བོད་ཀྱི་གསར་འགོད་པའི་སྐོར་བསྐྱོད།
ཟླ་འདིའི་ཚེས་༡༨ ཉིན་ནས་བཞི་རིང་བོད་ཀྱི་གསར་འགོད་མཐུན་ཚོགས་དང་། མདུན་བཟང་ལམ་སྟོན་གཉིས་ཀྱི་གོ་སྒྲིག་འོག བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ལས་ཀ་བྱེད་མཁན་གྱི་གསར་འགོད་པ་དང་། རྩོམ་སྒྲིག་པའི་ཚོགས་ཆུང་ཞིག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སྐད་གྲགས་ཆེ་བའི་གསར་ཁང་ཁག་ཅིག་ལ་སྐོར་བསྐྱོད་དང་འབྲེལ། གསར་འགྱུར་བརྒྱུད་ལམ་ཐོག་ལས་དོན་བྱེད་ཕྱོགས་ལ་རྒྱུས་ལོན་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་༡༨ ཉིན་ནས་བཞི་རིང་བོད་ཀྱི་གསར་འགོད་མཐུན་ཚོགས་དང་། མདུན་བཟང་ལམ་སྟོན་གཉིས་ཀྱི་གོ་སྒྲིག་འོག བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ལས་ཀ་བྱེད་མཁན་གྱི་གསར་འགོད་པ་དང་། རྩོམ་སྒྲིག་པའི་ཚོགས་ཆུང་ཞིག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སྐད་གྲགས་ཆེ་བའི་གསར་ཁང་ཁག་ཅིག་ལ་སྐོར་བསྐྱོད་དང་འབྲེལ། གསར་འགྱུར་བརྒྱུད་ལམ་ཐོག་ལས་དོན་བྱེད་ཕྱོགས་ལ་རྒྱུས་ལོན་བྱས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༡༨ ཉིན་འགོ་འཛུགས་ཀྱིས་ཉིན་བཞིའི་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་གསར་ཁང་བདུན་གྱི་གསར་འགོད་པ་དགུས་ལྡི་ལིར་རྟེན་གཞི་བྱས་པའི་གསར་ཁང་བྷི་བྷི་སི་(BBC) དང་། སེ་ཨེན་ཨེན་ ཨེ་བྷི་ཨེན་ (CNN IBN) རྒྱ་གར་གྱི་ཚགས་པར་ཁྱབ་ཆེ་ཤོས་རྒྱ་གར་གྱི་དུས་བབ་(Times of India) རྒྱ་གར་གྱི་བརྙན་འཕྲིན་དང་རླུང་འཕྲིན་གྱི་འདུས་སྡེ་(ICMEI OFFICE ) ལས་ཁུངས་བཅས་ཀྱི་ནང་སྐོར་བསྐྱོད་དང་། གསར་ཁང་དེ་ཚོས་རྩོམ་སྒྲིག་པ་དང་གསར་འགོད་པ་སོགས་མཉམ་དུ་བརྒྱུད་ལམ་ཐོག་ལས་དོན་བྱེད་ཕྱོགས་ལ་གླེང་མོལ་བྱས་པ་དང་ལམ་སྟོན་ཞུས་ཡོད་པ་རེད།
རྒྱ་གར་གྱི་བརྒྱུད་ལམ་ཆེ་ཤོས་ཁག་ཅིག་ཏུ་བོད་མི་གསར་འགོད་པ་དང་རྩོམ་སྒྲིག་པའི་ལས་ཀ་བྱེད་མཁན་ཁག་ཅིག་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས་པའི་ནང་ནས། རྒྱ་གར་གྱི་བང་ཆེན་(India Express) རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་མཐོ་གྲས་ཟླ་བ་ལྷ་མོ་དང་། སྡེ་ཚན་རྩོམ་སྒྲིག་པ་བསྟན་འཛིན་སྣང་གསལ། པར་པ་བཀྲ་ཤིས་སྟོབས་རྒྱལ་བཅས་དང་། གསར་འགོད་པ་ཟུར་པ་དང་གློག་བརྙན་བཟོ་སྐྲུན་པ་བསོད་ནམས་ཚེ་བསྟན། གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་མཁས་འཕགས་བཅས་དང་མཉམ་དུ་བརྒྱུད་ལམ་ཐོག་ལས་དོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་བྱས་པ་དང་། ཁོང་ཚོས་བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཐོག་ལས་དོན་བྱེད་ཕྱོགས་ལ་མཐོང་སྣང་ག་རེ་བྱུང་མིན་སྐོར་སོགས་གླེང་སློང་བྱས་ཡོད་པ་རེད།
སྐོར་བསྐྱོད་དེའི་དམིགས་ཡུལ་གཙོ་བོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གསར་འགོད་བརྒྱུད་ལམ་ཐོག་ལས་ཀ་བྱེད་མཁན་ཚོའི་ནང་གསར་འགོད་པའི་ཆེད་ལས་སློབ་སྦྱོང་བྱེད་མཁན་ཉུང་ཉུང་ཡིན་པས། གསར་འགོད་རིག་པའི་གོ་རྟོགས་སྤེལ་ཆེད་དང་། རྒྱལ་སྤྱིའི་བརྒྱུད་ཁག་གི་ལས་ཁུངས་ལ་དངོས་སུ་བཅར་ཏེ་ལས་དོན་བྱེད་ཕྱོགས་མཐོང་ཆེད། དེ་བཞིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་བོད་མི་གསར་འགོད་པ་དང་རྩོམ་སྒྲིག་པའི་ལས་ཀ་བྱེད་མཁན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གསར་འགོད་བརྒྱུད་ལམ་ཐོག་ལས་ཀ་བྱེད་མཁན་ཚོའི་བར་འབྲེལ་ལམ་ཡོང་ཆེད་དུ་ཡིན་སྐོར་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་གསར་འགོད་པ་བསྟན་འཛིན་བཟང་མོས་འགྲེལ་བརྗོད་གནང་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།