པེ་ཅིང་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་རྩ་མེད་བཟོ་བའི་གཡོ་བྱུས་གསུམ་བཏིངས་ཡོད་འདུག  

ཟླ་འདིའི་ཚེས་༡༦ ཉིན་ཨེ་བྷོ་ཀི་དུས་བབ་གསར་ཁང་(The Epoch Times) ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཉམས་ཞིབ་པ་ཞིག་གིས་ཧོང་ཀོང་གི་ངོ་རྒོལ་བ་ཚོར་བདུན་འདིའི་གཟའ་མཇུག་གི་ངོ་རྒོལ་འདུ་འཛོམས་ཆེན་མོའི་སྐབས་པེ་ཅིང་གི་དྲག་པོའི་ལས་འགུལ་རྩོམ་སྲིད་པའི་ཉེན་བརྡ་བཏང་འདུག 

ཟླ་འདིའི་ཚེས་༡༦ ཉིན་ཨེ་བྷོ་ཀི་དུས་བབ་གསར་ཁང་(The Epoch Times) ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཉམས་ཞིབ་པ་ཞིག་གིས་ཧོང་ཀོང་གི་ངོ་རྒོལ་བ་ཚོར་བདུན་འདིའི་གཟའ་མཇུག་གི་ངོ་རྒོལ་འདུ་འཛོམས་ཆེན་མོའི་སྐབས་པེ་ཅིང་གི་དྲག་པོའི་ལས་འགུལ་རྩོམ་སྲིད་པའི་ཉེན་བརྡ་བཏང་འདུག 

དེ་ཡང་རྒྱ་ནག་ཉམས་ཞིབ་པ་ལི་ཡི་ཕིན་(Li Yiping) གྱིས་ཧོང་ཀོང་མི་མང་ཚོ་ལ་པེ་ཅིང་སྲིད་གཞུང་ནས་བདུན་འདིའི་གཟའ་མཇུག(ཚེས་ ༡༨) གི་ངོ་རྒོལ་ལ་ཁ་གཏད་གཅོག་བྱེད་ཀྱི་གཡོ་བྱུས་ཤིན་ཏུ་གནག་པོ་གསུམ་གྲ་སྒྲིག་བྱས་ཡོད་པའི་ཉེན་བརྡ་བཏང་འདུག་ཅིང་། གཡོ་བྱུས་དེའི་ནང་ཧོང་ཀོང་གི་ངོ་རྒོལ་བ་དང་ཉེན་རྟོག་པ་གཉིས་ཀ་གནོད་འཚེ་ཕོག་ཡུལ་དུ་འགྱུར་རྒྱུ་ཡིན་འདུག རྒྱུ་མཚན་ནི་ལི་ཡི་ཕིན་གྱིས་རྒྱ་ནག་སྲིད་གཞུང་ནང་ལས་དོན་སྒྲུབ་མཁན་ཞིག་གི་ས་ནས་གནས་ཚུལ་མཁོ་བསྡུ་བྱས་པ་ལྟར་ན། རྒྱ་ནག་གི་གསང་ཉུལ་བ་ཚོས་ངོ་རྒོལ་བར་བརྫུས་ནས་ཉེན་རྟོག་པའི་ཐོག་ཏུ་སྐྱི་གཡའ་བའི་དྲག་ལས་རྩོམ་འཆར་ཡོད་འདུག
ལི་ཡི་ཕིན་ནི་ལོ་ངོ་༣༠ གོང་གི་གནམ་སྡེ་སྒོ་མོ་ཆེའི་མང་གཙོའི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཞིག་ཡིན་ཞིང་། འདས་པའི་ལོ་ངོ་༢༢ རིང་ཁ་ན་ཏྲར་གནས་སྡོད་བྱེད་པའི་ཡུལ་བྱོལ་བ་ཞིག་གི་ངོ་བོའི་ཐོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་སྡིག་ཉེས་ཐེར་འདོན་བྱས་དང་བྱེད་མུས་སུ་ཡོད། ཁོང་གི་ཤོག་གྲངས་༢༠༠ ལྡན་པའི་དེབ་<<གསར་བརྗེའི་སྒྲོམ་གཞི་>>ཞེས་པ་དེ་རྒྱ་ནག་ནང་བཀག་སྡོམ་བྱས་ཡོད་ཀྱང་། དེའི་ནང་བསྟན་པའི་ཐབས་ལམ་དག་གིས་རྒྱ་ནག་ནང་གི་མང་གཙོ་དང་ཐོབ་ཐང་དོན་གཉེར་མཁན་རྣམས་ལ་སྐུལ་ལྕག་དང་བློ་སྐྱེད་བྱིན་ཡོད།

ཁོང་གིས་ཟླ་འདིའི་ཚེས་༡༤ ཉིན་སོ་སོའི་ཡོ་ཊོབ་བརྒྱུད་ལམ་སྟེ། “ཡི་ཕིན་གྱི་ཆབ་སྲིད་གླེང་སྟེགས་”ཐོག་ཏུ་སྤེལ་བའི་བརྙན་ཐུང་ནང་ཁོས་རྒྱ་ནག་གཞུང་གི་ལས་བྱེད་ཅིག་གི་ས་ནས་གནས་ཚུལ་མཁོ་བསྡུ་བྱས་པ་ལྟར་ན། རྒྱུན་ཆད་མེད་པའི་ཧོང་ཀོང་གི་ངོ་རྒོལ་དེ་རྩ་མེད་བཟོ་ཆེད་རྒྱ་ནག་གཞུང་གིས་འཆར་གཞི་གསུམ་བསྒྲིགས་ཡོད་ཚུལ་བཤད་ཡོད་ཀྱང་། གནད་དོན་དེའི་ཚབས་ཆེའི་རང་བཞིན་ལ་བརྟེན་ནས་གནས་ཚུལ་མཁོ་སྤྲོད་བྱེད་མཁན་དེའི་མིང་བརྗོད་མི་འདུག 

ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པས་བཏིངས་པའི་གཡོ་བྱུས་དེ་གསུམ་ཤིན་ཏུ་གདུག་རྩུབ་ཆེ་ཤིང་གནག་པས། ཧོང་ཀོང་གི་མི་མང་ཚང་མས་གཟབ་གཟབ་བྱེད་དགོས་ཚུལ་བརྗོད་ཡོད་པ་དང་། གཡོ་བྱུས་དེ་གསུམ་ནི་གཤམ་གསལ་ལྟར་ཡིན། 

དང་པོ། དམར་ཤོག་གི་གསང་ཉུལ་བ་རྣམས་ངོ་རྒོལ་ལས་འགུལ་ཁྲོད་ཞུགས་ཏེ་ཧོང་ཀོང་གི་ཉེན་རྟོག་པ་འབོར་ཆེན་ཞིག་གསོད་པའི་གོ་སྐབས་འཚོལ་རྒྱུ་ཡིན་པ་དང་། དེ་ལྟར་བྱས་པར་བརྟེན་ནས་དམར་ཤོག་ཚོགས་པས་ངོ་རྒོལ་བ་ཚོར་སྙིང་རྗེ་བྲལ་བའི་དྲག་གནོན་བྱེད་ཐུབ་པ་དང་། དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་བྱེད་ཐབས་བྲལ་ཡོད།

གཉིས་པ། “ཞུམ་པ་མེད་པའི་ན་གཞོན་ངོ་རྒོལ་བ་རྣམས”རྩ་མེད་བཟོ་ཆེད། རྒྱ་ནག་སྐམ་ས་ཆེན་མོའི་ཟིང་འཁྲུག་ཞོད་འཇགས་ཉེན་རྟོག་པ་སྟོང་ཕྲག་མང་པོ་ཞིག་བཀོལ་སྤྱོད་བྱེད་འགོ་བརྩམས་ཟིན་ཡོད། “ཞུམ་པ་མེད་པའི་ན་གཞོན་ངོ་རྒོལ་བ་རྣམས་”ཟེར་ན། ངོ་རྒོལ་གྱི་གོམ་བགྲོད་དམ་འདུ་འཛོགས་ཤིག་གི་མཇུག་བསྒྲིལ་ཚར་རྗེས་ཀྱང་ཧོང་ཀོང་སྲིད་གཞུང་ངམ་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ་འདུ་འཛོམས་བྱེད་མཁན་གྱི་ན་གཞོན་རྣམས་ལ་གོ་དགོས། 

གསུམ་པ། རྒྱ་ནག་གི་དམག་མི་ཁྲི་སྟོང་མང་པོ་ཞིག་ཧྲེ་ཀྲན་(Shenzhen)གྲོང་ཁྱེར་དུ་འབྱོར་ཟིན་ཡོད། ངོ་རྒོལ་ལས་འགུལ་གྱི་སྐབས་སུ་ཧོང་ཀོང་གི་ཉེན་རྟོག་པ་བསད་པའི་གནས་ཚུལ་བྱུང་མ་ཐག ཧོང་ཀོང་སྤྱི་ཁྱབ་དཔོན་ཁེ་ར་ལམ་གྱིས་“ཟིང་འཁྲུག་”སྟངས་འཛིན་གྱི་རྒྱ་ལས་ཤོར་བའི་ཁྱབ་བསྒྲགས་བྱེད་པ་དང་འབྲེལ། པེ་ཅིང་ལ་དམག་མི་སྣོན་མ་དགོས་པའི་རེ་སྐུལ་ཞུ་རྒྱུ་རེད། སྐབས་དེར་རྒྱ་ནག་གི་དམག་མི་རྣམས་མངོན་སུམ་འཛེམ་མེད་ངང་ཧོང་ཀོང་དུ་འཛུལ་ཆོག 

དེ་བཞིན་ལི་ཡི་ཕིན་གྱིས་༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་སྡེབ་གསོད་སྐབས་དམར་ཤོག་ཚོགས་པས་གསང་ཉུལ་བ་རྣམས་ལ་དམག་མི་ཁ་ཅིག་གསོད་དགོས་པའི་བཀའ་རྒྱ་བཏང་བ་ལྟར། ད་ཐེངས་ཀྱང་དམར་ཤོག་གི་གསང་མྱུལ་བ་ཚོར་ཧོང་ཀོང་གི་ཉེན་རྟོག་པ་གསོད་པའི་བཀའ་བཏང་ནས་སྡང་སེམས་སློང་ངེས་པས། ངོ་རྒོལ་བ་དང་ཉེན་རྟོག་པ་གཉིས་ཀས་སྔར་ལས་ལྷག་པའི་གཟབ་གཟབ་དང་དོགས་ཟོན་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།