དྷ་སར་“རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་ཉིན་མོ་”སྲུང་བརྩི་ཞུས།

ཟླ་འདིའི་ཚེས་༣༠ ཉིན་གྱི་དགོང་མོའི་ཆུ་ཚོད་༦ ཡོལ་ཙམ་ལ་དྷ་སའི་མེ་གྷན་བཞི་མདོ་རུ་བོད་ཀྱི་བུད་མེད་ལྷན་ཚོགས་དང་། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ནས་“རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་ཉིན་མོ་”སྲུང་བརྩི་ཞུ་བའི་གསར་འགོད་གསལ་བསྒྲགས་ཞིག་སྤེལ་བ་མ་ཟད། བོད་དུ་རྒྱ་དམར་གྱིས་ཉེས་མེད་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་ཅི་ཞིག་བྱེད་ཀྱི་ཡོད་པ་མཚོན་བྱེད་ཀྱི་འཁྲབ་སྟོན་ཐུང་ངུ་ཞིག་སྲང་ལམ་གྱི་བཞི་མདོའི་མི་ཚོགས་ཁྲོད་དུ་འཁྲབས་ཡོད་པ་རེད།

ཟླ་འདིའི་ཚེས་༣༠ ཉིན་གྱི་དགོང་མོའི་ཆུ་ཚོད་༦ ཡོལ་ཙམ་ལ་དྷ་སའི་མེ་གྷན་བཞི་མདོ་རུ་བོད་ཀྱི་བུད་མེད་ལྷན་ཚོགས་དང་། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ནས་“རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་ཉིན་མོ་”སྲུང་བརྩི་ཞུ་བའི་གསར་འགོད་གསལ་བསྒྲགས་ཞིག་སྤེལ་བ་མ་ཟད། བོད་དུ་རྒྱ་དམར་གྱིས་ཉེས་མེད་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་ཅི་ཞིག་བྱེད་ཀྱི་ཡོད་པ་མཚོན་བྱེད་ཀྱི་འཁྲབ་སྟོན་ཐུང་ངུ་ཞིག་སྲང་ལམ་གྱི་བཞི་མདོའི་མི་ཚོགས་ཁྲོད་དུ་འཁྲབས་ཡོད་པ་རེད།

ཚོགས་པ་གཉིས་ཐུན་མོང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་། སྤྱིར་“རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་ཉིན་མོ་”དེ་ལོ་རེའི་ཟླ་༨ ཚེས་༣༠ ཉིན་སྲུང་བརྩི་ཞུ་བ་དང་། དེ་ནི་སྲིད་དབང་སྒེར་གཅོད་པ་ཚོས་ཅི་ཡིན་གྱི་རྒྱུ་མཚན་མཁོ་སྤྲོད་མི་བྱེད་པར་བཙན་ཁྲིད་བྱས་པའི་མི་རྣམས་ཀྱི་གནས་སྟངས་གསལ་འདོན་བྱེད་པའི་ཉིན་མོ་ཞིག་ཡིན་པའི་ངོ་སྤྲོད་བྱས་པ་དང་། སྒོས་སུ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མས་དབུས་པའི་བོད་མི་མང་པོ་ཞིག་རྒྱ་ནག་སྒེར་གཅོད་སྲིད་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་བརྗོད་པའི་ཐོག ཚོགས་པ་གཉིས་ཀྱི་ཐེངས་འདི་ལས་འགུལ་གྱི་དགོས་དམིགས་ཀྱི་ཐད་ལ། “རྒྱ་གཞུང་གིས་བཙན་དབང་གར་སོང་ཆ་མེད་ལག་ཆ་བྱས་ཏེ་ཁོང་ཚོའི་ཆབ་སྲིད་ཀྱི་དགོས་མཁོ་སྒྲུབ་ཀྱི་ཡོད་པ་གསལ་འདོན་བྱ་རྒྱུ་ཡིན། རྒྱལ་སྤྱིའི་གར་སོང་ཆ་མེད་ཉིན་མོ་སྲུང་བརྩི་བྱེད་པ་ནི་བཙན་དབང་གར་སོང་ཆ་མེད་ཀྱི་སྡུག་སྦྱོང་མྱོང་བཞིན་པའི་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་མཚོན་པའི་ལས་འགུལ་གྱི་ཐབས་ལམ་ཤུགས་ཆེན་པོ་ཞིག་ཡིན་པ་མ་ཟད། ལས་འགུལ་འདི་བརྒྱུད་ནས་མི་མང་རྣམས་ལ་གར་སོང་ཆ་མེད་དུ་གྱུར་བའི་མི་རྣམས་ཀྱི་སྐོར་ལ་གོ་རྟོགས་སྤེལ་བ་དང་། གར་སོང་ཆ་མེད་དུ་གྱུར་བའི་མི་རྣམས་བརྗེད་མི་ཉན་པ། བོད་དང་འཛམ་གླིང་གང་སར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱིས་བཙན་དབང་གར་སོང་ཆ་མེད་དུ་གནད་དོན་བསྐྱར་དུ་མི་འབྱུང་བའི་ཡིད་ཆེས་བརྟན་པོ་དགོས་”ཞེས་བཤད་འདུག

གཞན་ཡང་སྲང་ལམ་གྱི་འཁྲབ་སྟོན་ཐུང་ངུ་དེའི་མཇུག་ཏུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་དང་། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་རྒྱལ་མཚན་གཉིས་ཀྱིས་རེས་མོས་ཀྱིས་བོད་དབྱིན་ནང་གཏམ་བཤད་སྤེལ་སོང་བ་དང་། སྒྲོལ་མ་དབྱངས་ཅན་གྱིས་“རྒྱལ་ཁབ་ཆེ་ཆུང་ག་འདྲ་ཞིག་གི་ནང་ཡིན་རུང་། རྒྱལ་ཁབ་དེའི་དབུ་ཁྲིད་དེ་དག་གིས་མི་མང་མང་པོ་ཞིག་ལ་དཀའ་ངལ་མང་པོ་ཞིག་སྤྲད་ཡོང་གི་ཡོད་རེད། བོད་ནང་ལ་ཆ་བཞག་པ་ཡིན་ན། ང་རང་ཚོའི་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་དགུང་ལོ་དྲུག་ལ་ཡིན་དུས་ཁོང་གི་ཡབ་ཡུམ་དང་ལྷན་ཅིག་ཏུ་རྒྱ་མིས་ཁྲིད་ཕྱིན་པ་རེད། ༡༩༩༥ ལོར་ཁྲིད་ཕྱིན་ནས་དགུང་ལོ་༣༠ ལ་སླེབ་ཀྱི་ཡོད་རེད། འདས་པའི་ཉི་ཤུ་རྩ་བཞི་དང་རྩ་ལྔ་སླེབ་ཀྱི་ཡོད་པའི་ནང་ང་ཚོར་གནས་ཚུལ་གོ་རྒྱུ་གཅིག་ཀྱང་ཡོད་མ་རེད། དེ་ཡང་གར་སོང་ཆ་མེད་ཀྱི་གནས་སྟངས་ཤིག་རེད། དེ་བཞིན་བོད་ནང་ལ་བོད་མི་སྟོང་ཕྲག་སྟོང་དང་སྟོང་ཕྲག་སོ་སོར་ཉེས་པ་གང་ཡང་མེད་ཀྱང་། རྒྱ་མིས་ཡར་བསྒྲུགས་ནས་འཛིན་བཟུང་བྱེད་པ་དང་། མཐའ་མ་དེར་བཙོན་ཁང་ནང་བཅུག་སྟེ་མཐར་ག་བ་ཡོད་མེད་མི་མང་ལ་རྩ་བ་ཉིད་ནས་ཁྱབ་བསྒྲགས་བྱེད་གི་ཡོད་མ་རེད་”ཅེས་བརྗོད་པའི་ཐོག འཛམ་བུ་གླིང་གི་ཡུལ་ལུང་ཚང་མའི་ནང་ལ་དཀའ་ངལ་དེ་འདྲ་འཕྲད་ཀྱི་ཡོད་པ་དང་། ང་རང་ཚོའི་རྒྱ་གར་ནང་ལ་ཆ་བཞག་པ་ཡིན་ནའང་རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་ཉིན་རེ་བཞིན་མི་མང་པོ་ཞིག་མེད་པར་འགྲོ་བཞིན་ཡོད་དང་། མི་དེ་ཚོས་དངོས་གནས་གཞུང་གི་ཁྲིམས་དང་འགལ་བའི་ལས་ཀ་བྱས་ཡོད་མེད་ཧ་མ་གོ་གོང་ནས་ལམ་སེང་བསྒྲུགས་ནས་བརླག་འགྲོ་བ། བརླག་པ་དེ་དག་ཕོ་མོ་དང་རྒན་གཞོན་གང་ཡིན་ཡང་མི་ཚེ་འཕྲོ་བརླག་འགྲོ་ཡི་ཡོད་པ་མ་ཟད། དེ་དག་གི་ནང་མི་སྤུན་མཆེད་ཚང་མར་སེམས་ཀྱི་དཀའ་ངལ་འཕྲད་པ། མ་འོངས་པར་ལས་ཀ་ག་འདྲ་ཞིག་བྱེད་པ་དང་ས་ཆ་གང་དུ་འགྲོ་ཡང་དངངས་སྐྲག་ཆེན་པོའི་ངང་གནས་དགོས་པ་ཞིག་ཆགས་ཡོད་སྐོར་གསུངས་རྗེས། ད་ལྟའི་ཆར་ཧོང་ཀོང་དང་ཀ་ཤི་མར་ལ་མི་མང་པོ་ཞིག་གར་སོང་ཆ་མེད་དུ་འགྲོ་བཞིན་པའི་གནས་སྟངས་ཀྱང་བརྗོད་སོང་། །

གསར་འགོད་པ་དཀོན་མཆོག་རབ་བརྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།