ནེ་རུ་གཙུག་ལག་མཐོ་སློབ་ནང་དུ་བོད་ཕྲུག་ཚོར་སློབ་ཡོན་མཐོ་དྲགས་པའི་དཀའ་ངལ་སེལ་རོགས་ཞུས་ཡོད་འདུག 

ཉེ་བའི་ལོ་ཤས་ནས་རྒྱུ་མཚན་ཅི་ཡིན་གསལ་པོ་མེད་པར་ནེ་རུ་གཙུག་ལག་སློབ་ཁང་དུ་བོད་པའི་སློབ་མ་ཚོའི་སློབ་ཡོན་དེ། ཕྱི་རྒྱལ་སློབ་ཕྲུག་ཚོ་དང་གཅིག་མཚུངས་བཟོས་ནས་སློབ་ཡོན་མཐོ་དྲགས་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། ཐེངས་འདིར་ཤེས་རིག་བཀའ་བློན་གྱིས་གཙུག་ལག་སློབ་ཁང་དེའི་ཉེ་བའི་རིགས་བདག་ལ་དཀའ་ངལ་དེ་སེལ་བའི་རེ་སྐུལ་ཞུས་ཡོད་འདུག 

ཉེ་བའི་ལོ་ཤས་ནས་རྒྱུ་མཚན་ཅི་ཡིན་གསལ་པོ་མེད་པར་ནེ་རུ་གཙུག་ལག་སློབ་ཁང་དུ་བོད་པའི་སློབ་མ་ཚོའི་སློབ་ཡོན་དེ། ཕྱི་རྒྱལ་སློབ་ཕྲུག་ཚོ་དང་གཅིག་མཚུངས་བཟོས་ནས་སློབ་ཡོན་མཐོ་དྲགས་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། ཐེངས་འདིར་ཤེས་རིག་བཀའ་བློན་གྱིས་གཙུག་ལག་སློབ་ཁང་དེའི་ཉེ་བའི་རིགས་བདག་ལ་དཀའ་ངལ་དེ་སེལ་བའི་རེ་སྐུལ་ཞུས་ཡོད་འདུག 

སྤྱིར་བཏང་རྒྱ་གར་ནང་གི་གཙུག་ལག་སློབ་ཁང་མང་པོ་ཞིག་གིས་བཙན་བྱོལ་བོད་མིའི་སློབ་མ་རྣམས་ལ། རྒྱ་གར་གྱི་མི་སེར་ཡིན་པའི་སློབ་མ་རྣམས་དང་གཅིག་མཚུངས་ཀྱི་སློབ་ཡོན་ལེན་གྱི་ཡོད་ཀྱང་། སྙན་གྲགས་ཆེ་བའི་ནེ་རུ་གཙུག་ལག་སློབ་ཁང་གིས་ཕྱི་ལོ་༢༠༡༩ ལོར་བོད་ཀྱི་སློབ་མ་ཚོར་ཕྱི་རྒྱལ་སློབ་མ་དང་གཅིག་མཚུངས་ཀྱི་སློབ་ཡོན་ལེན་འགོ་བཙུགས་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག དེ་ཡང་གཙུག་ལག་སློབ་ཁང་དེས་བོད་པའི་སློབ་མ་རྣམས་ལ། ཕྱི་རྒྱལ་གྱི་སློབ་མ་དང་གཅིག་མཚུངས་ཀྱི་སློབ་ཡོན་ལེན་འགོ་བཙུགས་ནས་བཟུང་། སློབ་མ་ཁག་ཅིག་སློབ་མཚམས་འཇོག་དགོས་བྱུང་བ་དང་། མང་པོ་ཞིག་ཚུད་རྒྱུགས་ལོན་ཡང་སློབ་ཞུགས་བྱེད་ཐུབ་མེད་འདུག 

ཟླ་༤ པའི་ཚེས་༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཐེངས་འདིར་ཟླ་༤ པའི་ཚེས་༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་གཉིས་ནས། ནེ་རུ་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་ལྕམ་སན་ཏི་ཤྲི་ཌི་པན་ཌིཏ་དང་ཐུག་འཕྲད་ཀྱིས། བར་ལམ་བོད་ཕྲུག་སློབ་མ་ཚོར་མཐོ་སློབ་དེར་སློབ་འཇུག་ཞུས་སྐབས་སློབ་ཡོན་ཆེན་པོ་འབུལ་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་པའི་སྐོར་ཞུས་ཡོད་འདུག དེ་བཞིན་ཐུག་འཕྲད་དེར་མཉམ་ཞུགས་གནང་མཁན་ཞིག་གིས་གསུང་དོན་ལ། བར་ལམ་ལོ་མང་རིང་བོད་རིགས་སློབ་མ་རྣམས་ཧེ་རུ་གཙུག་ལག་མཐོ་སློབ་ནང་སློབ་འཇུག་ཞུ་སྐབས་སློབ་ཡོན་ཆེན་པོ་འབུལ་མ་ཐུབ་པའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་སྟབས། བཀའ་བློན་མཆོག་དང་དྲུང་ཆེ་གཉིས་ལྡི་ལིར་ཆེད་བསྐྱོད་ཀྱིས་གཙུག་ལག་སློབ་གཉེར་ཁང་འདིའི་ཉེ་བའི་རིགས་བདག་གིས་དབུས་འགན་འཛིན་རྣམས་མཇལ་འཕྲད་ཀྱིས་བོད་ཕྲུག་དེ་དག་རྒྱ་གར་ནང་སྐྱེས་པའི་བོད་མི་སྐྱབས་བཅོལ་བ་མི་རབས་གསུམ་པ་བཞི་པ་ཡིན་སྐོར་དང་། བུ་ཕྲུག་དེ་དག་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE) ཀྱིས་ངོས་ལེན་ཡོད་པའི་རྒྱ་གར་ནང་རྟེན་གཞི་བྱས་པའི་སློབ་གྲྭ་ཁག་ནས་ཐོན་པ་ཤ་སྟག་ཡིན་པས། བུ་ཕྲུག་དེ་དག་གི་དཔལ་འབྱོར་གྱི་གནས་སྟངས་སོགས་གང་ཅིའི་ཐད་ནས་རྒྱལ་ཁབ་གཞན་པ་ལྟར་སློབ་ཡོན་ཆེན་པོ་འབུལ་ཐུབ་ཐབས་མེད་པས་དགོངས་བཞེས་གནང་རོགས་ཞུས་སྐབས། ཉེ་བའི་རིགས་བདག་གིས་དབུས་པས་འགན་འཛིན་རྣམས་ནས་གསན་བཞེས་གང་ལེགས་གནང་སོང་། དེ་འདྲ་སོང་ཙང་གྲུབ་འབྲས་ཐོན་པའི་རེ་བ་ཞུ་གི་ཡོད་ཅེས་གསུངས་གནང་འདུག 

ཕྱི་ལོ་༢༠༡༩ ལོར་ནེ་རུ་གཙུག་ལག་སློབ་ཁང་དུ་བཙན་བྱོལ་བོད་པའི་སློབ་མ་༤༢ ཞིག་གིས་ཚུད་རྒྱུགས་བརྒྱ་ཆ་ལོན་ཡོད་འདུག་ཀྱང་། དེ་སྔོན་དང་མི་འདྲ་བར་བོད་པའི་སློབ་མ་རྣམས་ལ། སློབ་ཡོན་དེ་ཕྱི་རྒྱལ་སློབ་མ་དང་གཅིག་མཚུངས་ལེན་རྒྱུ་ཐག་གཅོད་བྱས་ཡོད་འདུག དེ་ཡང་འབྱུང་རིག་སློབ་མ་རྣམས་ལ་ལོ་རེར་སྡོད་ཁང་དང་ཁ་ལག་མ་ཚུད་པའི་སློབ་ཡོན་ཨ་སྒོར་༢༠༠ ནས་༢༤༠༠ ལ་སྤར་འདུག་པ་དང་། ཚན་རིག་སློབ་མ་རྣམས་ལ་ཨ་སྒོར་༢༠༠ ནས་༣༤༠༠ ལ་སྤར་ཡོད་འདུག་པས། སྤར་ཆའི་བརྒྱ་ཆ་ནི་༡༠༠༠ ལྷག་ཡིན་འདུག་ཁར། ཧིན་སྒོར་ལ་བསྒྱུར་ན་འབྱུང་རིག་སློབ་མར་འབུམ་གཉིས་མ་ཟིན་ཙམ་དང་།  ཚན་རིག་སློབ་མར་ཧིན་སྒོར་འབུམ་གཉིས་དང་ཁྲི་དྲུག་ཙམ་ཡིན་འདུག་པས། ལོ་དེར་ཚུད་རྒྱུགས་ལོན་པའི་སློབ་མ་༤༢ ནས་༣༢ སློབ་ཡོན་མཐོ་དྲགས་པའི་རྐྱེན་གྱིས་སློབ་ཞུགས་བྱས་མེད་འདུག སློབ་མ་ལྷག་མ་༡༠ ཡིས་གནད་དོན་དེ་སེལ་བའི་རེ་བ་བཅང་ནས་སློབ་ཞུགས་བྱས་འདུག་ཀྱང་། གནད་དོན་སེལ་ཐུབ་མེད་པས་སློབ་མ་༣ ལོ་ཕྱེད་རྗེས་སློབ་མཚམས་འཇོག་དགོས་འཁེལ་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *