བོད་ཀྱི་བུད་མེད་ལྷན་ཚོགས་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཡིད་ཆེས་བརྟན་པོ་ཡོད།
ཟླ་༩ པའི་ཚེས་༡༠ ཉིན་དྷ་ས་མེག་གྷན་ལྷ་རྒྱལ་རིར་བཙན་བྱོལ་ནང་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་མི་ལོ་༣༥ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་བ་དང་། དེ་གར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་དང་། དམིགས་བསལ་སྐུ་མགྲོན་དུ་དྷ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་གཙོས། བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་དང་ཚོགས་མི། མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།
ཟླ་༩ པའི་ཚེས་༡༠ ཉིན་དྷ་ས་མེག་གྷན་ལྷ་རྒྱལ་རིར་བཙན་བྱོལ་ནང་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་མི་ལོ་༣༥ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་བ་དང་། དེ་གར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་དང་། དམིགས་བསལ་སྐུ་མགྲོན་དུ་དྷ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་གཙོས། བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་དང་ཚོགས་མི། མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།
དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཉིན་དེར་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་འཁོད་དོན། “དེ་རིང་ཕྱི་ལོ་༢༠༡༩ ཟླ་༩ ཚེས་༡༠ ཉིན་དགའ་སྤོབས་ཆེན་པོས་བཙན་བྱོལ་ནང་བོད་ཀྱི་བུད་མེད་ལྷན་ཚོགས་སླ་ གསོ་བྱུང་སྟེ་མི་ལོ་༣༥ ཧྲིལ་པོ་འཁོར་བ་དང་འདས་པའི་ལོ་ཡུན་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བྱས་རྗེས་དང་གྲུབ་འབྲས་ རྣམས་སྲུང་བརྩི་ཞུ་རྒྱུ་དང་། དེ་དང་དུས་མཚུངས་ང་ཚོས་ཡིད་སྐྱོའི་ངང་ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན་བུད་མེད་གཙོ་བོར གྱུར་པའི་བོད་མི་སྟོང་ཕྲག་མང་པོས་རྒྱའི་དྲག་པོའི་བཙན་འཛུལ་ལ་སྙིང་སྟོབས་ཆེན་པོས་གདོང་ལེན་གནང་སྟེ་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཡོད་ཚད་བློས་བཏང་གནང་བར་རྗེས་དྲན་ཞུ་རྒྱུ་ཡིན། རྒྱ་ནག་དམར་ཤོག་གི་ཆེས་གདུག་རྩུབ་ཆེ་བའི་དྲག་ གནོན་གྱི་དབང་བསྒྱུར་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་བཟོད་ཐབས་བྲལ་ཞིང་ཆེས་དྲག་གནོན་ཆེ་བར་འགྱུར་ཡོད་”ཅེས་དང་། དེ་བཞིན་བུད་མེད་ལྷན་ཚོགས་ནས་བོད་ཀྱི་ཆོས་རིག་གོང་འཕེལ་དང་། བུད་མེད་རྣམས་ལ་ཤེས་ཡོན་དང་ནུས་སྟོབས་གོང་འཕེལ་སླད་སྦྱོང་བརྡར། ལས་ཀའི་གོ་སྐབས་ཞན་པའི་བུད་མེད་ཚོར་འཚེམ་བུའི་ལག་ཤེས་སྦྱོང་བརྡར། བོད་པའི་བཙུན་མ་རྣམས་ལ་ནུས་སྟོབས་གོང་འཕེལ་དང་འགན་ཁུར་སྣེ་ཁྲིད་ཀྱི་ཟབ་སྦྱོང་། ཁྱིམ་ཚང་ཉམ་ཐག་རྣམས་ལ་འཚོ་སྣོན། ཕྲུ་གུ་གསུམ་ལས་མང་བའི་ཁྱིམ་ཚང་ལ་ལེགས་སྐྱེས། རྒྱལ་སྤྱིའི་ནང་གི་ཚོགས་འདུ་དང་ཟབ་སྦྱོང་འདྲ་མིན་ལ་མཉམ་ཞུགས་སོགས་བྱེད་བཞིན་པའི་ལས་དོན་སྐོར་ལ་འཁོད་འདུག པ་དང་།
“བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་བརྟན་པོ་ཡོད་པའི་ཐོག་རྒྱ་ནག་དབུ་ཁྲིད་ཚོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་དུ་ཕྱིར་བཤོལ་མེད་པའི་ཐོག་བོད་རྒྱ་ཞི་མོལ་སླར་གསོ་ཡོང་བར་ནན་སྐུལ་ཞུ་རྒྱུ་ཡིན།དེ་རིང་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་ལོ་ངོ་༣༥ འཁོར་བའི་ཉིན་མོར། ང་ཚོས་གཞོན་སྐྱེས་ཀྱི་ ཤེས་ཡོན་དང་ནུས་སྟོབས་གོང་དུ་སྤེལ་རྒྱུར་སླར་ཡང་ཁས་ལེན་དམ་བཅའ་ཞུ་བ་དང་། སྤྱིར་བོད་པའི་སྤྱི་ཚོགས་དང་ཡང་སྒོས་སུ་ བུད་མེད་རྣམས་ལ་ཕོ་མོ་ཁྱད་མེད་དང་ཁྱིམ་ཚང་ནང་གི་གནོད་འཚེ་མི་ཡོང་བའི་བདེ་འཇགས་དང་ཞི་བདེ་ལྡན་པའི་སྤྱི་ཚོགས་ཤིག་ བསྐྲུན་རྒྱུར་གྲོས་འཅར་འབུལ་བ་དང་། མི་མང་ལ་ཤེས་ཡོན་དང་གནོད་འཚེ་ཕོག་པའི་མི་སྒེར་ལ་ཁྲིམས་ལུགས་ཀྱི་གཞོགས་འདེགས་བརྒྱུད་ང་ཚོས་ཉེན་ཁ་མེད་པའི་ཞི་བདེ་ལྷིང་འཇགས་ཀྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ངེས་ཡིན།” ཞེས་འཁོད་འདུག
དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་གྱིས་གསར་འགོད་པ་ཚོའི་དྲི་བའི་ལན་དུ། ད་བར་བུད་མེད་ནུས་སྟོབས་གོང་འཕེལ་གྱི་ལས་གཞི་དེ་གྲུབ་འབྲས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ད་དུང་ཡང་ལས་དོན་མཇུག་སྐྱོང་དགོས་པ་མང་པོ་ཡོད་བཞིན་དུ་སྤྱི་ཚོགས་ནང་དུ་ཕོ་མོ་དབྱེ་འབྱེད་མེད་པ་བཟོ་ཆེད་དུ་ལས་དོན་སྤེལ་དགོས་པ་མང་པོ་ཡོད་པ། དེ་བཞིན་འབོད་སྐུལ་དུ་བོད་མི་རྣམས་ཀྱིས་ཁ་ནས་ཙམ་མ་ཡིན་པར་དངོས་སུ་༧གོང་ས་མཆོག་གི་བཀའ་སློབ་ལག་ལེན་བསྟར་དགོས་པ། བོད་ཀྱི་བུད་མེད་ན་གཞོན་མཐོ་སློབ་ཐོན་པ་དང་ཤེས་ཡོན་ཡོད་པ་རྣམས་བུད་མེད་ལྷན་ཚོགས་སུ་ལས་ཀ་བྱེད་པར་ཡོང་བའི་རེ་སྐུལ་བྱེད་ཀྱི་ཡོད་སྐོར་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།