བགྲོ་གླེང་ཚོགས་བརྡ།

༄༅།། སྤྱིར་༸རྒྱལ་བསྟན་རིན་པོ་ཆེ་དང་ཡང་སྒོས་བོད་བརྒྱུད་ནང་བསྟན་མི་ཉམས་གོང་འཕེལ་འབྱུང་བ་དང་། ལྷག་པར་རང་ཅག་ཆོས་བརྒྱུད་ཕན་ཚུན་དད་དམ་གཅིག་སྒྲིལ་གོང་འཕེལ་གཏོང་རྒྱུའི་དམིགས་ཡུལ་གཙོ་བཟུང་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་བཞེད་བསྒྲུབ་ཐབས་ལ་དམིགས་ཏེ།

༄༅།། སྤྱིར་༸རྒྱལ་བསྟན་རིན་པོ་ཆེ་དང་ཡང་སྒོས་བོད་བརྒྱུད་ནང་བསྟན་མི་ཉམས་གོང་འཕེལ་འབྱུང་བ་དང་། ལྷག་པར་རང་ཅག་ཆོས་བརྒྱུད་ཕན་ཚུན་དད་དམ་གཅིག་སྒྲིལ་གོང་འཕེལ་གཏོང་རྒྱུའི་དམིགས་ཡུལ་གཙོ་བཟུང་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་བཞེད་བསྒྲུབ་ཐབས་ལ་དམིགས་ཏེ། ད་ནས་བཟུང་ལོ་ལྟར་ཐེངས་རེ་ཆོས་བརྒྱུད་ཆོས་སྡེ་དང་བརྗོད་གཞི་རེ་མོས་ཀྱིས་ཚུགས་ཐབས་བྱ་རྒྱུའི་དེང་དུས་ལམ་ལུགས་དང་མཐུན་པའི་ཤེས་ཡོན་གོ་རྟོགས་བརྗེ་རེས་ཀྱི་འདུ་འཛོམས། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བགྲོ་གླེང་ཞེས་པ་ཞིག་བོད་རྒྱལ་ལོ་ ༢༡༤༢  ཟླ་ ༡  ཚེས་ ༡༡ ནས་ ༡༣ ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡ ནས་ ༣ བར་རྡ་ས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་འཚུག་འཆར་མཆིས་ཤིང། སྐབས་འདིའི་བརྗོད་གཞི་ཕར་ཕྱིན་ཡིན་པས། དགོན་སྡེ་སོ་སོར་ཚོགས་བརྡ་སྔོན་སོང་ལྟར། གྲྭ་བཙུན་གྲངས་འབོར་ ༥༠ ནས་ ༡༠༠ བར་ཡོད་པའི་ཆོས་སྡེ་ནས་མི་འགྲོ་ ༡ དང་། ༡༠༡ ནས་ ༥༠༠ བར་ཡོད་པ་ནས་ ༢། ༥༠༡ ནས་ ༡༠༠༠ བར་ནས་ ༣། ༡༠༠༡ ལས་མང་བ་ནས་ ༤ བཅས་ཆ་བགོས་བྱས་པ་གཞིར་བཟུང། སོ་སོའི་སྐུ་ཚབ་ཀྱི་མཚན་ཐོ་ཆོས་རིག་ལས་ཁུངས་སུ་ཕུལ་འབྱོར་མེད་པ་རྣམས་ནས་འདི་ཟླའི་ཚེས་ ༣༠ ནང་ཚུད་ངེས་འབུལ་ཡོང་བ་ཞུ། དེ་བཞིན་སྐུ་ཚབ་རྣམས་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་རྡ་སར་ཕེབས་འབྱོར་ཐུབ་པ་དགོས་ཤིང། བཞུགས་གནས་སྣེ་ལེན་ཁང་དུ་གོ་སྒྲིག་ཡོད་པས་རྡ་ཤོད་བབས་ཚུགས་སུ་འདི་གའི་ལས་བྱེད་ནས་སྣེ་ལེན་ཞུ་རྒྱུ་ལགས་པ་བཅས་ཡོངས་ཁྱབ་གསལ་བསྒྲགས་སུ།
ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༥ ལ།།
འབྲེལ་བ་བྱ་ཡུལ།
བློ་བཟང་ལགས། ༩༨༡༦༧༧༧༩༧༧
སྐལ་བཟང་ལགས། ༨༨༩༤༩༣༨༦༡༧
གཡང་འཛོམས་ལགས། ༩༨༡༦༧༨༡༨༤༢
ཚེ་དཔག་ལགས། ༩༨༠༥༠༧༤༥༨༤

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།