བལ་ཡུལ་དུ་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་འདུག

ཟླ་བ་འདིའི་ཚེས་༣༠ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན།  ཚེས་༢༩ ཉིན་གྱི་ཞོགས་པ་བལ་ཡུལ་གྱི་གནམ་གྲུ་ཞིག་གནམ་ཐོག་ནས་བོར་བརླག་སོང་ཡོད་པ་དང་།   གནམ་གྲུ་དེའི་ནང་ཁྱོན་བསྡོམས་མི་༢༢ ཡོད་འདུག

ཟླ་བ་འདིའི་ཚེས་༣༠ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན།  ཚེས་༢༩ ཉིན་གྱི་ཞོགས་པ་བལ་ཡུལ་གྱི་གནམ་གྲུ་ཞིག་གནམ་ཐོག་ནས་བོར་བརླག་སོང་ཡོད་པ་དང་།   གནམ་གྲུ་དེའི་ནང་ཁྱོན་བསྡོམས་མི་༢༢ ཡོད་འདུག  

གནམ་གྲུ་དེབ་སྐྱེལ་མཚན་རྟགས་(9N-AET) ཅན་ཞིག་ཡུལ་སྐོར་སྤྲོ་འཆམ་གྱི་གྲོང་ཁྱེར་པོག་ར་ནས་ཇོ་སོམ་ལ་འཕུར་ནས་སྐར་མ་ཁ་ཤས་རྗེས་གནམ་གྲུའི་སྟངས་འཛིན་ལས་ཁུངས་དང་འབྲེལ་བ་ཆད་ནས་བོར་བརླག་སོང་འདུག ཆུ་ཚོད་༢༠ རྗེས་ཏེ་ཚེས་༣༠ ཡི་ཞོགས་པ་རྙེད་ཡོད་པ་དང་། མཁའ་ལམ་སྐྱེལ་འདྲེན་གྱི་མགྲིན་ཚབ་པའི་དཔོན་གྱིས་ “གནམ་གཤིས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་ཡོད་ཀྱང་། གནམ་གྲུ་བརྡབ་སྐྱོན་བྱུང་སའི་ས་ཆ་འཚོལ་རྙེད་ཆེད་མྱུར་སྐྱོབ་རུ་ཁག་སྡེ་ཚན་གཅིག་གནམ་གྲུ་བརྡབ་སྐྱོན་བྱུང་སའི་ས་ཆ་ལ་འགྲོ་ཐུབ་པ་བྱུང་བ་དང་། ད་བར་ཁྱོན་མི་༡༤ ཡི་ཕུང་པོ་རྙེད་ཡོད་པ་དང་མུ་མཐུད་འཚོལ་ཞིབ་བྱེད་བཞིན་ཡོད་སྐོར་’’བརྗོད་འདུག

སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ་ལྟར་ན། གནམ་གྲུའི་ནང་ཁྱོན་སྡོམ་འགྲུལ་པ་༢༢ ཡོད་པ་ལས་རྒྱ་གར་བ་བཞི་དང་འཇར་མན་གྱི་མི་སེར་གཉིས། གནམ་གྲུའི་ལས་མི་གསུམ་དང་གཞན་ཚང་མ་བལ་ཡུལ་གྱི་མི་ཡིན་འདུག

སྤྱི་བཏང་ད་ཐེངས་ཙམ་མིན་པར་བལ་ཡུལ་ནང་གནམ་གྲུ་བརྡབ་སྐྱོན་གྱི་དོན་རྐྱེན་ཧ་ཅང་མང་པོ་འབྱུང་གི་ཡོད་པ་དང་། ༢༠༡༨ དང་༢༠༡༩ གཅིག་པུ་ལ་མི་གྲངས་༥༤ ཡི་ཚེ་སྲོག་ཤོར་ཡོད་པ་དང།  ལོ་བསྟུད་མར་གནམ་གྲུ་བརྡབ་སྐྱོན་མང་པོ་བྱུང་གི་ཡོད་པའི་རྒྱུ་རྐྱེན་ནི་རིའི་ས་བབས་ཆགས་ཚུལ་དང་། གནམ་གཤིས་འགྱུར་ལྡོག་ཧ་ཅང་ཆེན་པོ་འགྲོ་ཡི་ཡོད་པས་ཡིན་འདུག །

གསར་འགོད་པ་བདེ་སྒྲོན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།