ནང་ཆེན་རྫོང་དུ་མི་མང་གི་ཞུ་གཏུག་ཁྲོམ་སྐོར་ལས་འགུལ།
ཟླ་འདིའི་ཚེས་༢༦ ཉིན་གྱི་སྔ་དྲོ་ཁམས་ནང་ཆེན་རྫོང་། ཉག་ལ་ཡུལ་ཚོ་ཆུ་སྨད་གྲོང་ཚོའི་མི་མང་གིས་རྒྱ་གཞུང་ལ་ཞུ་གཏུག་རྔམ་སྟོན་ཁྲོམ་སྐོར་བྱས་རྐྱེན། ལས་འགུལ་བ་ཁག་ཅིག་འཇུ་བཟུང་བྱས་ཡོད་པའི་གནས་ཚུལ་འདུག
ཟླ་འདིའི་ཚེས་༢༦ ཉིན་གྱི་སྔ་དྲོ་ཁམས་ནང་ཆེན་རྫོང་། ཉག་ལ་ཡུལ་ཚོ་ཆུ་སྨད་གྲོང་ཚོའི་མི་མང་གིས་རྒྱ་གཞུང་ལ་ཞུ་གཏུག་རྔམ་སྟོན་ཁྲོམ་སྐོར་བྱས་རྐྱེན། ལས་འགུལ་བ་ཁག་ཅིག་འཇུ་བཟུང་བྱས་ཡོད་པའི་གནས་ཚུལ་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ནང་ཆེན་རྫོང་དབུལ་སྐྱོར་ལས་ཁུངས་ཀྱིས་ཉག་ལ་ཡུལ་ཚོ་ཆུ་སྨད་གྲོང་ཚོ་ལ་འཛུགས་བསྐྲུན་གྱི་ལས་གཞི་ཞིག་ཡོད་ཀྱང་། གྲོང་ཚོ་ནས་ས་གནས་གཞན་དུ་ཞོརལ་ལས་བྱེད་མཁན་དང་བུ་ཕྲུག་རྣམས་ལ་སློབ་སྦྱོང་སྤྲོད་ཆེད་རྫོང་གྲོང་དང་། ཁུལ་ཐོག་སོགས་ལ་གནས་སྤོས་ཟིན་པའི་དུད་ཁྱིམ་བརྒྱ་ལྷག་ལ་སྡོད་ཁང་སོགས་འཛུགས་སྐྲུན་གྱི་ཐོབ་ཐང་མ་རག་པས། རྫོང་སྲིད་གཞུང་ལ་ཞུ་གཏུག་ལས་འགུལ་སྤེལ་བ་ཡིན་འདུག ཁྲོམ་སྐོར་བའི་ནང་ཡིག་ཆ་ཞིག་ལག་ཏུ་འཕྱར་བའི་ནང་རྒྱ་ནག་གཞུང་གིས་དུས་རྒྱུན་ཁྱབ་བསྒྲགས་བྱེད་བཞིན་པའི་འབྱོར་ཕྱུག དམངས་གཙོ། དཔལ་ཡོན། འཆམ་མཐུན། དྲང་བཞག ཁྲིམས་སྐྱོང་ཞེས་པ་སོགས་བཀོད་འདུག
གསར་འགོད་པ་ཆོས་ཉིད་འོད་ཟེར།