བཀའ་ཤག་གིས་ཁ་མཆུ་ཨང་ཉི་ཤུ་པའི་བཅད་ཁྲ་དང་འབྲེལ་བའི་གསལ་བསྒྲགས་སྤེལ།

ཕྱི་ཟླ་༡༡ པའི་ཚེས་༡ ཉིན་གྱི་ཕྱི་དྲོ་བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་ཁ་མཆུ་དེ་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན།

ཕྱི་ཟླ་༡༠ ཚེས་༡༤ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་༢༠ པ་གྱོད་གཞི་མ་ཉེས་ཁག་གཡོགས་ཀྱི་མཐའ་མའི་བཅད་ཁྲ་བཏང་ཡོད་པ་དང་། རྩོད་ལན་པ་བཀའ་ཤག་གིས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་དགོངས་སེལ་དང་ཁོང་གི་ཁྲིམས་རྩོད་པར་གླ་ཆ་སྤྲོད་དགོས་ཀྱི་ཡོད་པའི་ཐག་གཅོད་བྱས་ཡོད་པ་རེད།

 ཕྱི་ཟླ་༡༡ པའི་ཚེས་༡ ཉིན་གྱི་ཕྱི་དྲོ་བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་ཁ་མཆུ་དེ་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། “ཕྱི་ལོ་༢༠༡༩ ཟླ་༡༠ ཚེས་༡༤ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་དེབ་འགོད་ཨང་༢༠ པའི་བཅད་ཁྲ་གསལ་བསྒྲགས་གནང་བ་དེ་བཞིན་འདོད་བློ་ཁེངས་པ་ཞིག་མ་བྱུང་བ་དང་། མི་མང་ཁྲོད་དུའང་ཐག་གཅོད་དེ་དྲང་བདེན་མ་བྱུང་བའི་བསམ་ཚུལ་དང་བློ་ཕམ་ཡོང་བཞིན་འདུག་ཀྱང་། སྒྲིག་འཛུགས་སྲ་བརྟན་དང་སྤྱི་ཚོགས་ནང་རྡོག་རྩ་གཅིག་བསྒྲིལ་དགོས་རྒྱུ་གལ་གནད་ཆེ་བས། གོང་གསལ་བཅད་ཁྲར་བརྩི་འཇོག་ཞུས་པ་དང་། སྤྱི་ཚོགས་ནང་ཞི་བདེ་ལྷིང་འཇགས་རྒྱུན་གནས་ཡོང་སླད་ཚང་མས་ཐུགས་སྣང་འགན་འཁུར་གཟབ་ནན་དགོས་པའི་འབོད་བསྐུལ་ཞུ་རྒྱུ་”འཁོད་འདུག ། བཅད་ཁྲིའི་གནས་ཚུལ་ཞིབ་ཕྲ་འདིར་གཟིགས།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།