བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ཐོག་ཟབ་སྦྱོང་།

ཟླ་འདིའི་ཚེས་༡༦ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ཕྱི་ལོ་ ༢༠༡༠ དང་ ༢༠༢༡ ལོའི་ལས་གཞི་གོ་སྤེལ་དང་ཚོགས་མི་ཐོ་འགོད་བྱེད་ཕྱོགས་སྐོར་གྱི་ཟབ་སྦྱོང་ཞིག་འཚོགས་ཡོད་པ་རེད།

ཟླ་འདིའི་ཚེས་༡༦ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ཕྱི་ལོ་ ༢༠༡༠ དང་ ༢༠༢༡ ལོའི་ལས་གཞི་གོ་སྤེལ་དང་ཚོགས་མི་ཐོ་འགོད་བྱེད་ཕྱོགས་སྐོར་གྱི་ཟབ་སྦྱོང་ཞིག་འཚོགས་ཡོད་པ་རེད།

ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག འཕྲོད་བསྟེན་དྲུང་ཆེ་དང་འབྲེལ་ཡོད་ལས་བྱེད་ཕེབས་ཡོད་པ་དང་། ཚོགས་ཞུགས་པ་ས་གནས་༣༣ གྱི་སྨན་པ་དང་སྨན་ཞབས་པ། ས་གནས་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་སོགས་ཁྱོན་མི་གྲངས་༤༠ ལྷག་མཉམ་ཞུགས་བྱས་འདུག

སྐབས་དེར་སྲིད་སྐྱོང་གིས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་བརྒྱུད་རིམ་སྐོར་གསུངས་སྐོར་དང་། འདི་ལོར་སྨན་བཅོས་ལྟ་སྐྱོང་ལས་གཞི་ནང་མཉམ་ཞུགས་གནང་མཁན་མང་དུ་སོང་ཡོད་པ་དང་།  མི་མང་མཉམ་ཞུགས་ཀྱི་གྲངས་འབོར་ལོ་རེ་བཞིན་འཕར་བར་གཞིགས་ཚེ་ལས་གཞི་དེ་མང་ཚོགས་ལ་ཕན་ཐོགས་ཀྱི་ཡོད་པ་མངོན་གསལ་ཡིན་པ་མ་ཟད། སྤྱིར་འཛམ་གླིང་གི་མི་འབོར་བརྒྱ་ཆ་༥༠ ཙམ་ལ་སྨན་བཅོས་ཀྱི་མཐུན་སྐྱེན་མེད་ཀྱང་། ང་ཚོ་བོད་མི་ཚོ་བཙན་བྱོལ་བའི་གནས་སྟངས་འོག་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་བཟོ་ཐུབ་པ་ནི་དགའ་སྤོབས་བྱེད་འོས་པ་ཞིག་དང་སྒོས་སུ་ལས་གཞི་དེ་ཚགས་ཚུད་དུ་གནང་རྒྱུར་གལ་ཆེན་ཡིན་སྐོར་གསུངས་སོང་།

སྲིད་སྐྱོང་གིས་ད་དུང་ཉེ་ལམ་ལྔ་དང་ལྔ་བཅུའི་ཚོགས་འདུ་དང་དེ་བཞིན་གཞིས་ཆགས་ཁག་ཏུ་ཕེབས་སྐབས་སྤྱི་ཚོགས་ཁྲོད་སེམས་ཁམས་ཀྱི་འཕྲོད་བསྟེན་བདེ་མིན་རྐྱེན་གྱི་རྐྱེན་གྱིས་ནང་མི་གཙོས་པའི་འབྲེལ་ཡོད་དག་ལ་ངལ་བ་འཕྲད་པའི་གནད་དོན་ཡོང་གི་ཡོད་པ་དང་། དེ་འབྲེལ་དཀའ་ངལ་སེལ་བར་སེམས་ཁམས་ཀྱི་སྨན་ཁང་འམ་(Mental Health Institute) ཆེད་འཛུགས་གནང་ཐུབ་ན་སྤྱི་ཚོགས་ཁྱོན་ལ་ཕན་ཐོགས་ངེས་ཡིན་པ་དང་། འདིར་ཕེབས་པའི་ས་གནས་འཕྲོད་བསྟེན་ཐོག་འགན་ཁུར་མཁན་དང་འཕྲོད་བསྟེན་ལས་ཁུངས་ནས་གནད་དོན་དེའི་ཐོག་བཀའ་བསྡུར་གནང་རྒྱུར་དགོངས་བཞེས་གནང་དགོས་སྐོར་དང་། དེ་སྔ་འཕྲོད་བསྟེན། དཔལ་འབྱོར། ཤེས་རིག རིག་གཞུང་སོགས་ཀྱི་ཐད་ལྔ་དང་ལྔ་བཅུའི་ཚོགས་འདུ་ཚོགས་པ་བཞིན་ལོ་རྗེས་མར་འཕྲོད་བསྟེན་རང་གི་ཐོག་ལ་དེ་ལྟར་འཚོགས་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པ་ལམ་སྟོན་གནང་སོང་།

འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས་ལས་གཞི་དེ་སྨན་བཅོས་འགན་བཅོལ་འམ་(Insurance) ལྟ་བུ་མིན་པར་མི་མང་གི་བདེ་རྩ་ཁོ་ནའི་ཆེད་དུ་ཡིན་སྐོར་གསུངས་པ་དང་ཆབས་ཅིག་ཏུ་ལས་གཞི་དེ་བརྒྱུད་ནས་འཕྲོད་བསྟེན་ལས་ཁུངས་དང་ས་གནས་འཕྲོད་བསྟེན་ལ་མ་དངུལ་ཕྲན་བུ་ཡོང་ཐབས་ཀྱི་དགོངས་པ་གང་ཡང་བཞེས་མྱོང་མེད་སྐོར། དེ་བཞིན་རང་དབང་ལྡན་པའི་རྒྱལ་ཁབ་གཞན་ཁག་ཏུ་ལས་གཞི་དེ་ལྟར་བཟོ་ཐུབ་ཀྱི་མེད་པ་དང་ང་ཚོའི་ངོས་ནས་དེར་སྤོབས་པ་ཞུ་འོས་ཤིག་དང་ཤུགས་སྣོན་བསྐྱོན་གོ་ཆོད་པ་ཡིན་སྐོར་གསུངས་སོང་།

ལས་གཞི་འགོ་འཛུགས་བྱས་ནས་བཟུང་ད་བར་མི་གྲངས་༡༠༣༩༠ ཙམ་ལ་སྨན་བཅོས་ཀྱི་ཁེ་ཕན་ཐོབ་ཡོད་པ་དང་།  ཚོགས་ཞུགས་ཀྱང་ལོ་རེ་བཞིན་འཕར་ནས་ད་ལྟའི་ཆར་ལས་གཞི་དེའི་ཁོངས་སུ་ཚོགས་མི་གྲངས་༢༧༤༩༦ ལྷག་ཡོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།