པེ་ཅིང་ནས་ཡིན་པའི་བུད་མེད་གཉིས་ཀྱིས་སྨན་ཁང་གི་དངོས་ཡོད་གནས་སྟངས་རྣམས་ཕྱིར་སྟོན་བྱས་འདུག

ཟླ་བ་འདིའི་ཚེས་༡༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། པེ་ཅིང་ནས་ཡིན་པའི་བུད་མེད་གཉིས་ཀྱིས་རང་ཉིད་སྨན་ཁང་ནང་འགྲོ་སྐབས། སྨན་ཁང་ནང་གི་གནས་ཚུལ་དངོས་རྣམས་སྤྱི་ཚོགས་དྲྭ་ལམ་ཐོག་ཏུ་གསལ་སྟོན་བྱས་པའི་བརྙན་ཐུང་ཁག་ཅིག་ཁྱབ་སྤེལ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

པེ་ཅིང་ནས་ཡིན་པས་བུད་མེད་ལི་ཡིས་། ཐོག་མར་ངས་པ་ལགས་ཁྲིད་ནས་<Chao yang> སྨན་ཁང་ལ་ཕྱིན་ནས་སྨན་ཆུ་ཞིག་གཏང་བསམ་བྱུང་། འོན་ཀྱང་ཆུ་ཚོད་བཞི་ཙམ་ཕྱིན་ཀྱང་ད་དུང་བང་སྒྲིག་ཐབས་མེད་པས། པ་ལགས་ཁྲིད་ནས་<Huaxin >སྨན་ཁང་ནང་ཕྱིན་པ་ཡིན། སྨན་ཁང་ནང་སྒུག་རིང་མི་དྲུག་གྲོངས་སོང་ལ་ཉལ་ཁྲི་སྟོང་པ་གཅིག་ཀྱང་མིན་འདུག  མི་མང་པོ་ཞིག་སྨན་ཁང་ནང་སྨན་བཅོས་མ་རག་པར་ཤི་རྒྱུ་སྒུག་བསྡད་པ་དང་གཅིག་པ་རེད་འདུག

ང་རང་པ་ལགས་སྐྱབས་འདོད་ཀྱང་། ཐབས་ཤེས་གང་ཡང་མེད་ནས་པ་ལགས་ཁྲིད་ནས་ནང་དུ་ཕྱིར་ལོག་བྱས་པ་ཡིན་ཅེས་བརྗོད་འདུག

དེ་བཞིན་པེ་ཅིང་ནས་ཡིན་པའི་བུད་མེད་ཕི་ལི་ཟེར་མཁན། ནམ་ཀུན་ཐད་གཏོང་ཐོག་མིང་གྲགས་ཡོད་མཁན་ཞིག་གིས། ང་ཉིན་མ་ལྔ་བསྟུད་མར་ཚ་བ་འབར་ནས་ཚ་བ་ཆེ་ཤོས་<42℃>བར་སླེབས་སོང་། ཁྱེད་ཚོས་ཤེས་སམ། ང་ཛ་དྲག་སྨན་ཁང་ནང་སླེབས་དུས། རྒན་ཁོག་མང་པོ་ཞིག་དང་གཞོན་སྐྱེས་ཁ་ཤས་བཅས། བང་སྒྲིག་ནས་བང་རིམ་ཨང་གྲངས་༣༩༦ ལ་སླེབས་འདུག པོ་ལགས་ཞིག་གིས་ང་ཞོགས་པའི་ཆུ་ཚོད་དྲུག་པ་ནས་ད་ལྟ་ཉིན་གུང་གི་ཆུ་ཚོད་༢ བར་སྒུག་ཀྱང་ད་དུང་སྨན་རག་མ་སོང་ལབ་སོང་།  སྨན་ཁང་ཕྱི་ནང་གི་ལས་ཀ་བྱེད་མཁན་ཚང་མ་ཨ་སྟོང་མང་པོ་རྒྱབ་ཀྱི་འདུག དེའི་ཐོག་ནས་ཁོ་ཚོ་ལ་ཉིན་མ་མང་པོ་ངལ་གསོ་མེད་པར་ལྷག་བསྡད་པའི་རྟགས་མཚན་གསལ་པོ་རེད་འདུག དེ་བཞིན་བུད་མེད་སྨན་པ་ཞིག་གིས་ང་ལ་ཁབ་བཙུགས་སྐབས། ཁོང་གི་ལག་པ་འདར་གྱི་འདུག ངས་ཁོང་ལ་བུ་མོ་ཁྱེད་ཏོག་ནད་འགོས་འདུག་གམ་ཞེས་དྲིས་སྐབས། མོས་ང་ལ་ཏོག་ནད་འགོས་ནས་ཉིན་ལྔ་ཕྱིན་སོང་ཟེར་གྱི་འདུག ངས་ཁྱེད་ཅི་ཕྱིར་ད་དུང་ནད་པ་ལྟ་ཡི་ཡོད་ཟེར་དུས། མོས། ང་ཚོ་ལ་ཐབས་ཤེས་མེད་ང་ཚོ་མུ་མཐུད་སོ་སོའི་ལས་གནས་ཐོག་ལས་ཀ་བྱེད་དགོས་ཞེས་བརྗོད་སོང་། གང་ལྟར་ཁོང་དང་ཁོང་ནང་བཞིན་གྱི་སྨན་པ་ཏོག་ནད་ཕོག་མཁན་ཚོས། ཏོག་ནད་འགོས་མཁན་ནད་པ་རྣམས་ལ་སྨན་བཅོས་བྱེད་ཀྱི་འདུག སྨན་ཁང་ནང་བང་ཆུ་ཚོད་ལྔ་དྲུག་སྒུག་མཐར་སྨན་ཉུང་ཉུང་ལས་རག་གི་མིན་འདུག་ཅེས་བརྗོད་འདུག

དེ་བཞིན་སྨན་མང་པོ་ཁོ་སྤྲོད་མི་ཐུབ་པའི་གནས་དོན་ཐད་ཕི་ལི་ཡིས། པེ་ཅིང་གཞུང་གི་གསལ་སྒྲགས་ནང་པེ་ཅིང་ལ་ཁྱོན་རྒྱ་སྒོར་ཁྲི་༣༥༠ ཡིས་སྨན་དང་སྨན་མཁོ་སྒྲུབ་ཆེད་བཏང་ཡོད་རབས་བརྗོད་འདུག གལ་ཏེ་དེ་ལྟར་ཡིན་ན་པེ་ཅིང་ནང་ཁྱོན་མི་འབོར་ཁྲི་༢༡༨༠ ཡོད་པས། གལ་ཏེ་མི་ཁྲི་༡༠༠ ལ་ཏོག་ནས་ཕོག་ན་མི་རེ་ལ་སྒོར་གསུམ་གྱི་སྨན་ཉོ་དགོས། སྨན་ཁང་དང་སྨན་སྦྱོར་ཁང་ནས་སྨན་ཙོང་སྲིད་དམ།

དེ་བཞིན་མོས་མུ་མཐུད་བརྗོད་དོན། སྨན་ཁང་ནང་སྐར་མ་བཅུ་ཙམ་རྗེས་ལ་མྱུར་སྐྱོབ་རླངས་འཁོར་རེ་སླེབས་ཀྱི་འདུག དེའི་ནང་ཡོད་པའི་པོ་ལགས་དང་རྨོ་ལགས་ཚང་མ་དབུགས་སུབ་ཐེབས་པ་དང་། དྲན་མེད་བརྒྱལ་བ། ངུ་སྒྲ་སྒྲོག་པ་དང་། ཁྲིའུ་འཁོར་སྟེང་སྐད་ངན་ཤོར་བ་སོགས་ཀྱི་གནས་སྟངས་འོག སྨན་པ་རྣམས་ཀྱི་ཕྱོགས་གཅིག་ནས་བང་སྒྲིག་མཁན་རྣམས་ལ་སྨན་བཅོས་དང་ཕྱོགས་གཞན་ནས་ནད་པ་ཛ་དྲག་ལ་སྨན་བཅོས་བྱས་ནས། སྨན་ཁང་ནང་ཟ་ང་ཟིང་ངེ་རེད་འདུག དེར་བརྟེན་ངས་ཁྱེད་རྣམས་ལ་ཞུ་རྒྱུར་གལ་ཏེ་ཁྱེད་རྣམས་ལ་སྨན་དེ་ཙམ་དགོས་མཁོ་མེད་ན། སྨན་ཁང་ནས་སྨན་མ་ལེན་པར། མི་གཞན་དགོས་མཁོ་ཡོད་པ་ལ་སྤྲད་རོགས་ཅེས་བརྗོད་འདུག

གཞན་ཡང་ད་ལྟའི་ཆར། རྒྱ་ནག་གྱི་སྨན་ཁང་ཕལ་ཆེ་བའི་ནང་བང་ཆུ་ཚོད་མང་པོ་རིང་སྒྲིག་དགོས་པ་དང་། བང་ཆུ་ཚོད་མང་པོ་སྒྲིག་པའི་མཐར། སྨན་མ་རག་པའི་དཀའ་ངལ་དང་སྨན་ཁང་ནང་ཕུང་པོ་མང་པོ་ལ་བདག་མེད་ངང་ལྷག་ཡོད་པ་དང་། མི་མང་པོ་གྲོངས་ནས་ཕུང་པོ་བཞག་ས་མེད་པ་དང་ཕུང་པོ་མེར་སྲེག་གཏོང་ཡུལ་ཡང་བང་སྒྲིག་དགོས་པའི་གནས་སྟངས་ཆགས་འདུག །

གསར་འགོད་པ་བདེ་སྒྲོན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།