ནོར་གླིང་མཐོ་སློབ་ཁང་དུ་སློབ་འཇུག་གསལ་བསྒྲགས།

༄༅། ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རིག་གནས་ཆེས་མཐོའི་སློབ་གཉེར་ཁང་ནས། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༠༨ ཚེས་ ༠༡ གཅིག་ཉིན་ནས་བོད་ཀྱི་སྐད་བརྡ་རིག་པ་དང་། རྩོམ་རིག རྒྱལ་རབས། ནང་པའི་རིགས་ལམ་དང་ལྟ་གྲུབ་རིག་པ། སྐད་ཡིག་གཉིས་པ་དབྱིན་ཡིག་དང་རྒྱ་ཡིག་བཅས་ཀྱི་སློབ་ཚན་གཙོ་བོ་ཁག་དང་འབྲེལ་བའི་སྐབས་བརྒྱད་པའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་འཇུག་བྱེད་རྒྱུ་ཡིན་པ་དང་། བསླབ་པ་མཐར་སོན་པ་རྣམས་ལ་གཞུང་འབྲེལ་ངོས་འཛིན་ཡོད་པའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་དང་། ལོ་རིམ་མཐའ་མའི་སྐབས་སློབ་ཚན་དང་མཉམ་དུ་དུས་ཡུན་ལོ་ངོ་གཅིག་རིང་གི་དགེ་འོས་ཟབ་སྦྱོང་དང་ཕྱག་འཁྱེར། སློབ་ཐོན་རྗེས་ནོར་གླིང་གི་རིག་གཞུང་དང་ཐོན་སྐྱེད་ཚོང་ལས་སྡེ་ཚན་སོ་སོར་ལས་ཀའི་གོ་སྐབས་གང་ཡོང་མཐུན་འགྱུར་ཡང་ཞུ་བཞིན་ཡོད་ན། མཐོ་རིམ་ཤེས་ཡོན་གྱི་གནས་ཚད་ལོན་པ་དང་ཡིག་ཆའི་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༠༣ ཚེས་ ༣༠ ནས་ཟླ་ ༠༥ ཚེས་ ༣༡ བར་འགྱངས་མེད་ཞུ་སྙན་འབུལ་དགོས་པ་དང་། ཟླ་ ༠༦ ཚེས་ ༡༠ དང་ ༡༡ གཉིས་ལ་བརྡ་སྤྲོད་དང་། སྙན་ངག རྒྱལ་རབས། ནང་ཆོས། སྐད་ཡིག་གཉིས་པ་(དབྱིན་ཡིག་དང་རྒྱ་ཡིག་གང་རུང་དོ་བདག་རང་ངོས་ནས་འདེམས་ཆོག)བཅས་ཀྱི་ཐོག་འཛིན་རིམ་བཅུ་གཉིས་པའི་ཤེས་ཚད་སྒང་ནས་འཚུད་རྒྱུགས་གཏོང་དགོས། སློབ་ཡོན་གྱི་གོ་སྐབས་ཐོབ་ཁོངས་སུ་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཕྲུག་གྲངས་ ༢༠ ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཤེས་རིག་ལས་ཁུངས་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་གནང་མུས་དང་། གཞན་སྒྱུ་རྩལ་སློབ་ཕྲུག་གྲངས་ ༣༠ ལ་ནོར་གླིང་ནས་སློབ་ཡོན་ཐོབ་བཞིན་པ་བཅས་ཡིན།

དགོས་ངེས་ཤེས་ཡོན་དང་ཆ་རྐྱེན།

1. འཛིན་རིམ་བཅུ་པ་དང་། འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་རམ་རྒྱུགས་ཞུགས་ངོ་སྤྲོད་ལག་འཁྱེར་ངོ་བཤུས།
2. འཚུད་རྒྱུགས་ཨང་ཐོབ་བརྒྱ་ཆ་ ༧༠ ཡན་ལོན་པ་ཁག་ལ་འཛིན་རིམ་ ༡༢ དང་། རིག་གནས་རབ་འབྱམས་པ་སོགས་ཀྱི་ལག་འཁྱེར་མེད་ཀྱང་དམིགས་བསལ་དགོངས་བཞེས་གནང་རྒྱུ།
3. འདེམས་སྒྲུག་གནང་ཕྱོགས་ཐད་རྒྱུགས་སྤྲོད་འཕེར་རིགས་ཀྱི་ཨང་རིམ་རྩེ་བཏོག་བྱ་རྒྱུ། གལ་སྲིད་ཡིག་ཚད་གྲུབ་འབྲས་ཨང་ཐོབ་གཅིག་མཚུངས་ཡིན་ཚེ་ཞུ་སྙན་སྔོན་དུ་འབུལ་མཁན་ལ་གོ་སྐབས་སྤྲོད་རྒྱུ།
4. འདི་གའི་སློབ་ཁོངས་སུ་ཚུད་རྗེས་སློབ་ཕྲུག་གྲངས་ ༢༠ ལ་སློབ་ཡོན་དང་། ཞལ་ལག་དང་ཉལ་ཁང་བཅས་རིན་མེད་ནར་གཏོང་ཐོག་ཟླ་རེར་གྲོན་དངུལ་ཧིན་སྒོར་ ༥༠༠ རེ་མཐུན་རྐྱེན་དུ་སྤྲོད་རྒྱུ།
5. གོང་གསལ་ས་མིག་ལས་བུད་མེད་སློབ་ཕྲུག་ལ་ས་མིག ༥ དམིགས་བསལ་ཡོད།
6. འཚུད་རྒྱུགས་དང་འབྲེལ་བའི་འགྲོ་གྲོན་ཇི་ཡོད་རང་ངོས་ནས་གཏོང་དགོས།
སྤྱི་ཡོངས་དགོས་ངེས་ཡིག་ཆ་དང་ཐུགས་སྣང་དགོས་པ།

1. གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ཡིག་ཆའི་ངོ་བཤུས།
2. ཕྱི་ལོ་ ༢༠༡༩ ལོའི་བོད་མིའི་དཔྱ་ཁྲལ་བསྡུ་འབུལ་ཞུས་པའི་ངོ་བཤུས།
3. གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།
4. ཐོག་མའི་འཚུད་རྒྱུགས་ཞུ་སྙན་དང་། སྐྱེས་ལོ་སྐྱེས་ཚེས་འཁོད་པའི་ལོ་རྒྱུས་སྙིང་བསྡུས། ཕྱེད་པར་གཉིས་རེ། གནས་སྡོད་ཁ་བྱང་དང་། ཡིག་ཟམ་ཁ་བྱང་། ཞལ་པར་ཨང་གྲངས་ཁ་གསལ་བཅས་ངེས་འབུལ་ཞུ་དགོས།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལས་བྱེད་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭ་གང་རུང་གི་སློབ་སྤྱི་བཅས་སུ་རུང་ནས་ངོ་བཤུས་ཡིག་ཆ་འཁྲུལ་མེད་ཡིན་པའི་དག་མཆན་མཚན་རྟགས་ངེས་ཞུ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ།
ནོར་གླིང་མཐོ་སློབ་ཡིག་ཚང་ནས། ཕྱི་ལོ་ ༢༠༡༩ ཟླ་ ༠༣ ཚེས་ ༢༠ ཉིན།
འབྲེལ་བ་བྱ་ཡུལ།
Principal
Academy of Tibetan Culture Norbulingka Institute
P.O Sidhpur-176057 Dharamsala
Distt Kangra H.P INDIA
Tel: +91-1892-246402, 246405
Mobile: 8826727599, 9882119742, 8219744366, 9882883380
www.norbulingka.org/academy-of-tibetan-culture1.html
Email: principal.norlinginstitute.edu@gmail.com

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།