བདུན་གཅིག་ནང་སྐྱབས་བཅོལ་བ་༧༠༠ ལྷག་ཤི་ཡོད་འདུག
བདུན་ཕྲག་སྔོན་མའི་ནང། ཡུ་རོབ་ཏུ་སྐྱབས་བཅོལ་ཡོང་མཁན་གྲུ་གཟིངས་༣ ཁ་སྦུབ་ལོག་ནས་མི་གྲངས་༧༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་འདུག
བདུན་ཕྲག་སྔོན་མའི་ནང། ཡུ་རོབ་ཏུ་སྐྱབས་བཅོལ་ཡོང་མཁན་གྲུ་གཟིངས་༣ ཁ་སྦུབ་ལོག་ནས་མི་གྲངས་༧༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༩ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། ཡུ་རོབ་ཨི་ཊ་ལིའི་ལྷོ་ཕྱོགས་ལ་ཡོད་པའི་ལོ་བྷི་ཡའི་མཚོ་ནང་དུ། བདུན་ཕྲག་སྔོན་མའི་ནང། གཟའ་ལྷག་པ་དང་ཕུར་བུ། པ་སངས་བཅས་ཉིན་གྲུ་གཟིངས་ཁ་སྦུབ་ལོག་ནས། གཟའ་ལྷག་པ་ཉིན་ཁ་སྦུབ་ལོག་པའི་གྲུ་གཟིངས་ལས་མི་གྲངས་༡༠༠ ལྷག་བོར་རླག་སོང་ཡོད་པ་དང། རེས་གཟའ་ཕུར་བུ་ཉིན་མི་གྲངས་༥༥༠ ལྷག་བོར་རླག་སོང་ཡོད་འདུག དེ་བཞིན་རེས་གཟའ་པ་སངས་ཉིན་མི་གྲངས་༤༥ ཡི་ཤི་རོ་རྙེད་ཡོད་ཁར། བོར་བརླག་སོང་བའི་མི་གྲངས་གསལ་པོ་ཤེས་ཐུབ་མི་འདུག་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལྷན་ཚོགས་ཀྱིས། མི་གྲངས་༧༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་སྲིད་སྐོར་བརྗོད་ཡོད་འདུག་ཀྱང། མེ་ཌི་ཏྲེ་ནི་ཡན་རྒྱ་མཚོའི་འཚོལ་ཞིབ་དང་ཉེན་སྐྱོབ་ཚོགས་པས། མི་གྲངས་༩༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་སྲིད་སྐོར་བརྗོད་ཡོད་འདུག
ཨི་ཊ་ལའི་འབྲེལ་ཡོད་ལས་བྱེད་ཀྱིས། བདུན་སྔོན་མའི་ནང་སྐྱབས་བཅོལ་བ་མི་གྲངས་ཁྲི་༡༣ ཉེན་སྐྱོབ་བྱས་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།