ་འདི་དང་འབྲེལ་བའི་ཐོག རྒྱ་ནག་གིས་དབྱིན་ཇི་ལ་ཧོང་ཀོང་དང་འབྲེལ་བའི་ལས་འགན་གང་ཡང་མེད་པས། འབྲེལ་བ་ཡོད་མདོག་གི་རྣམ་འགྱུར་སྟོན་མཚམས་འཇོག་དགོས་ཚུལ་བརྗོད་འདུག

གསར་འགོད་པ་དཀོན་མཆོག་རབ་བརྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།