དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་པ་འགོ་འཛུགས།

ཟླ་འདིའི་ཚེས་༣ ཉིན་གྱི་དགོང་མོར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། རི་ཏུ་སི་རེན་དང་བསྟན་འཛིན་བསོད་ནམས་གཉིས་ཀྱིས་གོ་སྒྲིག་འོག དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་པ་དེ་འགོ་འཛུགས་བྱས་ཡོད་པ་རེད།

ཟླ་འདིའི་ཚེས་༣ ཉིན་གྱི་དགོང་མོར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། རི་ཏུ་སི་རེན་དང་བསྟན་འཛིན་བསོད་ནམས་གཉིས་ཀྱིས་གོ་སྒྲིག་འོག དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་པ་དེ་འགོ་འཛུགས་བྱས་ཡོད་པ་རེད།

unnamedr4དུས་སྟོན་འགོ་འཛུགས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཕེབས་རྒྱུ་བྱས་ཡོད་ཀྱང་ཕེབས་ཐུབ་མེད་པས། ཧི་མ་ཅཱལ་མངའ་སྡེའི་གྲོང་ཁྱེར་འཕེལ་རྒྱས་གྱི་བློན་ཆེན་སུ་དྷེར་ཤར་མ་ཕེབས་ཡོད་པ་དང་། དེ་བཞིན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་དང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས། གློག་བརྙན་བཟོ་མཁན་དང་གློག་བརྙན་ལ་དགའ་མོས་ཡོད་མཁན་མང་དག་ཅིག་མཉམ་ཞུགས་བྱས་སོང་།

སྐུ་མགྲོན་གཙོ་བོས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་ལོ་རེ་བཞིན་གྲུབ་འབྲས་ཆེ་རུ་འགྲོ་བཞིན་ཡོད་པས། ཧི་མ་ཅལ་མངའ་སྡེའི་གཞུང་ནས་རོགས་རམ་རྒྱབ་སྐྱོར་གང་དགོས་ཀྱི་ཡོད་ཀྱང་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།

མཛད་སྒོའི་ཐོག་ལོ་ན་བརྒྱ་སོན་པའི་བགྲེས་སོང་ཞིག་གྲོངས་རྗེས་ཀྱི་ནང་མའི་མཆོད་འབུལ་སྐོར་གགློག་བརྙན་གྲགས་ཅན་“གཤིན་ཆོག་”ཅེས་པའི་དེ་བསྟན་ཡོད་པ་དང་། གློག་བརྙན་མཇུག་རྫོགས་རྗེས་ལྟད་མོ་ལྟ་རུ་ཡོང་མཁན་རྣམས་ཀྱིས་དགའ་མོས་ཆེན་པོའི་དགའ་བསུ་བྱས་སོང་།

གློག་བརྙན་དུས་སྟོན་དེ་ཟླ་འདིའི་ཚེས་༣ ནས་༦ བར་གོ་སྒྲིག་བྱས་ཡོད་པ་དང་། ཐོག་མར་ཕྱི་ལོ་༢༠༡༢ ལོར་གློག་བརྙན་བཟོ་མཁན་རི་ཏུ་སེ་རན་དང་བསྟན་འཛིན་བསོད་ནམས་གཉིས་ཀྱིས་འགོ་འཛུགས་བྱས་ཡོད་པ་དང་། ཐེངས་འདིར་རྒྱལ་ཁབ་མི་འདྲ་བ་༢༡ ནས་གློག་བརྙན་ཁག་༤༣ སྟོན་རྒྱུ་ཡིན་པ་རེད།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།