བོད་ཀྱི་ལོ་རྒྱུས་སྐོར་ལ་འགུལ་བརྙན་བཟོ་འཆར་འདུག 

ཡུ་ཊོབ་དྲ་ལམ་ཞིག་གིས་བོད་ཀྱི་ལོ་རྒྱུས་སྐོར་ལ་ལེ་ཚན་བརྒྱད་ལྡན་པའི་འགུལ་བརྙན་བཟོ་འཆར་འདུག་པ་དང་། དེའི་ནང་ཕྱི་ལོ་༦༠༠ ནས་ད་བར་གྱི་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་བྱེད་འཆར་ཡོད་པ་རེད་འདུག 

ཡུ་ཊོབ་དྲ་ལམ་ཞིག་གིས་བོད་ཀྱི་ལོ་རྒྱུས་སྐོར་ལ་ལེ་ཚན་བརྒྱད་ལྡན་པའི་འགུལ་བརྙན་བཟོ་འཆར་འདུག་པ་དང་། དེའི་ནང་ཕྱི་ལོ་༦༠༠ ནས་ད་བར་གྱི་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་བྱེད་འཆར་ཡོད་པ་རེད་འདུག 

ཡུ་ཊོབ་གྱི་དྲ་ལམ་(Armchair Academics) ཞེས་པ་དེས། འགུལ་རིས་ཀྱི་ལམ་ནས་བོད་ཀྱི་ལོ་རྒྱུས་བཤད་པ་(The Animated History of Tibet) ཞེས་པའི་འགུལ་བརྙན་བཟོ་འཆར་འདུག་པ་དང་། ལས་འཆར་དེའི་ནང་དུ་སྐར་མ་༢༠ ཅན་གྱི་འགུལ་བརྙན་ལེ་ཚན་མི་འདྲ་བ་བརྒྱད་བཟོ་རྒྱུ་ཡིན་འདུག 

དེ་ཡང་ལེ་ཚན་དེ་དག་ནང་དུ་དངོས་སུ་བྲིས་པའི་རི་མོ་དང་ས་ཁྲ། འགུལ་བརྙན། ཡུ་རོབ་དང་ཨ་རི་ཁུལ་གྱི་གཙུག་ལག་སློབ་གཉེར་ཁང་ཁག་ནས་བོད་རིག་པ་གཙོ་བོ་ཁག་ཅིག་ལ་བཅར་འདྲི་སོགས་ཀྱི་ལེ་ཚན་འཇུག་འཆར་ཡོད་ཁར། ལེ་ཚན་དེ་དག་ཡུ་ཊོབ་དྲ་ལམ་ཐོག་ཏུ་དབྱིན་སྐད་ཐོག་རིན་མེད་ངང་བལྟ་རྒྱུ་ཡོད་པ་བཟོ་འཆར་འདུག གལ་ཏེ་ཁོང་ཚོས་དཔལ་འབྱོར་འདུ་འགོད་ཀྱི་དམིགས་ཚད་ལོན་ཚེ། བོད་སྐད་སྒྲ་འཇུག་ཀྱང་བྱེད་འཆར་འདུག་པ་དང་། རྒྱ་ཡིག་གི་མཆན་ཡིག་ཀྱང་འདམ་ག་ཡོད་པ་བཟོ་འཆར་འདུག 

ལེ་ཚན་དེ་དག་གི་རྩོམ་པ་པོ་དང་བཀོད་ཁྲིད་པ་ནི་ཨཱེ་ལེག་ཛན་ཀྲེར་ཀེ་སིམེ་ཐ་(Alexander K. Smith) ཡིན་འདུག་པ་དང་། ཁོང་ཧྥ་རན་སིའི་པཱེ་རི་སེ་གཙུག་ལག་སློབ་གཉེར་ཁང་ནས་བོད་དང་ཧི་མ་ལ་ཡའི་རིག་གནས་ཐོག་འབུམ་རམས་པ་ཐོན་ཡོད་ཁར། དབྱིན་ཡུལ་གྱི་ཨོག་སེ་ཧྥེ་ཀྲ་གཙུག་ལག་སློབ་གཉེར་ཁང་ནས་བོད་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་ཐོན་ཡོད་འདུག 

དེ་ཡང་ལེ་ཚན་ཁག་གི་ནང་དུ་བོད་ཀྱི་རྒྱལ་སྲིད་དར་འཕེལ། བོད་ཀྱི་རྒྱལ་སྲིད་ཀྱི་དབང་ཤུགས་རྩེ་མོ་དང་ཉམས་རྒུད། བོད་ཀྱི་ལོ་ནག་དང་བསྐྱར་དར། དེ་ནས་ས་སྐྱ་པ་སོགས་ཀྱིས་སྲིད་དབང་འཛིན་པའི་ལོ་རྒྱུས། དུས་རབས་བཅོ་བརྒྱད་པའི་རྒྱ་ནག་གི་ཆིང་རྒྱལ་རབས་དང་བོད། དབྱིན་ཇིས་བོད་ལ་བཙན་འཛུལ། བོད་ས་མ་ཤོར་བའི་སྔོན་གྱི་དེང་རབས་ལོ་རྒྱུས་སོགས་ཡོད་ཁར། དེ་བཞིན་ལེ་ཚན་འཕར་མ་ཞིག་ལ་རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐོར་འགུལ་བརྙན་བཟོ་འཆར་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།