བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད། ཐེག་པ་ཆེན་པོ་རྒྱུད་བླ་མའི་ཊཱིཀྐ ། ལམ་རིམ་འཇམ་དཔལ་ཞལ་ལུང་། གཏམ་ཚོགས།

བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད། ཐེག་པ་ཆེན་པོ་རྒྱུད་བླ་མའི་ཊཱིཀྐ ། ལམ་རིམ་འཇམ་དཔལ་ཞལ་ལུང་། གཏམ་ཚོགས།

བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་བྱས་པའི་དཔེ་དེབ།

བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད།

བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཅེས་པ་འདི་ནི་བརྒྱ་ཕྲག་ཉི་ཤུ་པའི་སྨད་ཆར་བྲག་གདོང་བཀྲས་གླིང་དབང་རྡོར་(༡༩༣༤ ལོར་འཁྲུངས་)ལགས་ནས་བརྩམས་པ་ཡིན་ཞིང་། བརྗོད་བྱ་དོན་གྱི་དབང་དུ་བྱས་ན་བརྒྱ་ཕྲག་ཉི་ཤུ་པའི་འགོ་སྟོད་ཀྱི་བོད་དབུས་གཙང་ཁུལ་གྱི་སྤྱི་ཚོགས་འཚོ་བ་དངོས་དང་ཤིན་ཏུ་མཐུན་པར་བཀོད་ཡོད། སྒྲུང་རྩོམ་འདི་ནི་བཀྲས་ཟུར་ཚང་ཞེས་ཁྱིམ་ཞིག་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡོད་དོ་ཅོག་ཏུ་གྱུར་པའི་གཏམ་རྒྱུད་དུ་འདས་ཟིན་པའི་བོད་རྙིང་པའི་སྤྱི་ཚོགས་ལ་འགྲེལ་པ་བྱས་ཡོད་ལ། གཏམ་རྒྱུད་ཀྱི་གཞུང་དེའང་མགོ་མི་གསོད་ནས་བཙུགས་ཏེ་མཇུག་མི་གསོད་དུ་རྫོགས་པ་དང་། འགོ་བྲོས་བྱོལ་ནས་བཙུགས་ཏེ་མཇུག་བྲོས་བྱོལ་དུ་རྫོགས་པར་བྱས་ཡོད། གཙོ་བོའི་མི་སྣ་རྣམས་ཀྱང་མི་གསོད་ཀྱི་འགལ་བའི་ཁྲོད་དུ་ཁྱིམ་དེའི་འཁོར་བའི་དཀྱིལ་འཁོར་དུ་གཅིག་ཏུ་འདུས་པ་དང་། སླར་མི་གསོད་ཀྱི་འགལ་བའི་ཁྲོད་དུ་འཁོར་བའི་དཀྱིལ་འཁོར་དེ་ནས་ནུབ་པར་བྱས།།

ཐེག་པ་ཆེན་པོ་རྒྱུད་བླ་མའི་ཊཱིཀྐ །

ཐེག་པ་ཆེན་པོ་རྒྱུད་བླ་མའི་ཊཱིཀྐ་འདི་ནི་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པ་ཞིག་སྟེ། ཡོངས་གྲགས་སུ་རྒྱུད་འགྲེལ་ཐམས་ཅད་ཀྱི་ནང་ནས་ཆེས་ཆ་ཚང་ལ་ཐག་ཆོད་པའི་འགྲེལ་པ་རྨད་དུ་བྱུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

ལམ་རིམ་འཇམ་དཔལ་ཞལ་ལུང་།

༧རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་ལམ་གྱི་རིམ་པའི་ཁྲིད་ཡིག་འདི་ནི་ལམ་རིམ་གཞན་དག་ལ་ལྟོས་ཏེ་ཅུང་རྒྱས་བསྡུས་འཚམ་ཞིང་གོ་བདེ་བའི་ཁྱད་ཆོས་ལྡན་པར་མ་ཟད། ལམ་རིམ་གསེར་ཞུན་མ་དང་འཇམ་དཔལ་ཞལ་ལུང་འདི་གཉིས་མདོ་ལུགས་རྐྱང་པར་གསུངས་ཡོད་སྟབས། དད་ལྡན་སེར་སྐྱ་སུ་ཞིག་ཡིན་ཡང་ཉམས་སུ་ལེན་པ་ལ་ཆ་རྐྱེན་གྱི་བཀག་རྒྱ་མེད་པ་སོགས་བག་ལྷོད་པོས་འཇུག་ཆོག 

གཏམ་ཚོགས།

ཕྱི་ལོ་༢༠༡༩ ལོའི་གཏམ་ཚོགས་འདོན་ཐེངས་༡ པོའི་ནང་ལ་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་ཀྱིས་བརྩམས་པའི་ཤིང་སྟག་སིམ་ལའི་ཆིངས་ཡིག་འཇོག་སྐབས་ཀྱི་རང་ཕྱོགས་མི་སྣའི་གནས་བབ་དང་ལོ་རྒྱུས། ཨ་འབྲུག་དཀོན་མཆོག་གིས་བརྩམས་པའི་སྙན་ངག་མེ་ལོང་དུ་སེམས་ཁམས་ཞིབ་འབྲིའམ་མྱོང་ཚོར་རྒྱས་འགྲེམས་བྱ་ཚུལ་ཇི་ལྟར་བསྟན་པའི་གནད་འགག་གླེང་བ། ཝ་ཐང་དབུ་རྒན་དམ་ཆོས་ཀྱིས་བརྩམས་པའི་སྒྲུབ་བརྒྱུད་ཀྱི་སྙིང་པོ་དཔལ་གྱ་བ་འབྲོང་ངུར་པ་རིམ་པར་བྱོན་པའི་རྣམ་པར་ཐར་པ་དང་ཐམས་ཅད་མཁྱེན་པར་འདྲེན་པའི་གྲུ་གཟིངས་ཞེས་བྱ་བ། དགེ་བཤེས་ངག་དབང་སྦྱིན་པས་བརྩམས་པའི་སྨར་ཁམས་ཉག་རེའམ་བྲག་གཡབ་སྨར་སྟོད་གཡའ་ཁང་རི་ཁྲོད་ཀྱི་ལོ་རྒྱུས། དགའ་ཤར་ནགས་ཤོད་ལྷ་རམས་པ་བློ་བཟང་ཕུན་ཚོགས་ཀྱིས་བརྩམས་པའི་སྔགས་ཡིག་ཀློག་ཐབས་ཀུན་གསལ་མེ་ལོང་། མཁན་པོ་ཀ༔བྲག་དངོས་གྲུབ་བསོད་ནམས་ཀྱིས་བརྩམས་པའི་ཀ༔བྲག་གནྡྷོའི་ཇོ་ཁང་གི་ལོ་རྒྱུས། གསོན་པོ་ཡིས་བརྩམས་པའི་བོད་ཁུལ་སློབ་གསོ་ཇི་ལྟར་དངོས་ཡོད་ཅན་དུ་གཏོང་བའི་སྐོར་ལ་དཔྱད་པ། བསྟན་འཛིན་ཆོས་གྲགས་ཀྱིས་བརྩམས་པའི་རཱ་མ་ཎའི་གཏམ་རྒྱུད་ཀྱིས་བོད་ཀྱི་རིག་གནས་དང་ལོ་རྒྱུས་རྩོམ་རིག་བཅས་ཀྱི་ཁོངས་ཆེན་པོར་ཐེབས་པའི་ཤུགས་རྐྱེན་གསལ་སྟོན་བཅས་ཡོད། །

གཏམ་ཚོགས་འདོན་ཐེངས་༢ པའི་ནང་དུ་སོ་རུ་དར་རྒྱས་ཀྱིས་བརྩམས་པའི་དུས་རབས་བརྒྱད་པ་དང་དགུ་པའི་ནང་གི་བོད་བཙན་པོའི་རྒྱལ་རབས་ཀྱི་བཀའ་གཙིགས་ཡི་གེའི་ཕྲད་ཀྱི་རྣམ་གཞག་སྐོར་ལ་དཔྱད་པ། ཨ་འབྲུག་དཀོན་མཆོག་གིས་བརྩམས་པའི་བོད་ཀྱི་སྐད་ཡིག་གི་གོ་བབ་ངོས་འཛིན་དང་འབྲེལ་བའི་དཔྱད་གླེང་། བྲག་གཡབ་ངག་དབང་བྱམས་པས་བརྩམས་པའི་རིག་གནས་གསར་བརྗེ་ཟེར་བའི་རྗེས་སུ་ཆུ་དབར་དགོན་པ་ཉམས་གསོ་མཛད་མཁན་དབེས་ར་བ་རྒན་བུ་ལོ། གཙང་ཕྲུག་སྟོབས་ལགས་ཀྱིས་བརྩམས་པའི་དེང་གི་ནག་ཆུ་ས་ཁུལ་ལ་འབྲོག་དང་། བྱང་། ཧོར། ནག་ཆུ་སོགས་འབོད་སྲོལ་རིམ་པར་བྱུང་བའི་འཕེལ་རིམ་སྙན་སྒྲོན། མཁན་པོ་ཀ༔བྲག་དངོས་གྲུབ་བསོད་ནམས་ཀྱིས་བརྩམས་པའི་གདོང་ཐོག་དགོན་གྱི་དགུ་གཏོར་ལྷ་འཆམ་ཆེན་མོ། ལི་ཐང་དབྱིག་གཉེན་གྱིས་བརྩམས་པའི་ཚད་མའི་སྐད་དོད་དང་དེའི་གོ་དོན་ལ་རགས་ཙམ་དཔྱད་པ། ཨཱཙཱརྱ་ཕུན་ཚོགས་རྣམ་རྒྱལ་གྱིས་བརྩམས་པའི་བོན་གྱི་རྟགས་སྒྲིལ་ལམ་ལུགས་སྐོར་གླེང་བ་བཅས་ཡོད་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།