བོད་ཀྱི་དཔེ་མཛོད་ཁང་ནས་དུས་དེབ་གསར་པ་ལ་རྒྱ་འདོན་སྤེལ་གནང་འདུག
ཟླ་༡༡ པའི་ཚེས་༩ ཉིན་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་ནས་དཔེ་དེབ་གསར་པ་ཁག་ཅིག་དབུ་འབྱེད་གནང་འདུག་པ་དང་། དེའི་ཁོངས་ནས་དུས་དེབ་གསར་པ་ལ་རྒྱའི་སྤྱིའི་འདོན་ཐེངས་དང་པོ་ཡང་དབུ་འབྱེད་གནང་སོང་།
ཟླ་༡༡ པའི་ཚེས་༩ ཉིན་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་ནས་དཔེ་དེབ་གསར་པ་ཁག་ཅིག་དབུ་འབྱེད་གནང་འདུག་པ་དང་། དེའི་ཁོངས་ནས་དུས་དེབ་གསར་པ་ལ་རྒྱའི་སྤྱིའི་འདོན་ཐེངས་དང་པོ་ཡང་དབུ་འབྱེད་གནང་སོང་།
ལ་རྒྱ་དུས་དེབ་ཀྱི་དཀར་ཆག་ནང་དུ་ཆོས་ལུགས་སྐོར་དང་། རྒྱུན་ཤེས། མི་སྣ་ངོ་སྤྲོད། རྩོམ་རིག ཚན་རིག འཕྲོད་བསྟེན་དང་འཚོ་བའི་ཤེས་བྱ། གཏམ་དཔེ། སྒྲུང་། གབ་ཚིག་བཅས་སྡེ་ཚན་མི་འདྲ་བ་ཁག་ཅིག་འདུག་པ་དང་། རྩོམ་སྒྲིག་སློབ་སྟོན་པ་ནི་དགེ་བཤེས་ལྷག་རྡོར་དང་ན་ག་སངས་རྒྱས་བསྟན་དར་གཉིས་ཡིན་ཁར། རྩོམ་སྒྲིག་འགན་ཁུར་བ་ནི་ཚེ་རིང་ནོར་བུ་དང་ཨཱཅཱརྱ་ཚེ་དབང་བུ་ཁྲིད་གཉིས་རེད་འདུག
དུས་དེབ་དེ་ནི་ཀུན་ལ་ཕན་ཐོགས་ཆེད་ཕྱི་ནང་གི་ཡོན་ཏན་སྤུངས་ས་ཞིག་ཡིན་པ་ལས་གསར་ཤོག་ལྟ་བུ་གནས་ཚུལ་གང་བྱུང་ཐམས་ཅད་འདོན་ས་ཞིག་མ་ཡིན། འདིའི་དམིགས་ཡུལ་ནི་དུས་དེབ་ཀྱི་མིང་ལས་གོ་ཐུབ་པ་ལྟར་བོད་ཀྱི་ལ་རྒྱའམ་རིགས་ཞེན་མཚོན་བྱེད་ཀྱི་སྣ་མང་རིག་གཞུང་གི་གལ་གནད་ངོ་སྤྲོད་དང་། དེང་གི་འཁྲུག་ཆ་དོད་པའི་སྤྱི་ཚོགས་ནང་བོད་མིའི་ལ་རྒྱ་སྲུང་སྐྱོབ་ཆེད་དགོས་མཁོ་ཆེ་བའི་ཕྱིའི་ཤེས་བྱ་ནང་འདྲེན་ལ་དམིགས་པ་ཞིག་ཡིན་ཞེས་གསུངས་འདུག
བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས་དུས་དེབ་ངོ་སྤྲོད་གནང་བའི་ནང་དུ། ད་ལམ་འདི་ག་བོད་ཀྱི་དཔེ་མཛོད་ཁང་ནས་ལ་རྒྱ་དུས་དེབ་དཔར་ཐེངས་དང་པོ་འདོན་སྤེལ་ཐུབ་པར་དགའ་སྤྲོ་ཚད་ལས་འདས། སྤྱིར་འདི་གའི་ལས་བྱེད་རྣམས་ལ་རང་འཁྲིའི་ཉིན་རེའི་བྱེད་སྒོ་ཀྲིག་ཅར་དུ་ཡོད་ཀྱང་འཆི་གསོན་ལ་ཐུག་པའི་བོད་ཀྱི་སྐད་ཡིག་དང་། དེ་དག་བརྒྱུད་ནས་ཐོན་པའི་བོད་ཀྱི་ལ་རྒྱའམ་སྲོལ་བཟང་དག་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གཅེས་སྲུང་བྱེད་རྒྱུ་ནི་ད་ལྟའི་མི་རབས་ཀྱི་ཕྲག་སྟེང་ལ་བབས་པའི་ལས་འགན་གཡོལ་དུ་མེད་པ་ཞིག་ཡིན་པར་སོང། མི་རིགས་ཀྱི་ཤ་ཞེན་དང་ལ་རྒྱའི་བདག་དབང་མ་ཤོར་བར་གོང་སྤེལ་གཏོང་བར་ཅུང་ཟད་ཕན་རེ་དང་བཅས་དུས་དེབ་འདི་འགོ་བཙུགས་པ་ཡིན། རྒྱལ་ཁབ་དང་ཡང་ན་སོ་སོའི་མི་རིགས་ཀྱི་ལ་རྒྱ་རྐུ་མ་ཤོར་བར་བྱེད་པ་ནི་རིག་གཞུང་ལ་དགའ་ཞེན་ཡོད་པའི་རྨང་གཞིའི་ཐོག་རང་ཉིད་ཀྱི་ལེགས་པའི་དགེ་མཚན་ཇི་ཡོད་གོང་དུ་སྤེལ་ནས་རྗེས་ལུས་ཀྱི་ཡུལ་གོམས་སོགས་སྤོང་ཐབས་བྱས་པ་དེ་ལ་ལ་རྒྱ་མ་ཤོར་བ་ཟེར་ཆོག་ཅིང་། དེ་དག་ལ་དགའ་ཞེན་ཡོད་ན་དེའི་དོན་དུ་གཏམ་དོན་བཟང་པོ་མ་ཤོར་བ་བྱེད་པའི་ལ་རྒྱ་རང་ཤུགས་ཀྱིས་འོང་བ་ཡིན།
ལ་རྒྱ་ནི་ཀུན་ལ་ཕན་ཐོགས་ཆེད་ཕྱི་ནང་གི་ཡོན་ཏན་སྤུངས་ས་ཞིག་ཡིན་པ་ལས་གསར་ཤོག་ལྟ་བུ་གནས་ཚུལ་གང་བྱུང་ཐམས་ཅད་འདོན་ས་ཞིག་མ་ཡིན། འདིའི་དམིགས་ཡུལ་ནི་དུས་དེབ་ཀྱི་མིང་ལས་གོ་ཐུབ་པ་ལྟར་བོད་ཀྱི་ལ་རྒྱའམ་རིགས་ཞེན་མཚོན་བྱེད་ཀྱི་སྣ་མང་རིག་གཞུང་གི་གལ་གནད་ངོ་སྤྲོད་དང་། དེང་གི་འཁྲུག་ཆ་དོད་པའི་སྤྱི་ཚོགས་ནང་བོད་མིའི་ལ་རྒྱ་སྲུང་སྐྱོབ་ཆེད་དགོས་མཁོ་ཆེ་བའི་ཕྱིའི་ཤེས་བྱ་ནང་འདྲེན་ལ་དམིགས་པ་ཞིག་ཡིན། ལྷག་པར་དུ་བོད་ཀྱི་སྟག་ཤར་གཞོན་པ་དང་སྨན་ཤར་བུ་མོ་ཕྱི་ནང་གི་ཤེས་བྱར་ནང་བྱན་ཆུད་པ་བྱས་ཏེ་བསམ་ཕོད་པ་དང་། ཤོད་ཕོད་པ། བྱེད་ཕོད་པའི་ཕོ་རྒོད་མོ་རྒོད་འགྱེལ་ས་ནས་ལང་ཐུབ་པ་ཞིག་དང་། སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོའི་མ་འོངས་མངོན་གཟིགས་ཀྱི་ལམ་སྟོན་སྙིང་ལ་བཅངས་ནས་བོད་ཀྱི་མེས་པོ་ཚོའི་བྱས་རྗེས་མ་བརྗེད་པ་བྱས་ཏེ་བོད་མི་རིགས་ཀྱི་ཐུན་མིན་གྱི་ཡ་རབས་སྤྱོད་བཟང་དང་སྙིང་སྟོབས་ཀྱི་དར་ཆ་དགུང་དུ་འདེགས་ཐུབ་པར་བློ་སྟོབས་སྤེལ་བའི་ཆེད་དུ་ཡིན་ཞེས་གསུངས་འདུག
བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་གནང་བཞིན་པའི་དུས་དེབ་གཞན་ཞིག་ནི་གཏམ་ཚོགས་དུས་དེབ་ཡིན་པ་དང་། དུས་དེབ་ནི་ཕྱི་ལོ་༡༩༨༡ ལོ་ནས་ད་བར་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱེད་བཞིན་ཡོད་པ་རེད། དུས་དེབ་དེ་ནི་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་རྙིང་ཤོས་གྲས་ཤིག་ཡིན་ཁར། བར་དུ་ལོ་༡༠ ཙམ་རིང་མཚམས་ཆད་ཡོད་ཀྱང་རྗེས་སུ་རྒྱུན་མཐུད་ནས་ད་བར་པར་སྐྲུན་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།