པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་པའི་རྐང་འཁོར་སྐོར་སྐྱོད་ལས་འགུལ།

ཟླ་འདིའི་ཚེས་༡༧ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག པཎ་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་གི་བཙོན་འོག་ནས་གློད་གྲོལ་དགོས་པའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་རྒྱ་གར་ལྡེ་ར་ལྡུན་ས་གནས་ཀྱི་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་ནས་འགོ་བཙུགས་ཡོད་པ་རེད།

ཟླ་འདིའི་ཚེས་༡༧ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག པཎ་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་གི་བཙོན་འོག་ནས་གློད་གྲོལ་དགོས་པའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་རྒྱ་གར་ལྡེ་ར་ལྡུན་ས་གནས་ཀྱི་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་ནས་འགོ་བཙུགས་ཡོད་པ་རེད།
tyc_2016_5_17རྐང་འཁོར་སྐོར་བསྐྱོར་གྱི་ལས་འགུལ་འགོ་འཛུགས་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་རྒྱ་གར་ཨི་ལྡིར་ཀན་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་GANESG JOSHI དང་། གཞོན་ལྷན་ཚོགས་གཙོ་ཚོགས་གཞོན་བཅས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་རེད། བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཀྱི་ཐང་ཆེན་སྐུ་ཞབས་GANESG JOSHI ཁོང་གིས་རྐང་འཁོར་བཏང་ནས་སྣེ་ཁྲིད་དེ་ལས་འགུལ་བ་ཕེབས་སྐྱེལ་བྱས་ཡོད་པ་དང་། ཟླ་འདིའི་ཚེས་༢༣ ཉིན་སྟེ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ་རྒྱ་བོད་བར་གྲོས་མཐུན་དོན་ཚན་བདུན་བཞག་པའི་ཉིན་མོ་དང་སྟབས་བསྟུན། ལས་འགུལ་དེ་ལྡི་ལི་ནས་མཇུག་བསྡུ་རྒྱུ་དང་། གྲོས་མཐུན་དོན་ཚན་བཅུ་བདུན་ནུས་མེད་ཆགས་ཟིན་པ་གསལ་སྟོན་གྱི་གསལ་བསྒྲགས་སྤེལ་རྒྱུ་ཡིན་པ་རེད།

ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་གྱི་རག་ནང་བདེ་སྐྱིད་གླིང་། པོན་ཊ། ཕུ་རུ་ཝ་ལ། ཚེ་རིང་དོན་ལྡན་གླིང་། ར་ཇི་པུར།  ཧར་པ་པུར། ན་ནི་ཏལ།  མ་སུ་རི། ལྡི་ལི། རྡ་རམ་ས་ལ་བཅས་ཀྱི་ས་གནས་གཞོན་ནུ་ཁག་གི་ཚོགས་མི་དང་མི་མང་། དེ་བཞིན་རྐང་འཁོར་སྐོར་སྐྱོད་ཀྱི་བོད་དོན་རྒྱབ་སྐྱོར་ལས་འགུལ་བ་རྒྱ་གར་ཡུལ་མི་བསམ་གཏན་མི་ཤཱ་ར་འམ་བོད་མིང་བསམ་བསྟན་ཡེ་ཤེས་སོགས་ཡོད་འདུག རྐང་འཁོར་སྐོར་བསྐྱོད་པ་མི་༤༣ ཙམ་ཡོད་པ་དང་། ལས་འགུལ་གོ་སྒྲིག་པ་དང་དྭང་བླངས་ཞབས་ཞུ་བ་སོགས་བསྡོམས་མི་༧༠ ཙམ་ཡོད་པ་རེད།

དགོས་འདུན་ཁག་བཞི།
༡) རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་བདེན་དཔང་གསལ་སྟོན་དགོས་པ་ནན་སྐུལ་བྱ་དགོས།༢) རྒྱ་ནག་སྲིད་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་མཁན་བོད་མིའི་དགོས་འདུན་དང་མངོན་འདོད་ཁག་ལ་འགན་ཁུར་ཡ་ལན་དགོས་པ་ནན་སྐུལ་མཐའ་འཁྱོལ་བྱ་དགོས།
༣) བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ངེས་པར་དུ་གཏོང་དགོས།
༤) རྒྱ་ནག་གཞུང་ལ་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་དགོས་པ་ནན་སྐུལ་བྱ་དགོས།

གཞོན་ལྷན་གྱིས་ཉིན་དེའི་ལས་འགུལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང། “༧ཀུན་གཟིགས་༧དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་ནང་མི་དང་བཅས་པ་ ༡༩༩༥ ཟླ་བ་ ༥ ཚེས་ ༡༧ ཉིན་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་ཁོང་རྣམ་སྐུ་འཚོ་བཞུགས་ཡོད་མེད་སོགས་ཀྱི་གནས་ཚུལ་མཐོང་ཐོས་གང་ཡང་མེད་པར་གྱུར་ཡོད་པ་དང་།  གནད་དོན་དེར་གཞིས་བྱེས་བོད་མིས་འབོད་སྐུལ་དང་ངོ་རྒོལ།  ཞུ་འབོད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བྱིས་པའི་ཐོབ་ཐང་རྩོད་ལེན་པ་སོགས་འབྲེལ་ཡོད་ཚོགས་པ་ཁག་གིས་གནོན་ཤུགས་དང་འབོད་སྐུལ་ཇི་ཙམ་ཞུས་ཀྱང་རྒྱ་ནག་སྲིད་གཞུང་གིས་༧ཀུན་གཟིགས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་གཏོང་རྒྱུ་ལྟ་ཅི། ཐ་ན་ཁོང་སྐུ་འཚོ་བཞུགས་ཡོད་མེད་དང་།  ཁོང་ནང་མི་དང་བཅས་པའི་སྐུ་ཁམས་ཀྱི་གནས་བབ་ཇི་ཡོད་སོགས་ཀྱི་བདེན་དཔང་གཅིག་ཀྱང་རྒྱལ་སྤྱིའི་མིག་ལམ་དུ་བསྟན་མེད་”ཅེས་འཁོད་འདུག

“བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་༡) གཉན་ཕྲང་ཆེ་བའི་བོད་ཀྱི་ལོ་རྒྱུས་དུས་རིམ་ནང་བཀྲིན་ཤིན་ཏུ་ནས་ཆེ་བའི་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་བློས་གཏོང་དང་རླབས་ཆེན་གྱི་མཛད་རྗེས་ལ་རྗེས་དྲན་གུས་འདུད་ཞུ་རྒྱུ་དང་། ༢) དགུང་ལོ་དྲུག་ནས་རྒྱ་གཞུང་གིས་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཤེས་རྟོགས་ཡོང་ཐབསདང་།  ཁོང་གི་གཙོས་པའི་བོད་ནང་གི་ཉེས་མེད་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་ཡོང་ཐབས།  ༣)  ཞེ་སྣག་ལ་གདུག་རྩུབ་ཆེ་བའི་རྒྱ་གཞུང་གི་སྲིད་ཇུས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་ཚོའི་ཡ་ང་བའི་ཛ་དྲག་གི་གནས་བབ་དྲིལ་བསྒྲགས་དང་ཁོང་རྣམས་པར་གདུང་སེམས་མཉམ་སྐྱེད་ཞུ་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་ཁག་ལ་ དགོས་འདུན་ཁག་བཞི་དེ་འདོན་ཡིན་”ཞེས་སོགས་གསལ་བསྒྲགས་དེའི་ནང་འཁོད་ཡོད་པ་རེད།

སྤྱི་ལོ་ ༡༩༩༥  ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་ཞུས་པའི་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་ལས་གསོན་མེད་ཀྱང་རྒྱ་གཞུང་ནས་༧པཎ་ཆེན་ཆུང་སྲིད་མཆོག་དང་ཁོང་གི་ཡབ་ཡུམ་ནང་མི་སྤུན་མཆེད་ཆ་ཚང་འཛིན་བཟུང་བཙན་ཁྲིད་ཀྱིས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།