བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་རྒྱ་གར་ཉེན་རྟོག་པའི་བཀག་ཉར།

ཟླ་འདིའི་ཚེས་༡ ཉིན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཁབ་འགོ་བཙུགས་ནས་ལོ་༧༠ འཁོར་བའི་ཉིན་མོ་ཡིན་པ་དང་། རྒྱ་ནག་གིས་རྒྱལ་སྟོན་དུས་ཆེན་ཞེས་ས་གནས་གང་སར་དུས་ཆེན་སྲུང་བརྩི་བྱེད་བཞིན་པའི་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པར་ངོ་རྒོལ་བྱེད་མཁན་ཚོ་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཏུ་རྒོད་མཆོང་བྱེད་ཐབས་བྱས་པར་བརྟེན། ལས་འགུལ་བ་༥༣ རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་ཡོད་པ་རེད།

གཞོན་ལྷན་ཚོགས་གཙོ་མགོན་པོ་དོན་འགྲུབ་ཀྱིས་ལས་འགུལ་དེའི་སྐོར་འགྲེལ་བརྗོད་གནང་དོན། “དེ་རིང་གི་ཉིན་མོ་འདི་ནི་རྒྱ་ནག་དམར་ཤོག་རྒྱལ་ཁབ་འགོ་བཙུགས་ནས་དུས་ཆེན་གལ་ཆེན་ཞིག་ཏུ་ཁོ་རང་ཚོས་ངོས་འཛིན་བྱས་ཏེ། རྒྱལ་ས་པེ་ཅིང་གཙོས་ས་གནས་གང་སར་སྤྲོ་སྐྱིད་ཀྱི་དུས་ཆེན་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བཙན་དབང་འོག་བོད་མི་ཚོར་འདོད་པ་མེད་བཞིན་དུ་བོད་ཀྱི་ས་གནས་ཚང་མར་སྲུང་བརྩི་བྱེད་བཅུག་གི་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་དུ། བོད་ནང་ད་ལྟ་རང་དབང་མེད་པ་དང་། བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་དེ་རྒྱ་ནག་གིས་བདག་བཟུང་བྱས་ཡོད་པ་མྱུར་དུ་སྤྲོད་དགོས་པའི་དགོས་འདུན་འོག ངོ་རྒོལ་སྐད་འབོད་བྱས་ཡིན་”ཞེས་གསུངས་སོང་།

ཁོང་གིས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་མཁན་ཚང་མ་མཉམ་རུབ་དགོས་སྐོར་གསུང་དོན། “ད་ལྟ་རྒྱ་ནག་གི་སྲིད་ཇུས་སྤྱི་དང་། བོད་ཐོག་བཟུང་བའི་སྲིད་ཇུས་ཡོངས་རྫོགས་ལ་ངོས་ལན་མེད་པའི་བརྡ་ལན་སྤྲོད་རྒྱུ་དང་། བོད་དང་། སོག་པོ། ཡུ་གུར། ཧོང་ཀོང་སོགས་རྒྱ་ནག་གི་བཙན་འཛུལ་འོག་ཡོད་པའི་མི་རིགས་ཡོངས་མཉམ་འབྲེལ་གྱིས་ལས་འགུལ་ག་རེ་སྤེལ་ཐུབ་མིན་སྐོར་ལ་ལན་སྤྲོད་ཆེད་ཡིན། དེ་བཞིན་དེ་རིང་གི་ཉིན་མོ་དེ་ཉི་ནག་ཅིག་ལ་ངོས་འཛིན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་ཨ་རིའི་ནུའུ་ཡོག་དང་ལྡི་ལི་གཙོས་ས་གནས་མང་པོར་ལས་འགུལ་སྤེལ་བཞིན་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།

ཐེངས་འདིའི་ལྡི་ལིའི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་མང་ཆེ་བ་མཐོ་རིམ་སློབ་མ་ཡིན་པ་དང་། རྒྱ་གར་ཉེན་རྟོག་པས་ཁ་སང་ནས་དོ་དམ་བྱས་ཡོད་ནའང་། ལས་འགུལ་བ་མང་པོ་ཞིག་རྒྱ་ནག་གཞུང་ཚབ་མདུན་དུ་བསླེབ་སྐབས་འཇུས་ཏེ་ད་ལྟའི་ཆར་ཚང་མ་བཀག་ཉར་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།